《གངས་རྒྱན་ན་ཆུང་ཚགས་པར》ལ་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཐོབ་བཞིན་པ།

ཚགས་པར་འདིའི་པར་ངོས་ཚང་མ་སློབ་ཆུང་ལོ་རིམ་དམའ་མོའི་སློབ་མའི་བློ་ཁ་དང་ཆེས་མཐུན་ཞིང་། སློབ་མ་ཚོའི་བློ་ཁ་ཅིག་ཅར་དུ་འཕྲོག་ཐུབ་པར་མ་ཟད། སློབ་མའི་བསླབ་ཕྱིའི་བློ་སྒོ་འབྱེད་པའི་བློས་ཐུབ་ཀྱི་གྲོགས་པོར་འགྱུར་བར་ཡིད་ཆེས་ཟབ་མོ་བཅངས་ཆོག དེ་བས་གངས་རྒྱན་ན་ཆུང་ཚགས་པར་ཁང་གི་གཙོ་སྒྲིག་པ་གཙོ་གཞོན་རྣམ་པས་ཀྱང་ཐུགས་ཁུར་བླ་ལྷག་གནང་ནས་བོད་རིགས་ས་ཁུལ་གྱི་སློབ་ཆུང་སློབ་མའི་བློ་ཁ་དང་འཚམས་པའི་ཚགས་པར་འདིའི་ཁྱབ་རྒྱ་ཇེ་ཆེ་རུ་བཏང་སྟེ།
  • རྩེད་ལ་འགྲོ།
  • བྱིས་གླུ།
  • བྱིས་པའི་རྡུང་ལེན།
  • བོད་པའི་རླུང་རྟ་ཡར་ནས་ཡར་ལ་བསྟོད།
  • ཨ་འཁྲུངས་ལ།
  • མཛེས་པའི་རྨི་ལམ།
  • བྱིས་པའི་བཞད་གར།
  • སེམས་གཞས།
  • ཀ་ཁའི་སྙན་གཞས།
  • བུ་ཆུང་གི་སྙིང་གཏམ།

    ངས་འཇིག་རྟེན་མི་ཡུལ་གྱི་འོད་སྣང་ཐོག་མར་མཐོང་བ་ནས་རང་ལོ་བདུན་གྱི་བར་དུ་ཨ་མས་མིག་གིས་འཚོས་ཤིང་སེམས་ཀྱིས་བསྐྱངས་པ་ཡིན་། ལོ་བརྒྱད་ལ་སོན་པ་ན་ཨ་མས་ང་རང་སློབ་གྲྭར་བསྐྱལ་ཏེ། ངའི་རྒྱུད་ལ་ཤེས་བྱ་ཕྲན་ཙམ་འབྱོར་ཆེད་དང་འཇིག་རྟེན་མི་གྲས་སུ་ཚུད་ཆེད། འགྲོ་འདུག་སྤྱོད་གསུམ་སྐོར་གྱི་གནས་ལུགས་མང་བོ་དུས་རྒྱུན་བསམ་སྦྱོར་གཉིས་ཀའི་ལམ་ནས་བདག་ལ་བསྟན་མྱོང་།

    ཕ་མའི་བྱམས་བརྩེ་འབྲི་ཐབས།

    སློབ་ཆུང་སློབ་མ་ཕལ་ཆེ་བའི་འཚོ་བ་ནི་སློབ་སྦྱོང་ལས་གཞན་ཉུང་བས། དེའི་སྐོར་གྱི་རྩོམ་ཡིག་བྲི་ན་ཧ་ཅང་སྟབས་མི་བདེ་བ་ཞིག་ཡིན། དུས་རྒྱུན་ལས་བྱར་བཀོད་སྒྲིག་བྱས་པའི་ཕ་མའི་བྱམས་བརྩེ་དང་དྲིན་ལན་བྲིས་པའི་རྩོམ་ཡིག་གང་ཞིག་ཡིན་རུང་ཚང་མ་ཁ་གཡང་གི་ཚུལ་དུ་སོང་འདུག རྩོམ་ཡིག་དེ་རིགས་ཀྱི་བརྗོད་བྱ་ཕལ་ཆེ་བ་ནི་ང་རང་དཀའ་ངལ་ཞིག་ལ་ཕྲད་དེ་ཞེས་དཀའ་ངལ་རེ་རྟོག་བཟོ་བྱས་ནས་ཕ་མས་དཀའ་ངལ་དེ་ཇི་ལྟར་སེལ་རོགས་བྱས་པའམ་ཡང་ན་ན་ཚ་ཞིག་བྱུང་སྟེ་ཕ་མས་དཀའ་ངལ་མྱངས་ཚུལ་དག་བྲིས་ཡོད་ནའང་ཕལ་ཆེ་བ་ཁ་གཡང་ལ་གཞོལ་ཆེ།

