གནས་ཡུལ། མདུན་ངོས། ༄༅།།བརྩམས་སྒྲུང་།
 
 
༄༅།།ཆུང་ཆུང་གི་ཉིན་ཐོ།(༣)
སྤེལ་དུས།2010-04-30   ཡོང་ཁུངས་།   རྩོམ་པ་པོ། སྒང་སྐྱེས་རྡོ་རྗེ་ཚེ་བརྟན།

གསུམ།
   
མདང་ནུབ་ཅི་བྱས་སོང་། བདག་གིས་ལག་པར་ལྕགས་ཀྱི་གདུ་བུ་ཞིག་བསྐོན་འདུག འོ། འདི་ནི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཡིན་འདུག ཡིན་ན་ཡང་། ངས་ད་རུང་དོན་འདིའི་འབྱུང་རྐྱེན་ལ་འདང་ཕོག་གིན་མེད། མགོ་བོ་ཡར་ལ་བཀྱགས་ཏེ་ཅུང་ཙམ་བསྡད་པ་ན།

མདུན་དུ་ལས་གོས་གྱོན་པའི་ཉེན་རྟོག་པ་ཞིག་ཐོན།

མིང་ལ་ཅི་ཟེར། ཉེན་རྟོག་པ་དེས་རྒྱ་སྐད་ཀྱིས་དྲིས།

ཆུང་ཆུང་། ངས་ཀྱང་རྒྱ་སྐད་ཀྱིས་དེ་ལྟར་ལན་བཏབ།

ལས་ཀ་ཅི་ཞིག་གཉེར་གྱིན་ཡོད།

ཉིན་བྱེད་ཡང་བསྐྱར་འཇིག་རྟེན་དུ་ཕེབས་ཏེ་དྲོད་སྣང་སྦྱིན་མགོ་བརྩམས་ནས་རིང་བོ་ལོན་འདུག རྒྱ་སྲང་གི་མི་རྣམས་སྔ་མོ་ནས་རང་གི་ལས་གནས་སུ་ཕྱིན་ཏེ་ཉིན་གཅིག་གི་ལས་ཀར་འཐམས་བཞིན་འདུག

ཉེན་རྟོག་པ་ལགས། ང་རང་ཆུང་ཆུང་ལ་ཕྲད་ན་ཨེ་ཆོག

ངའི་རྗེས་འབྲོངས་ཤོག

སྐར་མ་འགའ་འགོར་རྗེས་ངའི་མིག་གཉིས་འབྱེད་ཙམ་བྱེད་ཐུབ་བྱུང་། ལྷུན་རྡོ་ཡོང་བ་མཐོང་འཕྲལ་ང་རང་དགའ་མ་དངངས་ཀྱིས་མི་དེའི་རྨས་ཅི་འདྲ་རེད། ཁྱོས་ང་ལ་ངེས་པར་དུ་བདེན་ཁ་ལེན་དགོས། ད་རུང་ངའི་ཕ་མ་གཉིས་ལ་མ་ཤོད།མགྲིན་པ་བརྣངས་ནས་ངག་ཀྱང་འཁྲོལ་ལ་མ་འཁྲོལ་གྱིས་དེ་ལྟར་བཤད། ང་རང་འདི་འདྲ་སྐྲག་དོན་ནི་ང་ད་བར་ཁྲིམས་ར་ཟེར་བ་ཞིག་ལ་ཡོང་མ་མྱོང་བའམ། ཡང་ན། ངས་ཁྲིམས་ར་ཟེར་བ་འདི་གཤིན་ལས་ཁང་ལ་གོ་བ་ཡིན་པས་ཡིན།

མི་དེའི་རྨས་ཡང་གི གང་ལྟར་སྐྱོན་མེད། ཁྱོས་སེམས་ཁྲལ་མ་བྱེད།

ཨུན།སྐབས་འདིར་ངས་དཀོན་མཆོག་གསུམ་མི་དྲན་རང་དྲན་དུ་གྱུར་སོང་ལ། གསོལ་བ་ཞིག་ཀྱང་མི་འདེབས་རང་འདེབས་སུ་གྱུར་སོང་།

ཕྱི་ཉིན་ནམ་མ་ལངས་སྔོན་ནས་ང་རང་ལངས་ཡོད། ངའི་སེམས་ཁོང་ན་ཕྲ་ཕུང་མང་བོ་ཞིག་གིས་འཛིངས་རེས་བྱེད་བཞིན་འདུག བྱ་ཐབས་མེད་པའི་སྐབས་འདིར་ངས་ལྷུན་རྡོ་ཁོ་ནར་སྒུག་བཞིན་ཡོད།

