༄༅།།རྩོམ་རིག་དཔྱིད་ཀྱི་དགའ་སྟོན།
 
༄༅།།རླབས་ཆེ་བའི་ཆུང་མ།
སྤེལ་དུས། 2009-02-09    ཡོང་ཁུངས་།    རྩོམ་པ་པོ།
 

སྐྱེ་བོ་ལ་ལས་ཆུང་མ་ཚོར་ནག་མོར་འབོད། སྐྱེ་བོ་ལ་ལས་ཆུང་མ་རྣམས་མི་མིན་ཟེར། ང་ཚོས་འདི་ལྟར་བསམ་ན་འགྲིག་སྟེ། ཆུང་མ་ནི་ཁྱོད་རང་མི་ཚེ་ཡི་བཞུ་ལམ་རིང་མོའི་ཁྲོད་མཉམ་བགྲོད་བྱེད་མཁན་གྱི་སྡོང་གྲོགས་དེ་ཡིན། ཆུང་མ་ནི་ལྐོག་གྱུར་གྱི་འབོད་བརྡ་ཞིག་གིས་ཁྱོད་གཉིས་ལྷན་དུ་སྤྲེལ་ཏེ་ཁྱིམ་གཅིག་ཏུ་འཛོམས་པའི་བདག་མོ་དེ་ཡིན། ཆུང་མ་ནི་ཁྱོད་ཀྱི་གྲོགས་པོ་མང་པོའི་ནང་གི་ཁྱོད་ལ་ཆེས་འདང་ཆེ་ཞི་ཤ་ཚ་བའི་མཛའ་མོ་དེ་ཡིན། གྲོགས་པོ་གཞན་པ་སུས་ཀྱང་མོ་དང་འདྲ་བར་ལྷག་བསམ་རྣམ་དག་གིས་ཁྱོད་ཀྱི་སྐྱོན་ཆར་བཟོད་སྒོམ་དང་ཁྱོད་ཀྱི་སྡུག་བསྔལ་ཁུར་དུ་ལེན་མི་ཐུབ། མོ་རང་ནི་ཁྱོད་དགའ་དུས་ཀྱི་མེ་ཏོག་དང་སྡུག་དུས་ཀྱི་ཆར་ཐིགས་ཡིན། ཆུང་མ་དང་བུད་མེད་གཅིག་འདྲ་མིན།

འཇིག་རྟེན་འདིར་བུད་མེད་ཤིན་ཏུ་མང་། འོན་ཀྱང་ཁྱོད་ཀྱི་ཆུང་མར་འགྱུར་བ་གཅིག་ལས་མེད། མི་དེ་རྙེ་ནས་སྐྱིད་སྡུག་མཉམ་འཁུར་བྱེད་པ་ནི་ཁྱོད་ཀྱི་བསོད་ནམས་ཡིན།   

ཆུང་མ་ནི་ཁྱོད་ཀྱིས་བཞུགས་ཁྲི་རྒྱག་མི་དགོས་པའི་རྒྱལ་མོ་ཡིན། མོ་རང་ཁྱིམ་གཞིས་ནང་ཐམས་ཅད་ལ་དབང་སྒྱུར་བྱེད་པར་ཧ་ཅང་དགའ་སྟེ། ཟས་ཅི་ཟ་བ་དང་གོས་ཅི་ཉོ་བ། དངུལ་དུ་སྤྱོད་པ་དང་ཅ་ལག་གང་རིགས་ཉོ་བ་སོགས་དབང་ཆ་ཡོད་ཚད་འཛིན་རྒྱུར་དགའ་བས་མོ་རང་ནི་ཇུས་འགོད་པ་ཞིག་ཡིན

ཆུང་མ་ནི་ཁྱོད་ཀྱིས་གླ་རིན་སྟེར་མི་དགོས་པའི་གཡོག་མོ་ཡིན། ཁོ་མོ་ཁྱིམ་ཚང་ནང་ངལ་གསོ་དང་རྔན་པ་མི་དགོས་པར་ལས་ཀ་འབད་པས་གཉེར་ཏེ་དཀའ་སྡུག་ཁག་འཁུར་བྱེད་མཁན་གཅིག་པོ་ཡིན། མོས་དཀའ་སྤྱད་དང་འབད་འབུངས་ལ་བརྟེན་ནས་ཁྱིམ་གཞིས་ཀྱི་དམིགས་འདུན་དང་འཆར་གཞི་རེ་རེ་མངོན་དུ་བསྒྱུར་ངེས། མཚམས་ལན་རེར་ཁྱོད་ཀྱིས་དབང་སྒྱུར་བྱེད་མཁན་དེ་བདག་མོའི་གོ་ས་ནས་མར་ཕབ་དགོས་པ་བསམ་ལ་ཡང་མཚམས་ལན་རེར་མོའི་བདག་ལས་གཞན་གཅེས་ཀྱི་ཀུན་སྤྱོད་རླབས་ཆེན་དེ་ལ་བྱ་དགའ་ཞིག་གནང་དགོས་ཀྱང་སེམས་ངེས་ཡིན། འཛམ་གླིང་སྟེང་སྐྱེ་བོ་མང་པོ་ཞིག་བུད་མེད་ལ་བསྟེན་ནས་སྒྱུར་རྩལ་དང་རྩོམ་རིག་གི་ཤེས་རབ་ལ་བརྡོལ་བ་དང་། ཁྱོ་བོ་མང་པོ་ཞིག་ཆུང་མ་བསྟེན་ནས་གོ་གས་དང་མཛད་རྗེས་ཀྱི་རྒྱལ་ཁ་ཐོབ་པ་ཡིན། དེ་བས་ཆུང་མ་ནི་ཁྱོད་ཀྱི་བདག་མོ་ཡིན་པ་ལས་གཡོག་མོ་མིན། ཆུང་མ་ནི་ཁྱོད་ཀྱི་ལམ་སྟོན་ཡིན་པ་ལས་ལམ་རྡོ་མིན་ནོ།།

 

འབྲུག་མོས་ཞུ་དག་བྱས།

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060