༄༅།།དམངས་སྲོལ་པད་མའི་དོ་ར།
 
༄༅།།བུད་མེད་ཚོས་བདེ་སྲུང་ཐད་དོ་འཇོག་བྱེད་དགོས་པའི་གནས་དོན་ཁག་བཞི།
སྤེལ་དུས། 2009-06-29    ཡོང་ཁུངས་། 《བོད་ལྗོངས་ཀྱི་ཚན་རྩལ་ཚགས་པར》ལས།    རྩོམ་པ་པོ། ཤེས་དཀར་གྱིས།
  གཅིག    སེམས་ནང་སྐད་ཆ་ཉར་ནས་སྡོད་རྒྱུ་མེད།
  
འཇར་པན་གྱི་སེམས་ཁམས་རིག་པ་མཁས་པ་ཅན་ཞིག་གིས་ལོ་༢༤ཙམ་སོན་པའི་བུད་མེད་༥༧༠༠ལ་རྗེས་འདེད་བརྟག་དཔྱད་བྱས་པ་བརྒྱུད་དེའི་ཁྲོད་ཀྱི་ལོ་ན་ཆུང་བའི་བུད་མེད་ཕྱེད་ཀ་ཙམ་གྱིས་རྒྱུན་དུ་རང་གི་བཟའ་ཟླ་དང་གྲོགས་པོ་ཚོར་རང་གི་སེམས་ནང་གི་སྡུག་བསྔལ་དང་མི་སྐྱོད་པ་དུས་ཐོག་ཏུ་ངུ་འབོད་བྱེད་པས་ཁོང་ཚོའི་ལུས་སེམས་བདེ་ཐང་གང་སྤྱི་ཡག་པོ་ཡོད།དེ་ལས་ལྡོག་སྟེ་དེའི་ཁྲོད་ཀྱི་བུད་མེད་སུམ་ཆའི་གཅིག་སེམས་མི་སྐྱིད་པ་དང་ཁོང་ཁྲོ་ལངས་སྐབས་ཆང་རག་འཐུང་བ་དང་ཐ་མག་འཐེན་པ།ཡང་ན་གཉིད་ཁུག་སྨན་ལ་བརྟེན་ནས་རང་སེམས་ཀྱི་སྡུག་བསྔལ་ཞི་ཐབས་བྱེད་པས་བུད་མེད་དེ་དག་ལ་ཚད་གཞི་མི་འདྲ་བའི་དབང་རྩ་ཉམས་པའི་ནད་ཕོག་དང་ཟླ་མཚན་མི་སྙོམ་པ།ཁྲད་ཤེད་མཐོ་བའི་ནད་ཕོག་ཡོད་པ་ཤེས་རྟོགས་ཐུབ་ཡོད།གནང་ཚུལ་དེའི་ཐོག་ནས་སེམས་ནང་ལ་སྐད་ཆ་ཉར་ནས་མ་བསྡད་པར་དེ་མར་བཤད་ན་དེའང་བདེ་སྲུང་གི་བྱ་ཐབས་ཤིག་ཡིན་པ་རེད།

  གཉིས།    བུད་མེད་ཚོའི་ལུས་ཏུ་དབང་རྩ་དང་ཁྲག་རྩའི་ནུས་པ་སྙོམ་སྒྲིག་བྱེད་པའི་སྐུལ་རྒྱུ་རིགས་གཉིས་ཡོད་དེ
    
