སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
བོད་ཡིག་ཚགས་པར་གྱི་རིག་རྩལ་ལེ་ཚན་ཇུས་འགོད་སྐོར་རགས་ཙམ་གླེང་བ།
སྤེལ་དུས། 2010-03-31   ཡོང་ཁུངས།    རྩོམ་པ་པོ།  བཀྲ་ཤིས་ཚེ་རིང་།
      ཚགས་པར་ཞིག་ལ་ཡིད་འགུག་གི་ནུས་པ་ཐོན་མིན་དེ་རྩོམ་སྒྲིག་པས་པར་ངོས་ཇུས་འགོད་ཐད་གཟབ་ནན་བྱས་ཡོད་མེད་ནམ་མཚོན་ཐུབ།   བདག་གི་ལོ་དུ་མར་རིག་རྩལ་ལེ་ཚན་གྱི་རྩོམ་སྒྲིག་གི་བྱ་བ་གཉེར་མྱོང་བ་ལས་རང་གི་ལྟ་ཚུལ་ཙམ་བརྗོད་ན།

གཅིག ཏང་གི་ཚགས་པར་སྒྲུབ་པའི་རྩ་དོན་དང་བསྟུན་དགོས།

ཏང་གི་ཚགས་པར་གྱི་རིག་རྩལ་ལེ་ཚན་ནི་ཚགས་པར་གྱི་མེད་དུ་མི་རུང་བའི་ཆ་ཤས་ཤིག་དང་།
        
ཚད་ངེས་ཅན་ཞིག་ནས་ཚགས་པར་གྱི་ཀློག་པའི་རིན་ཐང་མཚོན་འདུག།   བོད་ཁུལ་གྱི་ཚགས་པར་མང་ཤོས་ལ་བལྟས་ན། བསྐུར་ཡོང་བའི་རྩོམ་ལས་མང་ཆེ་ཤོས་རིག་རྩལ་རྩོམ་ཡིག་ཡིན་ཞིང་། རིག་རྩལ་ལེ་ཚན་ནི་ཀློག་པ་པོ་གང་མང་གི་མིག་དབང་ཕྱོགས་སར་གྱུར་ཡོད།   འོན་ཀྱང་། བོད་ཁུལ་གྱི་ཏང་གི་ཚགས་པར་མི་ཉུང་བར་རིག་རྩལ་ལེ་ཚན་འདོན་ཐེངས་ཉུང་ཁར། འདོན་པའི་དུས་ཚོད་ལ་ངེས་པ་མེད་ཅིང་། ལ་ལ་འདོན་མཚམས་བཞག      གནད་དོན་དེར་གཞིགས་ཏེ་བདག་གིས་བོད་ཁུལ་གྱི་ཚགས་པར་དུས་དེབ་འགར་རྟོག་ཞིབ་བྱས།   གནད་དོན་དེའི་འབྱུང་རྩ་ནི། བོད་ཁུལ་ནི་ཆབ་སྲིད་ཐོག་ལྟོས་བཅས་ཀྱིས་བཤད་ན་ཅུང་ཚོར་སྣང་སྐྱེན་པའི་ས་ཁུལ་ཡིན་སྟབས། རྩོམ་རིག་བརྩམས་ཆོས་ཀྱིས་ཆབ་སྲིད་བསམ་བློ་དང་མི་རིགས་ཆོས་ལུགས་སོགས་སྒྱུ་རྩལ་གྱི་ལམ་ནས་མཚོན་ཡོད་པ་གནད་དོན་འབྱུང་རྩ་རུ་དོགས་ནས་བྱུང་བས་རེད།   དེ་བཞིན་དུ་བོད་ཡིག་གི་ཏང་གི་ཚགས་པར་ཁ་ཤས་ཀྱིས་རིག་རྩལ་ལེ་ཚན་མི་འབྱུང་བར་གཡོལ་བ་རེད།   གལ་ཏེ་ཚགས་པར་གྱིས་གསར་འགྱུར་གྱི་ཉེ་བཅར་གསུམ་དམིགས་ཡུལ་ཞིག་ཏུ་འཛིན་དགོས་ན།   གཡོལ་བ་ཙམ་ནི་ཐབས་མཆོག་ཅིག་ག་ལ་ཡིན།   རྩོམ་སྒྲིག་པས་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་དང་བྱ་བའི་འཁུར་སེམས།   རིག་གནས་ཁྱབ་སྤེལ་གྱི་འགན་འཁྲིའི་འདུ་ཤེས་ཀྱིས་རང་འགན་གྱི་བྱ་བ་བསྒྲུབ་རྒྱུ་དེ་བསྲུང་བྱ་གཙོ་བོར་འཇོག་དགོས་ཤིང་། ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་ཀྱིས་ཏང་གི་འབོད་སྐུལ་དུས་ལྟར་བསྒྲགས་ཏེ།
   
