༄༅།།གསོ་རིག་བདུད་འཇོམས་རལ་གྲི།
 
སྐྱེས་མའི་སེམས་ཁམས་བདེ་ཐང་དང་རང་རྟོགས་མཐོར་འདེགས་ཡོང་བའི་བྱེད་ཐབས་འགའ།
སྤེལ་དུས། 2009-03-30    ཡོང་ཁུངས་།གངས་ཅན་སྐྱེས་མའི་ཚགས་པར།    རྩོམ་པ་པོ། རྡེའུ་དཀར་ནག་གིས་ཞུ་དག་གནང་།
     ཉེ་ལམ།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བུད་མེད་ཀྱི་སེམས་ཁམས་སྐྱེས་པ་དང་བསྡུར་ན་བདེ་ཐང་མིན་ལ་ནད་སྣ་ཚོགས་འབྱུང་ཚད་མཐོ་བའི་རྒྱུ་རྐྱེན་ལ་ཉམས་ཞིབ་བྱས་པ་མ་ཟད་བུད་མེད་ཀྱི་སེམས་ཁམས་བདེ་ཐང་ལ་ཕན་པའི་བྱེད་ཐབས་དང་ཚད་གཞི་ཕྱོགས་བཅུ་ལ་བསྡུས་པ་འདི་ལྟར།

༡.སེམས་ཁམས་གཞི་ནས་ཕྱི་རོལ་ཁོར་ཡུག་ལ་ལོབས་ཐུབ་པ། ༢.རང་ཉིད་ལ་རྒྱུས་ལོན་ཡང་དག་ཐུབ་པ། ༣.འཚོ་བར་དོན་དངོས་དང་མཐུན་པའི་དམིགས་ཡུལ་ཡོད་པ། ༤.དངོས་ཡོད་གནས་ཚུལ་དང་བསྟུན་ཐུབ་པ། ༥.མི་གཤིས་ཆ་ཚང་དང་ཞི་མཐུན་ཡོང་ཐུབ་པ། ༦.ཉམས་མྱོང་ཁྲོད་སློབ་སྦྱོང་བྱེད་པའི་ནུས་པ་དང་འདུ་ཤེས་ལྡན་པ། ༧.མི་དང་མིའི་བར་ལ་འབྲེལ་བ་ཡག་པོ་འཛིན་ཐུབ་པ། ༨.སེམས་ཀྱི་སྐྱོ་སྡུག་འོས་མཐུན་ངང་ཕྱིར་བརྗོད་པ། ༩.རང་གི་འཇོན་ཐང་སྤྱི་ཚོགས་སུ་འདོན་ཞིང་ཐུན་མོང་གི་ཁེ་ཕན་སྲུང་ཐུབ་པ། ༡༠.སྤྱི་ཚོགས་ཚད་གཞི་སྲུང་ཞིང་རེ་འདུན་ཚད་མཐུན་ཡིན་པ་བཅས་སོ།།