དབང་རྩར་རང་སློང་དང་ཁྲག་རྩ་འཐེན་འཁུམ་བྱེད་མཁན་གྱི་མཁལ་སྒོའི་རྨེན་རྩི་དང་མཁུལ་མའི་སྐུལ་རྒྱུ་སོགས་དང་དྭངས་ཁྲག་སྐུལ་རྒྱུ་སོགས་ཡོད།ནམ་རྒྱུན་དགོད་གཏམ་བཤད་རྒྱུར་དགའ་བའི་བུད་མེད་ཚོའི་ཟུངས་ཁྲག་ནང་དྭངས་ཁྲག་སྐུལ་རྩི་དང་མཁལ་སྒོའི་རྨེན་རྩི་འདུས་ཚད་མང་པོ་ཡོད་པས་བུད་མེད་དེ་དག་གི་གཤིས་རྒྱུད་འཇམ་མི་དང་མཐུན་པ།སེམས་ཡིད་མུག་དང་ཁོང་ཁྲོ་སོགས་ནང་གནས་པའི་ཁོམ་པ་ཉུང་བས་ཁོང་ཚོའི་ལུས་སེམས་བདེ་ཐང་ཡིན།
   
གསུམ།   དོན་ངོས་འཚོ་བའི་ནང་བུད་མེད་རིགས་ནི་སྐྱེས་པ་དང་མི་འདྲ་བར་རླུང་ལངས་མ་ཐག་ངུ་འབོད་བྱེད་སླ་པོ་ཡོད་པས་ཁོང་ཚོའི་སེམས་ནང་གི་སྡུག་བསྔལ་དང་དངངས་སྐྲག་སྐབས་འཕྲལ་ཕྱིར་འཕྱུང་ཐུབ་པས་ནད་གཞི་ཕོག་ཉུང་བ་ཡོད།ཨ་རིའི་སྣ་རིག་མཁས་པས་ཞིབ་འཇུག་བྱས་པ་བརྒྱུད་མི་རྣམས་རྣམ་ཀུན་སེམས་སྦུག་དོག་པའི་སྐབས་ལུས་པོའི་ནང་གནོད་ཅན་སྐྱེད་དངོས་གསོན་ཤུགས་གྲུབ་ཆ་ཞིག་ཐོན་པས་དེའི་སྐབས་སྐད་ཤུགས་ཆེན་པོས་ངུ་ཤར་བརྒྱབ་སྟེ་སེམས་ཀྱི་ཡིག་མུག་ཞི་ནས་གནོད་ཅན་དངོས་རྒྱུ་ཇེ་ཉུང་དུ་སོང་ནས་བདེ་ཐང་ལ་ཕན་པ་ཡོད་པར་ར་སྤྲོད་བྱས་ཡོད།དེར་བརྟེན་སེམས་མི་སྐྱིད་པ་དང་སེམས་སྡུག་ཆེ་བའི་སྐབས་རང་གཅིག་པུར་སྐད་ཤུགས་ཆེན་པོས་ངུ་ཤར་བརྒྱབ་ནས་སེམས་ཀྱི་སྡུག་བསྔལ་ཞི་བར་འགྱུར།
     
བཞི།     གཞན་ཡང་ལང་ཚོ་དར་ལ་བབས་པའི་གཞོན་ནུ་མ་ཚོའི་ཟླ་མཚན་མི་སྙོམ་པ་དང་སེམས་དངངས་སྐྲག་ཆེ་བའི་དབང་གིས་ལྟོའི་དང་གཉམས་པས་རྒྱུན་དུ་ཁ་ཚ་བ་སོགས་ངར་སློང་རང་བཞིན་གྱི་ཟས་རིགས་ཙག་ཙིག་བཟའ་རྒྱུར་དགའ་བས་རང་བཞིན་གྱིས་ཟས་ཙག་ཙིག་བཟའ་བའི་གོམས་གཤིས་འཇགས་ཡོད།དེ་ལྟ་བུའི་གོམས་གཤིས་འཇགས་པ་དེས་བུད་མེད་ཚོའི་བདེ་ཐང་སྲུང་སྐྱོབ་ལ་ཕན་ཆེ་བ་དང་རང་གི་ལུས་ལ་མཁོ་བའི་འཚོ་བཅུད་ཀྱི་དགོས་མཁོ་བསྐོངས་ཐུབ་ཡོད། 

 

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060