ཅི་འདྲ་རེད། ལྷུན་རྡོ།
མ་བཟང་ཐལ། གསེར་མཚོས་བཤད་པ་བདེན་ན། ཁུལ་དཔོན་དེས་ནང་ལོགས་ཀྱི་ཁྲིམས་རྩོད་པ་གྲགས་ཆེན་ཞིག་ཞུ་རྩིས་འདུག་ཟེར།

འོ་ན་ད་ཅི་བྱེད།
མ་འཚབ་དང་། ཁྱོད་ལ་སྒོར་འགའ་ཡོད་དམ།

མང་བོ་ཞིག་མེད། ཚང་མ་ཁྱེར་སོང་ལ་ཐབས་འཐེན་ཐབས་བྱོས།ངས་རེ་བ་ཡོངས་རྫོགས་ལྷུན་རྡོའི་སྟེང་དུ་བཅོལ།

ཝེ། ངའི་གཅེས་ལོ་མ། མི་འགྱངས་པར་འུ་གཉིས་ཀྱི་འཇིག་རྟེན་ཐོན་རྒྱུ་རེད།

སུན་ཀི། སུན་ཀི ཡང་ཁྱོད་བཟི་སོང་ངམ། གླེན་རྒན་དེས་སྒོར་མོ་ཡོད་ཚད་ཁྱོན་ལ་སྤྲད་དམ།

སྤྲད་ཡོད།
འོ་ན་ལེགས་འདུག སང་ཉིན་ངས་ཁུལ་དཔོན་ཐུགས་རྒྱལ་འཇགས་སུ་འཇུག་ལ། འུ་གཉིས་ལ་བར་ཆད་མེད་པ་ཞིག་བཟོ།

ལེགས་སོ། ཁྱོད་ཀྱི་ཐུགས་དང་བསྟུན།
ཕྱི་ཉིན་ནམ་ལངས་པ་ན་སློབ་ཕྲུག་རྣམས་ལ་དགེ་རྒན་མེད་པས་ལྷས་དཀྱིལ་དུ་རང་དགར་རྩེད་བཞིན་འདུག སློབ་གཙོ་ལྷག་པ་ལགས་ཀྱིས་ཆུང་ཆུང་ལ་ཁ་པར་ཐེངས་དུ་མར་བཏང་ཡང་། འབྲས་བུ་མེད་པར་ལུས་འདུག

ཁུལ་དཔོན་སྐུ་ངོ་ལགས། ཇེ་དགར་ཡོང་ཡོད་དམ།

སྐྱོན་མེད་ཀི་ཟེར་ཞོར་མོ་རང་ཡོང་བར་ཡར་དགྱེ་ཅི་ཐུབ་བྱས།

ཁྱོད་མ་འགུལ་ཡ། ད་དུང་སངས་དྲག་བྱུང་མེད་པས་སེམས་ཆུང་བྱ་དགོས།

ཆུང་ཆུང་ཟེར་བ་དེ་ང་ཡོད་སར་ནམ་ཞིག་ལ་ཡོང་རྒྱུ་རེད།ཁོ་ད་དུང་བཀག་སྐྱིལ་བྱས་ཡོད་པས་ཡོང་མི་ཐུབ། འོན་ཀྱང་། ཁོ་……ཁོས་ཁྱོད་ལ་དགོངས་དག་ཞུ་འདོད་མེད་ཟེར།ཁུལ་དཔོན་ཁྲོས་བྱུང་། དབུགས་སྟོན་ལ་འཚངས་ནས་བརྒྱལ་སོང་།

ལོ་གཅིག་གི་རྗེས་ནས་ངས་ཡང་བསྐྱར་ལུག་རྫི་བྱེད་དགོས་བྱུང་། ཕ་ཡུལ་གྱི་རི་དང་ཆུ་ནི་ང་རང་ནམ་ཡང་འཚོ་སྡོད་བྱེད་ས་ཡིན་པ་རྟོགས་སོང་། ངས་ཀྱང་དེ་ནས་བཟུང་རང་ཉིད་ལུག་རྫི་ཡིན་ནོ་སྙམ་པའི་འདུ་ཤེས་ཀྱིས་ཧ་ལམ་ལུས་སྟེང་གི་དེ་སྔོན་ལས་བྱེད་པའི་རྣམ་འགྱུར་ཡལ་འདུག ཡིན་ན་ཡང་། ང་རང་ཆེས་འགྱོད་ས་ཞིག་ཡོད་པ་ནི་ཕ་མའི་རེ་བ་དེ་རེད། དེར་བརྟེན། ངས་ནི་ཧུར་བརྩོན་གྱིས་ལུག་གི་འཕེལ་ཁ་ཇེ་མགྱོགས་སུ་གཏོང་བར་འབད་པ་བྱེད་བཞིན་ཡོད། འོ། ད་ང་ནི་ཕྱི་ནང་གཉིས་མེད་ཀྱི་ལུག་རྫི་ཞིག་ཡིན་ལ། དེ་སྔོན་གྱི་གྲོགས་པོ་རྣམས་ཀྱིས་ཀྱང་ཆུང་ཆུང་ཟེར་བ་ཞིག་ཡོད་པ་བརྗེད་ཡོད་སྲིད་ལ། ངས་ཀྱང་དེ་དག་རིམ་བཞིན་བརྗེད་ཀྱིན་ཡོད།

