༄༅།།ལྟ་ཞིབ་ནུས་པ་སྐྱེད་སྲིང་བྱེད་པར་དོ་སྣང་བྱ་དགོས།
སྤེལ་དུས། 2008-06-19   ཡོང་ཁུངས།    རྩོམ་པ་པོ།  མཁའ་འགྲོས་བསྒྲིགས།

 ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། སློབ་གྲོགས་རྣམས་ཀྱི་ལྟ་ཞིབ་ནུས་པའི་དྲག་ཞན་ནི་འཇིག་རྟེན་ལ་ངོས་འཛིན་དང་ཤེས་བྱ་རྒྱ་ཆེར་བསྐྱེད་པར་ཐད་ཀར་འབྲེལ་བ་ཡོད། དཔེར་ན་སྐད་ཡིག་སློབ་སྦྱོང་གི་ཁྲོད་དུ་འབྲི་ཚུལ་དང་སྒྲིག་གཞི་ཅུང་མི་འདྲ་བའི་ཡི་གེ་ལ་ལྟ་ཞིབ་བྱེད་མཁས་པའི་སློབ་གྲོགས་ཀྱིས་གཅིག་བལྟས་པ་ཙམ་གྱིས་ཡིད་ལ་འཛིན་ཐུབ་ཅིང་། བྲིས་ནའང་ནོར་འཕྱུགས་མེད། དེ་མ་ཡིན་པར་ལྟ་ཞིབ་ལ་ཡིད་འཇོག་མི་བྱེད་པའི་སློབ་གྲོགས་ལ་ནམ་ཡིན་ཡང་ནོར་འཕྱུགས་འབྱུང་སྲིད། རྩོམ་འབྲི་བའི་ཐད་ལྟ་ཞིབ་བྱེད་མཁས་པའི་སློབ་གྲོགས་དེས་ནམ་ཡིན་ཡང་འཚོ་བ་དངོས་ཀྱི་ནང་ནས་བརྗོད་བྱ་གསར་བ་མི་ཉུང་བ་ཞིག་ཪྙེད་པར་མ་ཟད། ལག་ཏུ་ནམ་ཡང་བྲིས་མི་ཚར་བའི་རྒྱུ་ཆ་ཡོད། དེ་ལས་ལྡོག་ཏེ་ལྟ་ཞིབ་བྱེད་མི་འདོད་པའི་སློབ་གྲོགས་དེར་ནམ་ཡང་བྲི་བའི་རྒྱུ་ཆ་མེད་པའི་སྣང་བ་འབྱུང་སྲིད། ཡང་དཔེར་ན། རྩིས་རིག་དང་དངོས་ལུགས། རྫས་འགྱུར་གྱི་སློབ་སྦྱོང་ཁྲོད་དུ། ལྟ་ཞིབ་ནུས་པ་བཟང་བའི་སློབ་གྲོགས་ཀྱིས་དགེ་རྒན་གྱིས་དངོས་པོ་དང་བཟོ་དབྱིབས། རི་མོ། རེའུ་མིག་བཅས་སློབ་ཁྲིད་ཡོ་བྱད་བཀོལ་ནས་རིམ་འགྱུར་བྱུང་བ་སྟོན་པ་དང་། ཚོད་ལྟ་བྱེད་སྐབས། ཕྱི་ཡུལ་གྱི་རྣམ་པའི་སྟེང་ནས་ནང་གི་ངོ་བོ་འཛིན་ཐུབ་ལ། མགྱོགས་མྱུར་སྒོས་ཚན་རིག་ཐ་སྙད་དང་ངེས་སྲོལ་ལ་ཤེས་རྟོགས་བྱེད་ཐུབ་པར་མ་ཟད། དེའི་ནང་ནས་གསང་བའང་བརྟོལ་ཐུབ། དེ་བས་ཆུང་དུས་ནས་རང་འགུལ་དང་ནན་ཏན་གྱིས་བྱ་དངོས་ལ་ལྟ་ཞིབ་བྱེད་པའི་གོམས་གཤིས་དང་ནུས་པ་སྐྱེད་སྲིང་བྱས་ན། ཕྱིན་ཆད་ཀྱི་སློབ་སྦྱོང་དང་བྱ་བའི་ཐད་དོན་སྙིང་གལ་ཆེན་ཡོད།
 འོ་ན། རང་ཉིད་ཀྱིས་ལྟ་ཞིབ་ནུས་པ་སྐྱེད་སྲིང་ཇི་ལྟར་བྱ་དགོས་ཤེ་ན། གཅིག་ནས་ལྟ་ཞིབ་ཀྱི་ནུས་པ་སྐྱེད་སྲིང་བྱེད་པའི་དགའ་མོས་ལ་ཡིད་འཇོག་བྱས་ནས། རང་འགུལ་དང་ནན་ཏན། དམིགས་ཡུལ་ཡོད་པའི་སྒོ་ནས་བྱ་དངོས་སྣ་ཚོགས་ལ་ལྟ་ཞིབ་བྱ་དགོས། གཉིས་ནས་བྱ་དངོས་ལ་ལྟ་ཞིབ་བྱེད་སྐབས་དབྱེ་ཞིབ་དང་ཞིབ་བསྡུར་བྱས་ཏེ་མི་མཐུན་པ་དགར་ནས་བྱ་དངོས་སྣ་ཚོགས་ཀྱི་ངོ་བོ་དང་ཁྱད་ཆོས་ཁོང་དུ་ཆུད་དགོས། གསུམ་ནས་ལྟ་ཞིབ་ཟིན་བྲིས་བྲི་རྒྱུར་དོ་སྣང་དང་བྱ་དངོས་སྣ་ཚོགས་ཀྱི་ཁྱད་ཆོས་ཟིན་བྲིས་སུ་འདེབས་གང་ཐུབ་བྱ་དགོས། དེ་ལྟར་དུས་ཡུན་རིང་བོ་འགོར་ན། ད་གཟོད་ལྟ་ཞིབ་བྱེད་པའི་གོམས་གཤིས་ལེགས་པོ་ཞིག་གསོ་སྐྱོང་བྱེད་ཐུབ་ལ། བྱ་དངོས་ལ་ལྟ་ཞིབ་བྱེད་པའི་ནུས་པའང་མཐོ་རུ་འདེགས་ཐུབ།
 
 

 

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060