༄༅།།རྩོམ་རིག་དཔྱིད་ཀྱི་དགའ་སྟོན།
 
༄༅།།རི་བོ་ཚུར་ལ་མི་འོང་ན། ང་རང་ཕར་ལ་འགྲོ་ཆོག
སྤེལ་དུས། 2008-06-20    ཡོང་ཁུངས་།    རྩོམ་པ་པོ། དབང་ཕྱུག་མཚོས་བསྒྱུར།
   རྒྱལ་ཁ་འཐོབ་པར་བརྩོན་ལེན་བྱེད་པའི་བརྒྱུད་རིམ་ཁྲོད། ཕལ་ཆེ་བ་ལས་དོན་ཅི་བསམ་དེ་ལྟར་བདེ་བླགས་ངང་འགྲུབ་རྒྱུ་ཤིན་ཏུ་དཀའ་སྟེ། དཀའ་ཚེགས་དང་བར་ཆད་གང་མང་ལ་འཕྲད་པ་ནི་སྨོས་མ་དགོས། ལན་རེར་ཐབས་ཟད་འུ་ཐུག་གི་གནས་སུའང་ལྷུང་སྲིད།

     འདི་འདྲའི་གཏམ་རྒྱུད་མཚར་བོ་ཞིག་ཡོད་དེ། སློབ་དཔོན་ཆེན་མོ་ཞིག་གིས་ལོ་ངོ་དུ་མའི་རིང་ལ་རི་སྤོར་དྲག་རྩལ་སྦྱངས། འོན་ཀྱང་རི་རབ་གནས་གཞན་ལ་སྤོར་ཐུབ་མིན་ང་ཚོས་བསམ་ངེས་ཐུབ། རྒྱུ་མཚན་ནི་སྤྱིར་འཇིག་རྟེན་སྟེང་རི་བོ་སྤོར་བའི་ཐབས་ཤིག་གཏན་ནས་མེད། རི་བོ་སྤོར་དགོས་ན་རང་ཉིད་འགུལ་སྐྱོད་བྱེད་པ་ནི་ཐབས་ལམ་ཉག་གཅིག་ཡིན། དངོས་ཡོད་འཚོ་བའི་ཁྲོད་བྱ་བ་མང་པོ་ཞིག་ལྷུན་པོ་རི་ལྟར་ང་ཚོས་བསྒྱུར་བཀོད་བྱེད་དཀའ་ལ་མ་མཐའ་ཡང་དུས་ཡུན་ཐུང་ཐུང་ནང་བསྒྱུར་དཀའ། གཏམ་རྒྱུད་འདིས་ང་ཚོར་སློབ་སྟོན་གནང་བ་ནི། ཕྱི་ངོས་ཀྱི་གནས་ཚུལ་ལ་བཅོས་ཐབས་བྲལ་ཚེ་རང་ཉིད་ལ་བསྒྱུར་བཅོས་བྱེད་རྒྱུ་གལ་ཆེ། 

གལ་ཏེ་མི་གཞན་རང་ཉིད་ལ་མི་དགའ་ན། དེ་ནི་རང་ཉིད་ཀྱི་བྱ་སྤྱོད་སོགས་ཀྱི་ཐད་ནས་མི་འདང་བར་སྐྱོན་གྱིས་གོས་པས་ཡིན། 

    གལ་ཏེ་མི་གཞན་གྱིས་ཁྱོད་ཀྱི་ཚོང་རྫས་ཉོ་འདོད་མེད་ན། དེ་ནི་རང་གིས་ཐོན་རྗས་ལེགས་པོ་བསྐྲུན་མེད་པས་ཡིན། གལ་ཏེ་རང་ཉིད་ལ་རྒྱལ་ཁ་ཐོབ་མི་ཐུབ་ན། དེ་ནི་ད་དུང་རང་གི་བློ་གྲོས་ལ་བརྟེན་ནས་ཐབས་ལམ་ལེགས་པོ་ཞིག་རྙེད་མེད་པས་ཡིན། 

    གནས་ཚུལ་ལ་འགྱུར་ལྡོག་འབྱུང་འདོད་ཚེ། ཐོག་མར་རང་ཉིད་བསྒྱུར་དགོས། རང་ཉིད་བསྒྱུར་ན་ད་གཟོད་གཞན་བསྒྱུར་ཐུབ་ལ། མཐར་རང་ལ་གཏོགས་པའི་འཇིག་རྟེན་ཡང་བསྒྱུར་ནུས།

      དེ་བས། རི་བོ་ཚུར་ལ་མི་འོང་ན། འུ་ཅག་ཕར་ལ་འགྲོ་ཡ།

  

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060