ཉིན་ཞིག་ང་ལ་ཁ་པར་ཞིག་ཐོན་བྱུང་། ངས་ཁ་པར་ཁ་ཕྱེ་ནས་ཉན་པ་ན། ཕ་རོལ་པ་ནི་རྒྱ་མོ་ཞིག་ཡིན་འདུག རྒྱ་མོ་དེས་འཇིག་རྟེན་འདིར་ཁྱོད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་ཐུབ་མཁན་ནི་མོ་གཅིག་པུ་ཡིན་ཟེར། ངེད་གཉིས་ཀྱིས་དུས་ཆད་བྱས་ཏེ་ལྷུན་འགྲུབ་ཇ་ཁང་ནས་ངོ་ཐུག་རྒྱུ་བྱས། ངས་ལུག་རྣམས་ལུག་རྫི་གྲོགས་པོ་གཞན་ཞིག་ལ་བཅོལ་རྗེས། ཁྱིམ་དུ་ཡང་མ་སོང་བར་ཐད་ཀར་ཁུལ་ཐོག་ཏུ་སོང་། གཤམ་དུ་ང་དང་རྒྱ་མོ་གཉིས་གྱིས་ཁ་བརྡ་བྱས་པ་ཡིན།

ཁྱོད་ཡིན་ནམབུད་མེད་དེ་ནི་དེ་སྔོན་ལྷུན་རྡོའི་དགའ་རོགས་མ་ཡིན་ནམ།

ངའི་མིང་ལ་ཞོ་ཧྥང་ཟེར། ངས་ཁྱོད་མཐོང་མྱོང་།

ངས་ཀྱང་ཁྱོད་མཐོང་མྱོང་།

ད་སྐབས་ཁྱོད་ལྷུང་ས་གསུམ་ལ་ལྷུང་ཡོད་ཀ་མོ་འཛུམ་བཞིན་དེ་ལྟར་བཤད།

བྱ་བཙོག་ཡ། ཁ་ངོ་ཡང་བཀྲུ་ཐུབ་ཀྱིན་མེད། ཁྱེད་ངའི་ལས་དབང་སྒྱུར་ཐུབ་པ་མིན་ནམ།  ཤོད་ཡ།

མོས་ངོ་ཅུང་ཙམ་གནག་སྟེ་མང་བོ་མང་བོ་ཞིག་བཤད་སོང་། ངས་མོས་བཤད་པའི་དོན་མགོ་རྔ་མེད་པར་ཁོག་རྩིས་ཤིག་བརྒྱབ་རྗེས། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྟོན་པ་བཞི་ཡིད་ལ་འཁོར་བྱུང་ལ། རྟོན་པ་དང་བོ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བ་དབང་མེད་དུ་ཁ་ནས་ཤོར་བྱུང་།

ཁ་ཕྱི་འཁོར་ཏེ་ཕ་ཡུལ་དུ་ཐོན་པ་ན། ངའི་ཚ་བོ་ལོ་བདུན་ཅན་དེ་ངའི་མདུན་དུ་སླེབས་བྱུང་། ངས་ཚ་བོ་པང་དུ་བླངས་ཏེ་ལུག་རའི་ཕྱོགས་སུ་སོང་། ར་འདབས་སུ་ཐོན་དུས་ནང་དུ་ལུག་རྫི་གྲོགས་པོ་རྣམས་གད་མོ་དགོད་བཞིན་འདུག ང་ཡོང་བ་མཐོང་འཕྲལ། ཨ་རོགས། དོ་དགུང་ཡང་སྐྱིད་ཅིག་རྒྱག་ཟེར། འོ། མ་གཞི་ཁོ་ཚོས་དོ་དགོང་ཡང་ལུག་གཅིག་བཤས་འདུག། ཧ་ཧ་ཧ། ཧི་ཧི་ཧི།

འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060