ཡང་དག་པའི་གླེང་ཕྱོགས་ཀྱིས་ཀློག་པ་པོར་བསམ་པའི་ལོངས་སྤྱོད་འབུལ་དགོས།

 གཉིས། ལེ་ཚན་ཇུས་འགོད་ལེགས་པར་བྱས་ཏེ། ཀློག་པ་པོ་གང་མང་འགུག་དགོས།

       དེང་གི་དུས་འདིར།   སྤྱི་ཚོགས་རིག་གནས་སྣ་མང་ཅན་གྱི་འཕེལ་ཚུལ་མགྱོགས་ལ། བརྙན་འཕྲིན་དང་དྲ་རྒྱ་སོགས་དེང་རབས་སྨྱན་བྱེད་ཀྱིས་ཚགས་པར་ལས་རིགས་ལ་སྔ་ན་མེད་པའི་ཕོག་ཐུག་དང་འགྲན་རྩོད་སློང་བཞིན་ཡོད། བོད་ཡིག་གི་ཏང་གི་ཚགས་པར་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་དེ་བས་ཚབས་ཆེ། སྲོལ་རྒྱུན་གྱི་རིག་རྩལ་ལེ་ཚན་ཇེ་ཉུང་དུ་ཕྱིན་པ་དང་ཀློག་མཁན་དང་རྩོམ་པ་པོ་གང་མང་ཕྱོགས་གཞན་དུ་ཤོར་བཞིན་པའི་སྣང་ཚུལ་ཚང་མས་མཐོང་ཐུབ། ཚགས་པར་མི་ཉུང་བས་བག་འཁུམས་ཀྱི་བསམ་བློ་མི་འདོར་བར་ད་དུང་སྔར་བཞིན་རྩོམ་གྱི་སྤུས་ཚད་ལ་མི་བལྟོས་པར་གང་ཡིན། ཚང་མ་པར་ངོས་སུ་བརྫངས་པའི་རྣམ་པའང་རྒྱུན་འབྱམས་སུ་གནས་པ་སྟེ།   རྩོམ་སྟངས་ཕལ་ཆེ་བ་སྙན་ངག་དང་ཚིག་ལྷུག་ཉུང་ཤས་ཡིན་པ་ཙམ་ལས“རིག་རྩལ་ལེ་ཚན་གྱི་གསར་འགྱུར་ཁྱད་ཆོས་ཅན”ཞེས་པའི་དེང་གི་ཚགས་པར་སྒྲུབ་སྟངས་དང་རིང་དུ་གྱེས་པའི་རྣམ་པ་ཆགས་ཡོད།   རྣམ་པ་དེ་བསྒྱུར་་བར་ཐོག་མར་རང་སྒུལ་གྱི་རྩོམ་པ་པོར་འབྲེལ་འདྲིས་དང་རྩོམ་ཡིག་བསྡུ་སྒྲིག   པར་ངོས་ཇུས་འགོད་ཐད།   བསམ་གཞིགས་ཡང་ཡང་བཏང་སྟེ་དེ་ནས་ལག་ལེན་དུ་བསྟར་དགོས།