དོན་དུ་བུད་མེད་ཀྱི་སེམས་ཁམས་བདེ་མིན་སྤྱི་ཚོགས་གནས་ཚུལ་དང་ཐད་ཀར་འབྲེལ་བ་ཡོད།སྐྱེས་མའི་སེམས་ཁམས་ཀྱི་ཁྱད་ཆོས་གཙོ་བོ་ནི་མོ་རང་ཚོའི་བརྩེ་སེམས་སྐྱེས་པ་ལས་ཕུན་སུམ་ཚོགས་པོ་ཡོད་པ་རེད།དོན་དག་གང་ལའང་སེམས་ཚོར་རྣོ་ཞིང་དགའ་སྐྱོ་གསལ།དེ་མིན་རྒྱུ་རྐྱེན་གཞན་ཞིག་ནི་ཕོ་མོའི་སྤྱི་ཚོགས་ལས་བགོས་དང་འགན་དབང་མི་འདྲ་བས་བཟོས་པ་རེད།ཁྱིམ་ཚང་དང་སྤྱི་ཚོགས་གོ་གནས་ཀྱི་འགྱུར་ལྡོག་གིས་སྐྱེས་མ་ཚོའི་འཚོ་བའི་ཁྱབ་ཁོངས་གཙོ་བོ་ནང་ཁྱིམ་ཚང་ཡིན་སྟབས། དུས་རབས་གསར་བའི་འགྲན་རྩོད་ཁྲོད་འདྲ་མཉམ་མིན་པའི་སེམས་ཁམས་ཀྱིས་སེམས་ཁ་གང་ཞིང་བློ་ཡིད་ཚིམ་པོ་ཡོང་ཐབས་བྲལ། ཕྱི་རོལ་ཏུ་སྐྱེས་པ་ཚོས་སྤྱི་ཚོགས་གོ་གནས་སྙེག་པའམ་རྒྱུ་ནོར་ལོངས་སུ་སྤྱད་དེ་གང་དགར་རོལ་ཡང་སྤྱི་ཚོགས་ཀྱི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཐུབ་པ་རེད། འོན་ཀྱང་ཁྱིམ་ཚང་གཙོ་བོར་གཉེར་བའི་སྐྱེས་མ་ཚོའི་ངལ་རྩོལ་ལ་སྤྱི་ཚོགས་ཀྱི་དོ་སྣང་དང་བསྔགས་བརྗོད་ཐོབ་རྒྱུ་སླ་མོ་མ་རེད། དེར་བརྟེན། ཉིན་བཞིན་བསྐྱར་བཟློས་སུ་གྱུར་པའི་ཁྱིམ་ཚང་གི་ལས་ཀ་ཙག་ཙིག་བྲོ་བ་ཤོར་བ་དེས་སྐྱེས་མ་ཚོའི་སེམས་ལ་ངལ་བ་དང་དཀའ་ཚེགས་བཟོས་ཏེ་སེམས་ཁམས་བདེ་ཐང་མིན་པར་བསྒྱུར།

འོ་ན་སྐྱེས་མ་ཚོང་ཇི་ལྟར་བྱས་ན་བདེ་ཐང་གི་སེམས་ཁམས་ཤིག་གི་རྒྱུན་སྐྱོང་ཐུབ་ཅེ་ན། རང་སྟེང་གི་ཀུན་སྤྱོད་ཡག་ཅིང་བྱང་ཚད་མཐོར་འདེགས་བྱེད་རྒྱུ། ཤེས་བྱ་བསྡུ་ལེན་དང་འབད་བརྩོན་རྒྱུན་འཁྱོངས་བྱས་ཏེ་ཤེས་རིག་གི་རྒྱན་ཆ་འཛོམས་པར་བྱེད་རྒྱུ། འཚོ་བར་དམིགས་འབེན་ཡོང་རྒྱུ། ཉིན་རེའི་ཆུ་ཚོད་བཀོད་སྒྲིག་ཡང་དག་ཡོང་རྒྱུ། རང་གཅེས་དང་རང་བཀུར། རང་རྟོགས། རང་ཚུགས་ཡོད་རྒྱུ། རང་གི་འཚོ་བའི་ཁྱབ་ཁངས་ཆེ་ཞིང་ལྷོད་ཡངས་ཡིན་རྒྱུ།  གྲོགས་པོ་མང་རྒྱུ། མི་དང་མིའི་བར་འབྲེལ་བ་ཡག་པོ་འཛིན་རྒྱུ།འཚོ་བའི་ཁྲོད་ཀྱི་དོན་དངོས་དང་ལེན་དང་གདོང་གཏད་ཕོད་རྒྱུ།  གནད་དོན་ལ་འཕྲད་ན་གཞན་བསྟེན་གྱི་བསམ་བློ་དོར་ཏེ་རང་གིས་ཐག་གཅོད་ཐུབ་རྒྱུ་བཅས་སོ།།

 
 
 
རྩོམ་སྒྲིག་འགན་འཁུར་བ། དཔལ་མོ།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060