༄༅།།ལོ་རྒྱུས་མེ་ལོང་རང་གསལ།
 
༄༅།།ད་ལོའི་ནོ་པེལ་རྩོམ་རིག་བྱ་དགའ་འཇར་མན་གྱི་བུད་མེད་སྙན་ངག་པ་ཧིར་ཐ﹒མོའུ་ལུར་ལ་ཐོབ་པ།
སྤེལ་དུས། 2009-10-23    ཡོང་ཁུངས་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།      རྩོམ་པ་པོ།
 

            
    
ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་སྤེལ་མ་ཐག་པའི་གནས་ཚུལ་ལྟར་ན། ༢༠༠༩ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་འཇར་མན་ནས་ཡིན་པའི་རོ་མ་ཉི་ཡ་བའི་བུད་མེད་རྩོམ་པ་པོ་ཧིར་ཐམོའུ་ལུར(Herta Muller)ལགས་ལ་ཐོབ་པ་དངོས་སུ་བསྒྲགས་འདུག ནོ་པེལ་རྩོམ་རིག་བྱ་དགའི་དཔྱད་འདེམས་ཚོགས་པས་མོས་ནིསྙན་ངག་གི་ཐབས་རྩལ་དང་ལྷུག་རྩོམ་གྱི་དངོས་ཉམས་ལ་བརྟེན་ནས་ཅི་ཡང་མེད་ལ་གང་གིས་ཀྱང་སྟོང་བའི་སྐྱེ་བོ་དག་གི་འཚོ་བ་མཚོན་པར་བྱས་འདུགཅེས་གདེང་འཇོག་མཛད་ཡོད་ལ་མོས་སེམས་ཐག་ཆོད་པོས་ལམ་ལུགས་སྒེར་གཅོད་པའི་སྐྱོན་མཚང་དང་ནག་ཉེས་བྲུས་པས་ཐེངས་འདིའི་བྱ་དགའ་དེ་ཐོབ་པ་ཡིན་འདུག

     མོའུ་ལུར་ལགས་ནི་ད་ལོ་དགུང་གྲངས་༥༦ལ་སོན་ཡོད་པ་དང་། ༡༩༥༢ལོར་རོ་མ་ཉི་ཡ་ནས་སྐུ་འཁྲུངས་ཤིང་༡༩༨༧ལོར་འཇར་མན་དུ་གནས་སྤོས། ༡༩༨༢ལོར་མོས་རང་གི་བརྩམས་ཆོས་ཐོག་མ་སྟེ་ཁ་བྱང་ལ<<ས་དམའ་མོ>>ཞེས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་པར་བར་རོ་མོ་ཉི་ཡའི་གཞུང་ཕྱོགས་ཀྱིས་དག་ཐེར་བྱས་པ་དང་ནང་དོན་མང་པོ་ཉུང་འཕྲི་བྱས། ༡༩༨༤ལོར་འཇར་མན་ནས་སླར་ཡང་དེབ་དེ་ཆ་ཚང་བ་པར་དུ་བསྐྲུན། རོ་མ་ཉི་ཡའི་འཇར་མན་སྐད་བཤད་སའི་ཚོ་ཁག་ཆུང་བ་ཉིད་བརྗོད་བྱར་བྱས་པའི་དེབ་དེར་ཀློག་པ་པོས་མང་པོས་བསྟོད་པའི་མཐེ་བོང་བསྒྲེངས་པ་དང་མང་མང་གིས་དབུགས་ཐེངས་གཅིག་གིས་བཀླགས་ཚར་བར་བྱས། དེའི་རྗེས་སུ་མོས་རོ་མ་ཉི་ཡ་ནས<<བརྙས་བཅོས་ཐེབས་པའི་ཐན་ཀི་ཞབས་བྲོ>>ཞེས་པའི་བརྩམས་སྒྲུང་ཞིག་སྤེལ། ཡིན་ནའང་མོ་ལ་གཞུང་ཕྱོགས་ཀྱི་ཉེན་རྟོག་པས་ཡང་ནས་ཡང་དུ་བར་ཆད་བྱས་པས་མོ་དང་སྐུ་ཟླ་གཉིས་གནས་དེར་ཁ་བྲལ་ཏེ་འཇར་མན་ནས་གཏན་སྡོད་བྱས། མོའི་བརྩམས་ཆོས་ཀྱིས་རོ་མ་ཉི་ཡ་བའི་ཡ་ང་བའི་གནས་བབས་བྲིས་ཡོད་ཅིང་མཚོན་བྱེད་དུ<<རང་ལ་དབང་བ་ཚང་མ་ངས་བདག་གིར་བྱས་ཡོད>>ཅེས་པ་དང་། <<འོད་ལོའི་ཕ་རོལ་ཏུ>>ཞེས་པ། <<གཙང་བོ་དྲག་ཏུ་བཞུར་བ>>ཞེས་པ། <<དུས་དེར་ཝ་མོ་ནི་རྔོན་པའོ>> ཞེས་པ། <<དུས་ཆད>>ཅེས་པ་སོགས་ཡོད། མོའི་བརྩམས་ཆོས་ཀྱི་དེབ་ད་སྔ་བར་ཀྲུང་གོ་ནས་པར་སྐྲུན་བྱས་པ་མེད་ནའང་ཐེ་ཝན་དུ<<རླུང་ནང་གི་ལི་ཤིང་ཏོག་ལྗང་ཁུ>>ཞེས་པ་རྒྱ་ཡིག་ཏུ་བསྒྱུར་ཡོད་འདུག

           ཐེངས་འདིར་མོ་ལ་ན་ནིང་ལྟར་སུའེ་ཏེན་གྱི་དངུལ་བྱེ་བ་གཅིག་གི་བྱ་དགའི་གསོལ་རས་ཐོབ་ཡོད།

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060