 གསུམ། བརྗོད་བྱ་སྤྱི་ཚོགས་ཅན་དང་ལེ་ཚན་གྱི་རྩོམ་སྟངས་སྣ་མང་ཅན་དུ་གཏོང་དགོས།

རྩོམ་སྒྲིག་པས་པར་ངོས་ཟུས་འགོད་བྱེད་སྐབས་ངེས་པར་དུ་ཀློག་མཁན་ལ་པར་ངོས་སུ་རྩོམ་ཡིག་གི་བརྗོད་བྱ་དང་རྩོམ་སྟངས་ག་འདྲ་མཁོ་བ་གསལ་བོར་ཤེས་སུ་འཇུག་དགོས། དཔེར་ན། མཚོ་སྔོན་བོད་ཡིག་གསར་འགྱུརལསསྐར་ཚོམདང་ནེའུ་གསིང》《རིག་རྩལ་གཞོགས་བཀོདཔར་ངོས་ཡིན་ཞིང་། རྩོམ་སྟངས་དང་བརྗོད་བྱ་གང་ཡིན་ལ་སྣ་འཛོམས་རང་བཞིན་གྱི་ཁྱད་ཆོས་ལྡན་ཁར་ལེགས་རྩོམ་རིང་གྲས་འགའ་འགོད་བཞིན་པ་དེ་ཡང་ཁྱད་ཆོས་ཤིག་ཏུ་མཐོང་།   དེ་ལྟར་བྱས་ཚེ་ཀློག་མཁན་གྱིས་ཅི་ཞིག་ལ་བལྟ་འདོད་ཅིང་རྩོམ་མཁན་གྱིས་ཅི་ཞིག་འབྲི་བར་ཁ་ཕྱོགས་གསལ་བོ་བསྟན་འདུག
     
དུས་མཉམ་དུ་རིག་རྩལ་གཞོགས་བཀོད་དུ་འཐོར་རྩོམ་ནི་མེད་དུ་མི་རུང་བའི་རྩོམ་སྟངས་ཤིག་ཏུ་བགྲང་ཆོག   ཅིའི་ཕྱིར་ཞེ་ན་འཐོར་རྩོམ་ལ་དམིགས་སའི་རང་བཞིན་དང་སྒྲུབ་བྱེད་རང་བཞིན་ལྡན་ཕྱིར་པར་ངོས་ཀྱི་བླ་སྲོག་ལྟ་བུར་གྱུར་ཡོད།   ལྷག་པར་དུ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཅིང་མི་ཀུན་གྱི་གླེང་གཞིར་གྱུར་པའི་བརྗོད་བྱ་ལ་ཀློག་མཁན་རྣམས་ཀྱི་དགའ་བསུ་བྱེད་པ་ལྟ་བུའི། 

བཞི། ས་ཁོངས་ཀྱི་བརྗོད་བྱ་བཟུང་སྟེ་ཚགས་པར་རང་གི་ཁྱད་ཆོས་འདོན་དགོས།

       བོད་ཁུལ་གྱི་ཚགས་པར་མང་ཆེ་ཤོས་ནི་རང་ས་གནས་ཀྱི་ཚགས་པར་ཡིན་ལ།   ཚགས་པར་འགྲེམས་ཁུལ་དང་ཀློག་མཁན་མང་བོ་ས་གནས་དེ་གར་ཡོད་ཕྱིར། རིག་རྩལ་གཞོགས་བཀོད་ལ་ས་གནས་ཀྱི་ཁྱད་ཆོས་འདོན་པར་ནང་དོན་གྱི་ཆ་ནས་ས་གནས་དེའི་བརྗོད་བྱ་འདེམ་དགོས། དཔེར་ན། བོད་ཁུལ་གྱི་ཁྱད་འཕགས་དུས་ཆེན་དང་སྲོལ་རྒྱུན་སྣ་ཚོགས་རྩོམ་སྟངས་འདྲ་མིན་སྤྱད་དེ་བཀོད་ན། ཚགས་པར་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཆགས་ཐུབ།

         མདོར་ན། རིག་རྩལ་གཞོགས་བཀོད་དེ་ཚགས་པར་གྱི་གཞོགས་ཕྱེད་ཙམ་ཡིན་པར།   དེ་ནི་ཚགས་པར་གྱི་ཟུར་བརྒྱན་ཏེ་གསར་འགྱུར་སྨྱན་བྱེད་གཞན་ལས་ལྷག་པའི་ནུས་པ་འདོན་ཐུབ་ཅིང་། ཀློག་མཁན་གྱི་ཐོས་དགའ་མཐོང་སྤྲོའི་སྤྱོད་ཡུལ་དུ་འགྱུར་ཐུབ་པར་སྙམ་མོ།།

 འབྲུག་མོས་ཞུ་དག་བྱས།

 

 

 

 

 

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060