ལྕང་ལོ་ཅན་བསོད་ནམས་རྒྱལ་པོའི་ཀྱག་ཀྱོག་གི་མི་ཚོའི་བཞུད་ལམ་རིང་མོ་།
སྤེལ་དུས།  2012-05-03 ཡོང་ཁུངས།  རྩོམ་པ་པོ།   སྐལ་བཟང་གྲགས་པ། སྒྲོལ་མས་བསྒྲིགས།

  བསོད་ནམས་རྒྱལ་པོར་རྣམ་ཀུན་ལྕང་ལོ་ཅན་བསོད་ནམས་རྒྱལ་པོའམ་གུང་བསོད་ནམས་རྒྱལ་པོ་ཞེས་འབོད   ཁོང་ནི་སྤྱི་ལོ༡༨༩༧ལོར་ཡབ་ལྕང་ལོ་ཅན་རྣམ་རྒྱལ་ཚེ་བརྟན་དང་ཡུམ་ཟུར་ཁང་ཁྱིམ་རྒྱུད་ཀྱི་རྡོ་རྗེ་གཡང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས   ཡབ་ལྕང་ལོ་ཅན་རྣམ་རྒྱལ་ཚེ་བརྟན་ལ་བོད་རབ་བྱུང་བཅོ་ལྔ་བའི་མེ་ཕག་ལོའསྤྱི་ལོ༡༨༨༧ལོཟླ་བ་བཅུ་པའི་ཚེས་ལྔ་ཉིན་རིམ་པ་དང་པོའ་ཏོག་དང་གུང་གི་ཆོ་ལོ་གནང་   ཁོང་གཉིས་ལ་སྲས་སྲོས་གསུམ་ཡོད་པའི་ཆེ་བ་རྣམ་རྒྱལ་ཚེ་དབང་དང་   འབྲིང་བ་བདེ་ཆུང་དབང་མོ་དང་   ཆུང་བ་བསོད་ནམས་རྒྱལ་པོ་ཡིན   ལྕང་ལོ་ཅན་གྱི་ཁྱིམ་རྒྱུད་ནི་དེ་སྔའི་བོད་ཀྱི་ལོ་རྒྱུས་ཐོག་མཛད་རྗེས་མི་དམན་པ་བཞག་གནང་མཛད་པའི་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་མི་རྒྱུད་ཡིན   སྤྱི་ལོ༡༩༠༣ལོར་བསོད་ནམས་རྒྱལ་པོ་དགུང་ལོ་དྲུག་གི་སྐབས་སུ་ལྷ་སའི་དགའ་ལྡན་ཤར་དུ་སློབ་གཉེར་གནང་   ༡༩༠༩ལོར་བསོད་ནམས་རྒྱལ་པོ་དགུང་ལོ་བཅུ་གཉིས་ཀྱི་སྐབས་ཁོང་གི་ཡབ་དམ་པ་ཞོལ་འདོད་དཔལ་ལས་ཁུངས་སུ་ཕྱག་ལས་གནང་རིང་རྒྱུན་པར་ཡབ་དམ་པས་ཁྲིད་དེ་ཞོལ་འདོད་དཔལ་ལས་ཁུངས་སུ་བོད་ས་གནས་སྲིད་གཞུང་གི་སྲིད་དོན་ལ་རྒྱུས་མངའ་གནང་འགོ་ཚུགས   དུས་དེ་ནས་བཟུང་ཡབ་རྣམ་རྒྱལ་ཚེ་བརྟན་གྱིས་ཆེད་དུ་ལོ་ན་ཕྲ་བའི་བསོད་ནམས་རྒྱལ་པོར་བོད་ས་གནས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཁག་ལ་ཞུགས་སུ་བཅུག་པ་དང་   གཞུང་ཡིག་སྣ་ཚོགས་འབྲི་བར་སྦྱོང་བ   བོད་ཡིག་གི་ཡིག་གཟུགས་སྣ་རིགས་སྦྱོང་དུ་བཅུགདེ་མིན་ཆེད་དུ་སྡེ་པ་གཞུང་གི་སྐུ་དྲག་གི་གུས་ཞབས་ལ་འདྲིས་ཆ་ཡོད་དུ་བཅུག་པ་དང་   དགོན་སྡེར་མཆོད་མཇལ་ཞུ་བ   ལྷ་སའི་ཉེ་འཁོར་དུ་གནས་གཟིགས་སུ་འཁྲིད་པ་སོགས་གནང་   