༄༅།།དམངས་སྲོལ་པད་མའི་དོ་ར།
 
༄༅།། སྤྱི་ཟླ་༡༢ཚེས་༢ཉིན་ནི་བོད་ཟླ་༡༠ཚེས་༡༥སྟེ་བོད་ཀྱི་བུད་མེད་དུས་ཆེན་རེད།
སྤེལ་དུས། 2009-12-01    ཡོང་ཁུངས་། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།    རྩོམ་པ་པོ། བདེ་ལྷ་མོས་བསྒྲིགས།

  
བོད་ཟླ་༡༠ཚེས་༡༥ཉིན། བོད་རིགས་བུད་མེད་རྣམས་ཀྱིས་དཔལ་ལྡན་ལྷ་མོར་མཆོད་མཇལ་བྱེད་བཞིན་པ། 

བོད་ཟླ་༡༠ཚེས་༡༥ཉིན། བོད་རིགས་བུད་མེད་རྣམས་ཀྱིས་དཔལ་ལྡན་ལྷ་མོར་མཆོད་མཇལ་བྱེད་བཞིན་པ། 

    དུས་ཆེན་འདི་ནི་སྔོན་མེད་པའི་གསར་བ་ཞིག་མིན་ཏེ། བོད་ཟླ་བཅུ་བའི་ཚེས་བཅོ་ལྔ་ནི་བོད་ཀྱི་བུད་མེད་ཁྲོད་ཀྱི་མཛངས་མ།མི་ནས་ལྷ་རུ་གྱུར་པའི་བོད་ཁམས་སྐྱོང་བའི་དཔའ་མོ། མ་ཅིག་དཔལ་ལྷ་མོའི་དུས་ཆེན་ཡིན། སྔོན་ཆད་ཉིན་མོ་འདི་བོད་ཀྱི་སྲུང་མ་ཞིག་གི་དུས་ཆེན་ཡིན་མོད།ད་ལྟ་བོད་ཀྱི་བུད་མེད་ཀྱི་དུས་ཆེན་དུ་གྱུར་འདུག

     ཉིན་མོ་འདིར་ལྷ་ས་ནས་མ་དང་ཆུང་མ། མཛའ་མོ་དག་ལ་བཀྲ་ཤིས་བདེ་ལེགས་དང་འཚམ་འདྲི་ལེགས་སྐྱེས་འབུལ་སྲོལ་ཡོད།

    ཆོལ་ཁ་གསུམ་ནི་བྲག་སྲིན་མོའི་གདུང་རྒྱུད་ཡིན་པས་ལྷ་ས་བའི་དུས་ཆེན་འདི་ཆོལ་ཁ་གསུམ་པོ་ནས་ཡོངས་སུ་སྤྱོད་འོས་པ་མཐོང༌།     འདི་ལ་རིག་གནས་དང་མཛའ་བརྩེ་སོགས་སེམས་ཁམས་སོགས་ཕྱོགས་གང་ཐད་ནས་རིན་ཐང་ཆེ་ལ་དགེ་མཚན་ཡང་ཤིན་ཏུ་ཆེ།

    ང་ཚོས་དུས་ཆེན་འདིར་རོལ་བ་ལ་མི་རིགས་ཀྱི་ཁྱད་ཆོས་དམིགས་སུ་འཛིན་པ་ལས་གཞན་པའི་ལུགས་དང་གཞན་པའི་སྲོལ་དང་འདྲེས་མི་རུང༌། དེ་བས་ང་ཚོས་ལྷ་སའི་སྲོལ་བཞིན་བོད་ཀྱི་དུས་ཆེན་འདི་ལ་རོལ་བར་བྱ།

ཉིན་མོ་འདིར་ང་ཚོས་བོད་ཀྱི་བུད་མེད་ཀྱི་བདེ་སྡུག་སྐྱོང་བའི་བརྟན་མ་བཅུ་གཉིས་དང༌། ཚེ་རིང་མཆེད་ལྔ་ལ་གསོལ་མཆོད་འབུལ་བ་དང༌། རང་གི་མ་དང་ཆུང་མ།གྲོགས་མོ་དང་མཛའ་མོ། བུ་མོ་དང་ལས་གྲོགས་མ་སོགས་ལ་བཀྲ་ཤིས་བདེ་ལེགས་དང༌། འཚམ་འདྲི་ལེགས་སྐྱེས་འབུལ་བ། བོད་ཀྱི་བུད་མེད་རྣམས་ཀྱིས་ཀྱང་རང་གི་མི་རིགས་ཀྱི་ལྭ་བ་གྱོན་ཞིང༌།   བོད་ཀྱི་བུད་མེད་དང་འབྲེལ་ནས་མི་རིགས་དང་རིག་གནས་གླེང་བ།   བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་གླེང་ཞིང་ཉམ་ཆུང་བདག་མེད་ཀྱི་བུད་མེད་དང༌།   གཞན་གྱི་གཉའ་གནོན་མནར་གཅོད་མྱོང་བའི་བུད་མེད་དག་ལ་རོགས་སྐྱོར་བྱེད་པ།     དུས་རབས་དང་མཐུན་པར་བོད་ཀྱི་བུད་མེད་དག་གི་སྙིང་སྟོབས་དར་སྤེལ་བྱེད་དགོས་པ་བཅས་སོ། །

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060