    ༄༅།།བྱིའུ་འཇོལ་མོ།

    སྔར་བྱིའུ་འཇོལ་མོ་ཞིག་ཡོད། དེའི་གྲེ་འགྱུར་ཧ་ཅང་སྙན་པས། མུན་རུབ་མ་ཐག་མི་མང་པོ་རྟག་དུ་དེའི་རྩར་བཅར་ནས་ཉན་པར་དགའ། རྒྱལ་པོས་གནས་ཚུལ་དེ་ཐོས་རྗེས་བློན་ཆེན་ལ་ བྱིའུ་དེ་བཙལ་ནས་ཕོ་བྲང་དུ་ཁྱེར་ཤོག ཅེས་བཀའ་ཕབ། བློན་ཆེན་དེས་ས་ཕྱོགས་སོ་སོར་བཙལ་ཀྱང་མ་ཪྙེད་པས་མཐར་དབུལ་བོའི་བུ་མོ་ཆུང་ཆུང་ཞིག་ལ་རྩད་བཅད། བུ་མོ་དེས་ནགས་ཚལ་དུ་ལམ་ཁྲིད་པས་བློན་ཆེན་གྱིས་བྱིའུ་དེ་ཪྙེད་ཅིང་ཕོ་བྲང་དུ་ཁྱེར། བྱིའུ་འཇོལ་མོའི་གྲེ་འགྱུར་ཧ་ཅང་སྙན་པས། རྒྱལ་པོའང་སེམས་འགུལ་ཐེབས་ནས་མཆི་མ་ཤོར། རྒྱལ་པོས་བྱིའུ་འཇོལ་མོ་གཟེབ་ཅིག་གི་ནང་དུ་བཅུག་ནས་ཕོ་བྲང་དུ་བཞག་ཅིང་། ཉིན་རེ་བཞིན་ཞབས་ཕྱི་བ་མངགས་ཏེ་གསོ་རུ་བཅུག དེའི་རྗེས་སུ། ཕྱི་གླིང་པ་ཞིག་གིས་རྒྱལ་པོར་འཇོལ་མོ་བཟོས་མ་ཞིག་ཕུལ། དེའི་གཅུ་གཟེར་གཅུས་པ་ན། སྙན་འཇེབས་ཀྱི་གླུ་ལེན་ཤེས་པ་རེད།

    ལྷ་བཟང་ཧན་གྱིས་བོད་སྲིད་ལོ་དུ་ལ་བསྐྱངས་པ་དང་།

    ལྷ་བཟང་ཧན་གྱིས་སྤྱི་ལོ་1705ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ཤིང་སྤྱི་ལོ་1706ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ལས་ཕབ་སྟེ་པེ་ཅིན་དུ་འཁྲིད་ཁུལ་གྱིས་ལམ་དུ་བཀྲོངས་པས་འདོད་པ་དོན་ཐོག་ཏུ་སྨིན་བྱུང་། ཁོ་བོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བགྲང་བྱ་བཅུ་གཉིས་ལ་བསྐྱངས་ནའང་། དོན་སྙིང་ཆེ་ཞིང་གླེང་རིན་ཡོད་པའི་བྱ་བ་ཅི་ཡང་མ་བདོག་པའི་དབང་གིས་ལོ་རྒྱུས་དེབ་ཐེར་དག་ཏུ་དེའི་རིང་གི་དོན་དག་འཆད་སྐབས་ས་བཅད་མ་སྟོང་བ་ཙམ་དུ་ཟད། འདིར་ཉུང་ཙམ་དྲངས་ན། ལྷ་བཟང་ཧན་གྱིས་དབང་སྒྱུར་སྐབས་གཙོ་གྲས་སུ་གཏོགས་པའི་སྲིད་འཛིན་མི་སྣ་སྟེ་བློན་པོའམ་མདུན་ན་འདོན་བྱམས་པ་གླིང་བ་དང་། བཀའ་བློན་བུ་ཆུང་། ཚེ་བརྟན་རྡོ་རྗེ་བྱ་བ་སོགས་དང་མཐའ་དབུས་དམག་དཔོན་ཕོ་ལྷ་བ་དང་ཁང་ཆེན་པ་བཅས་ཡོད་ཚུལ་བཀོད་འདུག་ཡང་ལྷ་