ལྷག་པར་དུ་བསོད་ནམས་རྒྱལ་པོས་ཆུང་དུས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁམས་ཚན་དུ་བཞུགས་པའི་དགེ་བཤེས་ལྷ་རམས་པ་ཤེས་རབ་རྒྱ་མཚོ་མཆོག་དགེ་རྒན་དུ་བསྟེན་ཞིང་   དགེ་བཤེས་ལྷ་རམས་པ་ཤེས་རབ་རྒྱ་མཚོ་མཆོག་རྟག་པར་ལྕང་ལོ་ཅན་གྱི་ལྷ་སའི་གཟིམ་ཁང་དུ་གདན་འདྲེན་བྱས་པ་སོགས་ཀྱི་སྒོ་ནས་སྒྲ་དང་   སྙན་ངག   སུམ་རྟགས་ལ་སོགས་པའི་ཐུན་མོང་རིག་གནས་ལ་སློབ་སྦྱོང་བྱས་པ་ནས་མགོ་བཙུགས་ཏེ   ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཆེ་ཆུང་བཅུའི་རྨང་གཞིའི་ཤེས་བྱར་སྦྱངས་བརྩོན་མཛད་པས   ཆུང་དུས་ནས་རིག་གནས་ཤེས་བྱ་ཁག་གི་རྨང་གཞི་བརྟན་པོ་ཚུགས   དེ་མིན་ལྷན་སྐྱེས་ཀྱིས་ཆུང་དུས་ནས་སྨྲ་མཁས་པ་དང་བློ་རིག་བཀྲ་བའི་སྐད་གྲགས་ཆོད  
     
སྤྱི་ལོ༡༩༡༦ལོར་བསོད་ནམས་རྒྱལ་པོ་དགུང་ལོ་བཅུ་དགུའི་ཐོག་ཏཱལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ཁོང་ལ་གུང་གི་ཆོ་ལོ་གནང་སྟེ   ཁོང་གིས་ལྕང་ལོ་ཅན་ཁྱིམ་རྒྱུད་ཀྱི་གུང་གི་ཆོ་ལོ་རྒྱུན་འཛིན་ཐུབ   ལྕང་ལོ་ཅན་བསོད་ནམས་རྒྱལ་པོས་དགུང་ལོ་ཉེར་ལྔ་ནས་འགོ་བཙུགས་ཏེ་བོད་ས་གནས་སྲིད་གཞུང་གི་ཞབས་སྡོད་ཞུས   སྤྱི་ལོ༡༩༢༣ལོར་ཁོང་རྒྱལ་རྩེའི་དབྱིན་ཇིའི་དམག་སྒར་དུ་དབྱིན་ཡིག་དང་   དམག་རྩལ་སྦྱོང་བར་མངགས   སྤྱི་ལོ༡༩༢༥ལོར་ཕྱིར་ལྷ་སར་ལོག་རྗེས་ཁོང་ཉིད་བོད་ས་གནས་སྲིད་གཞུང་ནས་རྒྱ་གར་དུ་གོ་མཚོན་ཉོ་བར་མངགས   སྤྱི་ལོ༡༩༢༥ལོར་གུང་བསོད་ནམས་རྒྱལ་པོ་བོད་ས་གནས་སྲིད་གཞུང་གི་དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་གཙོས་པའི་ཤོད་དྲུང་ཁག་ཅིག་གིས་སྒྲིག་བཙུགས་བྱས་པའི་བོད་དམག་རྒྱ་བསྐྱེད་གཏོང་རྩིས་བྱེད་པའི་དོན་རྐྱེན་དུ་ཞུགས་པས   བསོད་ནམས་རྒྱལ་པོའ་གུང་གི་ཆོ་ལོ་སྡེ་པ་གཞུང་ནས་ཕྱིར་འཐེན་མཛད   དམག་མིའི་འགོ་བྱེད་ཁག་ཅིག་གནས་དབྱུང་བཏང་བ་དང་ཁག་ཅིག་དཔོན་གནས་ཕབ   བསོད་ནམས་རྒྱལ་པོ་ཐེངས་དེའི་དོན་རྐྱེན་ཁྲོད་ཞུགས་པས་མི་ཚད   ལས་དོན་ལ་ཧུར་ཐག་གནང་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུགས་མ་རངས་པ་བྱུང་ཡང་   ཁོང་གི་འཇོན་ཐང་དང་ཡོན་ཏན་ལ་བརྩི་མཐོང་གནང་ཆེད   ཁོང་བོད་ས་གནས་སྲིད་གཞུང་གི་རིམ་པ་ལྔ་པའི་ཏོག་གནས་ཤོད་དྲུང་གི་ལས་ཚན་སྟོད་སྒར་དཔོན་དུ་གནས་སྤོས་བསྐོ་བཞག་མཛད   བསོད་ནམས་རྒྱལ་པོ་སྐུ་དངོས་མངའ་རིས་སུ་ལས་འཁུར་དུ་མ་བསྐྱོད་པར་ལས་ཚབ་ཏུ་རང་གི་གཅེན་མོ་བདེ་ཆུང་དབང་མོ་དང་གཅེན་མོའ་ཟླ་བོ་མངགས་ཏེ  རང་ཉིད་ལྷ་སར་བཞུགས་ནས་རྗེས་སོར་ཇ་ཚྭ་ལས་ཁུངས་ཀྱི་དོ་དམ་གནང་   སྤྱི་ལོ༡༩༣༣ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་རྗེས་བོད་ལྗོངས་ཀྱི་ཆབ་སྲིད་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་   བོད་ལྗོངས་ཀྱི་ཆབ་སྲིད་ཀྱི་དུས་བབ་དེ་ཡང་གཙོ་བོ་ཕྱོགས་གཏོགས་གཉིས་ཀྱིའཐབ་རྩོད་ཁྲོད་དུ་ལྷུང་སྟེ་སྤྱི་ཚོགས་ཟང་ཟིང་བཟོས   སྤྱི་ལོ༡༩༣༤ལོར་ཆེད་མངགས་སུ་ཞིག་གིས་སྲིད་སྐྱོང་བྱ་རྒྱུའི་ཐད་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་འཚོགས་ཤིང་   ཚོགས་འདུ་རྒྱས་འཛོམས་ཐོག་རྩོད་པ་ཆེན་པོ་བྱུང་བ་སྟེ   མི་ཁག་ཅིག་གིས་་སྤྱན་གསལ་ཐུབ་བསྟན་ཀུན་འཕེལ་སྲིད་སྐྱོང་ལ་བསྐོས་ནས་བོད་ཀྱི་ཆོས་སྲིད་ཀྱི་འགན་དབང་བཞེས་རྒྱུའི་གྲོས་འགོ་བཏོན་པ་དང་   མི་ཁག་ཅིག་གིས་སྐབས་དེར་སྲིད་བློན་མཛད་མུས་ཀྱི་ཏླ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་ཚ་ཡབ་གཞིས་གླང་མདུན་ཀུན་དགའ་དབང་ཕྱུག་གིས་སྲིད་སྐྱོང་གནང་སྟེ   ཕྱག་རོགས་ལ་སེར་སྐྱའི་དཔོན་རིགས་གཉིས་བསྐོ་རྒྱུའི་གྲོས་འགོ་བཏོན   ད་དུང་མི་ཁག་ཅིག་གིས་སྔར་སྲོལ་བཞིན་སྤྲུལ་སྐུ་ཆེན་མོ་ཞིག་སྲིད་སྐྱོང་ལ་བསྐོ་རྒྱུའི་གྲོས་འགོ་བཏོན   སྐབས་དེ་དུས་བསོད་ནམས་རྒྱལ་པོ་ནི་མཐའ་གཅིག་ཏུ་སྤྱན་གསལ་ཐུབ་བསྟན་ཀུན་འཕེལ་སྲིད་སྐྱོང་ལ་བསྐོ་རྒྱུའི་དགོངས་ཚུལ་འཛིན་མཁན་གྲས་ཡིན   ཐེངས་དེའི་གལ་ཆེའི་ཚོགས་འདུའི་ཐོག་བསོད་ནམས་རྒྱལ་པོས་བཀའ་མོལ་མང་པོ་གསུངས་ཤིང་བསམ་འཆར་མ་མཐུན་པ་སེལ་ཐབས་གནང་བ་དང་མི་རྣམས་ཧང་སངས་དགོས་པའི་བཀའ་མོལ་གསུངས   ཁོང་གིས་སྐད་ཆ་བསྐོར་ནས་ལྷ་སའི་གདན་ས་གསུམ་གྱི་བླ་དཔོན་ཁག་ཅིག་གི་ཕྱོགས་གཏོགས་ལ་ཟུར་ཟ་གནང་བ་སྟེ   