    ༄༅།།ལྡོག་པ་ཅན་གྱི་རྒྱན་བཤད་པ།

    ལྡོག་པ་ཅན་གྱི་རྒྱན་ཞེས་པའི་ངོ་བོ་རྩ་བར། སྒྲ་འཇུག་པའམ་རྟོགས་པ་ཡི།། དེ་ཡི་དབྱེ་བ་བརྗོད་པ་གང་།། དེ་ཡི་ལྡོག་པ་ཅན་ཞེས་བརྗོད།། ཅེས་པ་སྟེ། དངོས་སུ་སྒྲ་འཇུག་པའམ་དོན་གྱི་ཤུགས་དང་སྐབས་ཐོབ་ལས་རྟོགས་པར་བྱེད་པ་དག་གི་སྒོ་ནས་དཔེ་དང་དཔེ་ཅན་གྱི་དངོས་པོ་གཉིས་ནི་རྒྱུ་མཚན་འགའ་ཞིག་གིས་མཚུངས་པར་གྱུར་པ་ལས་ཁྱད་པར་འགའ་ཞིག་བརྗོད་པའི་སྒོ་ནས་མི་མཚུངས་པར་དབྱེ་བ་འབྱེད་པ་སྟེ། མཚུངས་པ་ལས་ལྡོག་པར་བསྟན་པ་ལ་ལྡོག་པ་ཅན་གྱི་རྒྱན་ཞེས་བརྗོད་པ་ཡིན། རྒྱན་འདིའི་ནང་གསེས་དབྱེ་བའི་ཁྱད་པར་ཅུང་ཙམ་བརྗོད་ན།

    སློབ་གསོ་དང་མི་གཤིས་སྐོར་གྱི་བགྲོ་གླེང་།

    གཅན་རོང་བསྟན་འཛིན་གྱིས་ཡང་དག་པའི་སློབ་གསོའི་ལྟ་ཚུལ་གྱིས་སློབ་མའི་ཕྱོགས་ཡོངས་ཀྱི་སྤུས་ཚད་འཕེལ་རྒྱས་སུ་གཏོང་ལ།ཕྱོགས་རེ་བའི་སློབ་གསོའི་ལྟ་ཚུལ་གྱིས་སློབ་མའི་ཕྱོགས་རེ་བའི་སྤུས་ཚད་ཙམ་ལས་མཐོར་འདེགས་གཏོང་མི་ཐུབ་ཅེས་གསུངས་པ་ལྟར་དེང་སྐབས་རང་རེའི་སྤྱི་ཚོགས་འདིར་སློབ་གསོའི་ཁོར་ཡུག་མི་འདྲ་བའི་མི་རིགས་མང་པོ་ཞིག་མཉམ་དུ་འདུ་འཛོམས་བྱེད་པ་དང་། དེ་དག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་གཤིས་ཀ་རེ་ལྡན་སྲིད། ཡང་དག་པའི་སློབ་གསོས་མིའི་གཤིས་ཀ་དེ་ལེགས་པོའི་ཕྱོགས་སུ་བསྒྱུར་ཐུབ་ངེས་པ་དཔེ་མཚོན་ཙམ་ཞིག་བརྗོད་ན།དེང་སྐབས་རང་རེའི་ཞིང་འབྲོག་