ཁོང་གིས་བླ་མ་ཡིན་ཟེར་ཨེན་ཆུང་ཆུང་ཆུང་ཞིག་ཁྲི་མཐོན་པ་སྒང་ལ་བཞག་གཤམ་དུ་ཕྱག་མཛོད་ཆེན་མོ་ཞེས་གང་ཡང་མི་ཤེས་པའི་བླ་རྒན་སྣ་ཐ་འབོ་གང་ཙམ་འཐེན་ནས་སྡོད་མཁན་ཞིག་བཞག་པས་ལས་དོན་ཡག་པོ་འཁྱོང་རྒྱུ་མ་རེད་ཅེས་གསུངས   སྤྱི་ལོ༡༩༣༤ལོའ་ཟླ་བ་ལྔ་པའི་ཚེས་བཅུ་ཉིན་བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་སྐད་གྲགས་ཆོད་པའི་ལུང་ཤར་དོན་རྐྱེན་ཞེས་པ་བྱུང་   སྐབས་དེར་དགུང་ལོ་སོ་བདུན་ཟིན་པའི་བསོད་ནམས་རྒྱལ་པོ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་སོགས་ཀྱིས་སྒྲིག་བཙུགས་བྱས་པའི་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་ནང་ཞུགས   ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་བསྒྱུར་བཅོས་བྱེད་པར་ངེས་པར་དུ་བསོད་ནམས་རྒྱལ་པོ་སོགས་བསམ་བློ་གསར་པ་དང་ལྟ་བ་གསར་པ་ཡོད་པའི་སྡེ་པ་གཞུང་གི་དཔོན་རིགས་ཀྱིས་གཞོགས་འདེགས་བྱེད་དགོས་ཀྱི་ཡོད་པར་བརྟེན   ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་རང་འགུལ་ཐོག་ཁོ་ཚོ་དང་འབྲེལ་བ་བཙུགས   སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་རྩ་དོན་ནི་ཡོངས་གྲགས་སུ་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་དང་སྲིད་འཛིན་ལམ་སྲོལ་ལ་སྒྱུར་བཅོས་བྱེད་ནས   ལོ་བཞིར་བཀའ་བློན་ཐེངས་རེ་འདེམ་བསྐོ་བྱེད་ཐོག་ཚེ་གང་བོར་བཀའ་བློན་བྱེད་པའི་དབང་ཆའི་ཚབ་བྱེད་པ་མ་ཟད་ངེས་པར་དུ་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་བཀའ་བློན་འདེམས་དགོས་ཤིང་   བཀའ་བློན་གྱིས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ལ་འགན་འཁུར་དགོས་པར་འདོད   དེར་བརྟེན་ཁོ་ཚོའི་སྒྱུར་བཅོས་ཀྱི་འཆར་གཞི་དེས་ཐད་ཀར་བོད་ས་གནས་སྲིད་གཞུང་གི་སྐབས་དེའི་བཀའ་བློན་གྱིས་གཙོས་པའི་མཐོ་རིམ་དཔོན་རིགས་ཀྱི་ཁེ་ཕན་ལ་ཕོག་ཐུག་བཏང་པར   ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལ་སྒྲོ་འདོགས་ཀྱིས་ཁྲིམས་ཆད་ནན་མོ་ཕོག་པ་དང་   སྐྱིད་ཕྱོགས་ཀུན་མཐུན་མེད་པར་བཟོས་པའི་ཁྱབ་བསྒྲགས་བྱས   དེ་བཞིན་ལྕང་ལོ་ཅན་བསོད་ནམས་རྒྱལ་པོས་གོང་དུ་ཞུས་པ་བཞིན་སྐྱིད་ཕྱོགས་ཀུན་མཐུན་གྱི་འབྲེལ་ཡོད་ཡིག་ཆ་ཡོད་ཚད་བྲིས་པ་སོགས་ནུས་པ་གལ་ཆེན་ཐོན་ཡོད་པར་དང་ཐོག་ལག་པ་གཏུབ་རྒྱུའི་ཁྲིམས་ཐག་བཅད་པར   ཁོ་པའི་དགེ་བའི་བཤེས་གཉེན་དགེ་བཤེས་ལྷ་རམས་པ་ཤེས་རབ་རྒྱ་མཚོ་དང་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་གཙོ་བོ་ཁག་ཅིག་དབར་དམིགས་བསལ་གྱི་དགེ་སློབ་ཀྱི་འབྲེལ་བ་ཡོད་པས   དགེ་བཤེས་ལྷ་རམས་པ་ཤེས་རབ་རྒྱ་མཚོ་སྐུ་ངོ་མས་ཕྱོགས་ཁག་ལ་ཞུ་བ་གསོལ་བར་བསྐྱོད་པ་དང་དེའི་ཐོག་སྤུན་ཉེ་ཚོའི་རོགས་རམ་འོག་མཐར་ཁྲིམས་གཅོད་ཡང་དུ་བཏང་ནས་ལག་པ་གཏུབ་མི་དགོས་པ་བྱས   རྗེས་སོར་ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་སོགས་ལ་ཐག་ཞོར་འབྲེང་འདྲུད་ཀྱིས་ཁྲིམས་ཆད་ཕོག་སྟེ་ཀོང་པོ་རྩེ་ལྷ་སྒང་དུ་རྒྱང་འབུད་བཏང་   ང་པ་རྩེ་ལྷ་སྒང་དུ་ལྕང་ལ་ཅན་བསད་ནམས་རྒྱལ་པ་ཡུལ་དེ་གར་རྒྱང་འབུད་བཏང་བའི་སྤྱན་གསལ་ཐུབ་བསྟན་ཀུན་འཕེལ་དང་ཐུག ཁོང་གཉིས་རྩེ་ལྷ་སྒང་དུ་ཕན་ཚུན་འཚམས་འདྲི་ཞུ་རེས་བྱས་པ་དང་   གང་མགྱོགས་མཛའ་མཐུན་ཟབ་མོ་ཆགས   སྤྱི་ལོ༡༩༣༦ལོར   སྤྱན་གསལ་ཐུབ་བསྟན་ཀུན་འཕེལ་དང་མཉམ་དུ་རྒྱ་གར་དུ་བྲོས་བྱོལ་དུ་འགྲོ་རྒྱུའི་བསམ་བློ་འཁོར   བོད་ནས་ཁ་བྲལ་རྒྱུའི་ཐག་བཅད་ཚར་རྗེས   ལྕང་ལོ་ཅན་བསོད་ནམས་རྒྱལ་པོས་ལྷ་སར་ཡོད་པའི་གྲོགས་མཆོག་དམ་པ་ཞིག་ལ་ཡི་གེ་ཞིག་བསྲིངས་པ་ནི་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པ་སྟེ   འདིར་ད་ལྟ་ལྷ་སར་བཞུགས་པའི་ལྕང་ལོ་ཅན་བསོད་ནམས་རྒྱལ་པོའ་སྐུ་ཚ་ཕུན་ཚོགས་རྣམ་རྒྱལ་གྱིས་ཉར་ཚགས་བྱས་པའི་འཕྲིན་ཡིག་གི་མ་ཡིག་བཀོད་པར   ལུང་ཕྲུག་ལྷ་སྲས་སྐྱེད་བྱེད་ཤེལ་མདར་བརྫུས་པའི་རྒྱུ་རྐྱེན་གྱིས་གོ་ཕུད   བདག་ཚོ་རང་ཡུལ་རྐྱང་པར་ལོག་འཐུས་ཤིག་ཏུའང་   མཛད་གཙོ་བླ་དཔོན་རེ་ཟུང་གིས་བདེ་སྡུག་སྒང་མི་སྙོམས་པའི་ཉེར་ལེན་ལ་བརྟེན་པས   རེ་ཞིག་ཡངས་པའི་དབྱིན་ལེན་རྒྱལ་སའི་གྲོང་ཁྱེར་དུ་ལྟད་མོ་བལྟ་བ་དང་ནག་མེད་བདེན་སྐྱབས་ཞུ་བ་ཆབས་ཅིག་ཏུ་གསང་བསྐྱོད་མི་བྱ་མཐུ་མེད་བྱུང་བས་མ་འགྱོད་པ་འཚལ་ཞེས་པའོ      ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་ཀོང་པོར་རྒྱང་འབུད་བཏང་བ་དང་   རྒྱ་གར་དུ་བྲོས་བྱོལ་དུ་འགྲོ་བའི་གནས་ཚུལ་ཐད   སྤྱན་གསལ་ཐུབ་བསྟན་ཀུན་འཕེལ་གྱི་སྐུ་ཟླ་ལྷ་འཛོམས་སྒྲོལ་དཀར་གྱིས་ཕྱིར་དྲན་གནང་སྐབས   ཐུབ་བསྟན་ཀུན་འཕེལ་ཀོང་པོ་རྩེ་ལྷ་སྒང་རྫོང་དུ་ཕེབས་རྗེས་ཆབ་ནག་དགོན་པར་རྩིས་སྤྲས   ལོ་གཅིག་ཙམ་སོང་རྗེས་ལྕང་ལོ་ཅན་གུང་བསོད་ནམས་རྒྱལ་པོ་ལུང་ཤར་དོན་རྐྱེན་ཟེར་བའི་ཚོགས་པ་དེའི་འབྲེལ་ཡོད་མི་སྣ་ཞིག་ཡིན་འདུག་པ་ཁོང་ཀོང་པོ་རྩེ་ལྷ་སྒང་རྫོང་དུ་རྒྱང་འབུད་ཀྱི་བཀའ་དཔྱད་དགོངས་དོན་དེར་བསླེབས་པ་ནས་བཟུང་ཁོང་གཉིས་གཅིག་ཕན་གཉིས་རོགས་ཀྱིས་མཉམ་བཞུགས་མཛད་འདུག དེ་རྗེས་ཁོང་གཉིས་དང་འདྲ་བའི་བཀའ་དཔྱད་གནང་དབྱུང་རྒྱང་འབུད་བྱས་རིགས་གཞུང་ཞབས་ཁག་ཅིག་ཕྱིར་ལོག་དང་གཞུང་ཞབས་སྐྱར་ཞུ་བྱས་འཐུས་དོན་སྨིན་བྱུང་བར་ཁོང་གཉིས་ལའང་གཅིག་མཚུངས་དོན་སྨིན་ཡོང་རེས་བཀའ་ཤག་ཏུ་བདེ་སྡུག་སྙན་ཞུ་ཕུལ་བར་དོན་སྨིན་སོན་རྒྱུ་ལྟ་ཅི་དེ་ལས་ལྡོག་ཏེ་རྩེ་ལྷ་སྒང་རྫོང་སྡོད་ནས་ཁོང་གཉིས་ལ་དོ་དམ་ལྟ་སྲུང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་གང་བྱུང་བྱ་སྤྱོད་སྤེལ་མི་ཆོག་པའི་རྒྱབ་གནོན་བཀའ་རྒྱ་ཞིག་གཏོང་རྩིས་ཡོད་པའི་གསང་བརྡ་འབྱོར་བར་བརྟེན་ཁོང་གཉིས་ཀྱི་རེ་བ་རྫོགས་ནས་རང་ཡུལ་ནས་བྲལ་སྟེ་བྲོས་བྱོལ་དུ་འགྲོ་རྒྱུར་ནང་གྲོས་ཀྱིས་སྐབས་དེའི་རྩེ་ལྷ་སྒང་གི་རྫོང་སྡོད་ཤོད་དྲུང་ཚ་རྟི་བ་ཚེ་བརྟན་རྡོ་རྗེར་ཁོང་གཉིས་ཀོང་པོའི་ས་གནས་གཞན་དག་ཏུ་གནས་འཇལ་དང་སྦྲགས་ཚོང་ཙག་ཙིག་རྒྱག་རྒྱུར་ཁ་གཡར་ཏེ་དགོངས་པ་ཞུས་ནས་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་བྲོས་འདུག་ཅེས་དང་   སྤྱི་ལོ༡༩༣༦ལོར་ཐུབ་བསྟན་ཀུན་འཕེལ་དང་ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་གཉིས་པོ་རྒྱ་གར་གྱི་ཀ་ལུན་སྦུག་གི་རྭ་སྒྲེང་མགྲོན་ཁང་དུ་རྭ་སྒྲེང་ཚོང་པར་རོགས་རམ་གནང་བ་དང་   སྒེར་གྱི་ཚོང་ཆུང་ཆུང་བརྒྱབ་ནས་འཚོ་ཐབས་གནང་ཡོད་པ་རེད་ཅེས་གསུངས  
      