    ༄༅།།སྟབས་བདེའི་ཞོར་ཟས་ཟོས་ན་མིའི་ལུས་ཕུང་ལ་གནོད།

    སྟབས་བདེའི་ཞོར་ཟས་ཁྲོད་མིའི་ལུས་ཕུང་ལ་མི་འཚམ་པའི་རྒྱུ་ཆ་ལྡན་པས་མིའི་སྐྱེ་ཁམས་ལ་གནོད་པ་འབྱུང་སྲིད། སྟབས་བདེའི་ཞོར་ཟས་ཀྱི་རིགས་ནི་དྲི་ཞིམ་ལ་བྲོ་བ་མངར་མོ་ཞིག་ཡིན་ཕྱིན། ན་ཆུང་བྱིས་པ་རྣམས་ཟ་རྒྱུར་ཧ་ཨང་དགའ། ཞོར་ཟས་འདིའི་རིགས་ཀྱི་ནང་ལ་རོ་མངར་བ་དང་བྲོ་བ་ཞིམ་པའི་རྫས་འགྱུར་གྱི་བྲོ་རྫས་རིགས་མང་བོ་བསྲེས་ཡོད་པས་རོ་བྲོ་ལྕི་བ་ཞིག་ཡིན། སྟབས་བདེའི་ཞོར་ཟས་ཀྱི་ནང་ལ་སྣུམ་གྱི་རིགས་དང་མངར་ཆའི་རྒྱུ་ཆ། ཚྭ་རིགས་མང་བོ་བསྲེས་སྦྱོར་བྱས་ཡོད་པ་མ་གཏོགས་འཚོ་བཅུད་ABCDགཏེར་རྒྱུའི་རིགས་བསྲེས་མེད་པས། ཟས་རིགས་དེ་དག་གི་ནུས་བཅུད་ཧ་ཅང་དོ་མི་མཉམ་པ་རེད། ཡིན་ནའང་ཞོར་ཟས་ནི་གཏན་ནས་ཟ་མི་ཉན་པ་ཞིག་ཀྱང་མིན་ཏེ། ཞོར་ཟས་ལ་ལའི་ནང་ལ་སྒོ་ང་དང་སྔོ་ཚོད་སོགས་བསྲེས་སྦྱོར་བྱས་ཡོད་པས། འོས་འཚམ་དུ་སྤྱད་ན་གནོད་པ་ཆེར་མེད་དོ།།

    རྨ་ཆུའི་ནི་སེར་བོ་ཡིན་པའི་རྒྱུ་མཚན་ཅི།

    རྨ་ཆུ་ནི་བྱེ་ཟེགས་ཀྱི་འདུས་ཚད་ཆེ་བས་རྙོག་སེར་ཡིན་པ་ཀུན་ལ་གྲགས་ཡོད། ཡིན་ནའང་། ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ལ་རྨ་ཆུའི་འགྲམ་རྒྱུད་དུ་ནགས་ཚལ་སྟུག་པོ་སྐྱེས་ཡོད་པ་དང་ཆར་ཆུ་མོད་པའི་རྐྱེན་གྱིས་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་ཡུལ་དུ་གྲགས། འོན་གཡུ་ལོ་བཀོད་པའི་ཞིང་ཁམས་ལྟ་བུའི་རྨ་ཡུལ་མཛེས་སྡུག་ལྡན་པ་དེ་དེང་གི་རི་རྒོད་ལ་རྐྱང་དང་སེར་བོ་ལེབ་གཅིག་ཏུ་ཅི་ཕྱིར་གྱུར་པ་རེད་ཅེ་ན། གཅིག་ན་འཐབ་འཁྲུག་གིས་གཏོར་བརླག་བཟོས་པ་ནི་རྐྱེན་གཙོ་བོ་ཞིག་ཡིན་པ་དང་།
  • ༄༅།།རླངས་འཁོར་གྱི་རྗེས་སུ་རྒྱུག་པ།
  • ༄༅།།ཁྱོད་ལས་ཅན་ཞིག་རེད།
  • ༄༅།།བརྗེད་སླ་བ།
  • ༄༅།།མེས་རྒྱལ།
  • Copyright @ China Tibet Online
    འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
    E-Mail:jiangbai@126.com
    ཁ་པར།:010-58336716