ཡུན་རིང་པོར་མ་སོང་བར་ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་དང་   སྤོམ་མདའ་རབ་དགའ   མཁས་དབང་དགེ་འདུན་ཆོས་འཕེལ   ཐུབ་བསྟན་ཀུན་འཕེལ་སོགས་བོད་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ཀ་བློན་སྦུག་ཏུ་འདུས   སྤྱི་ལོ༡༩༣༩ལོར་སྤོམ་མདའ་རབ་དགའ་དང་   དགེ་འདུན་ཆོས་འཕེལ   ལྕང་ལོ་ཅན་བསོད་ནམས་རྒྱལ་པོ   ཐུབ་བསྟན་ཀུན་འཕེལ་སོགས་ཀྱིས་ཀ་བློན་སྦུག་ཏུ་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཅེས་པ་བཙུགས   ཁོང་རྣམ་པས་སུན་ཀྲུང་ཧྲན་གྱི་དམངས་གསུམ་རིང་ལུགས་ཞེས་པ་བོད་ཡིག་ཏུ་སྒྱུར་བ་མ་ཟད   ནན་ཅིན་གྱི་ཀྲུང་ཧྭ་མིན་གོ་སྲིད་གཞུང་ལ་འབྲེལ་ལམ་བཙུགས་ཏེ་ནུབ་བོད་ལེགས་བཅོས་སྐྱིད་སྡུག་གི་གྲོས་ཆོད་ཅེས་པ་བཟོས   ཁོ་ཚོའི་གླ་ཕོགས་སོགས་འགྲོ་གྲོན་ཚང་མ་ནན་ཅིན་གྱི་ཀྲུང་ཧྭ་མིན་གོ་སྲིད་གཞུང་ནས་གཏོང་གི་ཡོད   དུས་སྐབས་དེར་ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་ཡིས་འབྲུག་རྒྱལ་པོའ་ལྷ་སྲས་ཚོར་བོད་ཡིག་སློབ་པའི་དགེ་རྒན་གནང་ཡོད   དགེ་འདུན་ཆོས་འཕེལ་ཁོང་རྣམ་པ་ཚོ་ངོ་ཤེས་པའི་རྗེས   དགེ་འདུན་ཆོས་འཕེལ་དང་   སྐབས་དེ་དུས་རྒྱ་གར་དུ་བོད་ཡིག་གི་ཚགས་པར་གཉེར་མཁན་ཁུ་ནུ་མཐར་ཕྱིན་སོགས་དང་མཉམ་དུ་འབོལ་རྩོམ་དང་སྙན་ངག ད་དུང་བོད་ཡིག་གི་རྒྱུན་མཁོའ་ཚིག་མཛོད་ཀྱང་བརྩམས་ཡ   ཁོང་གི་ཚབ་མཚོན་བརྩམས་ཆོས་རྒན་དར་བྱིས་གསུམ་གྱི་འབེལ་གཏམ་ཞེས་པ་ཡང་སྐབས་དེ་དུས་ཀ་བློན་སྦུག་ཏུ་ཁུ་ནུ་མཐར་ཕྱིན་གྱིས་རེ་བསྐུལ་ལྟར་ལྕང་ལོ་ཅན་བསོད་ནམས་རྒྱལ་པོས་བརྩམས་གནང་བ་རེད   ལྷ་སར་ཁོང་གི་སྙན་ངག་དེ་དཔར་བཏབ་ནས་བཀྲམས་ཡོད་པ་དང་   སྐབས་ཤིག་རིང་བྲིན་ཁ་རྒྱུག་པ་བྱུང་ཡད་པ་དང་   ལྷ་མ་འཁྲབ་གཞུང་བཟས་ནས་ལྷ་མོ་འཁྲབ་པར་གྲགས   དེ་མིན་ཁུ་ནུ་མཐར་ཕྱིན་ལགས་ཀྱིས་གཉེར་བཞིན་པའི་བོད་ཡིག་གི་ཚགས་པར་ཡུལ་ཕྱོགས་སོ་སོའ་གསར་འགྱུར་མེ་ལོང་ཞེས་པའི་ཐོག་ཁོང་གིས་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་་དང་   ཀ་བློན་སྦུག་ཏུ་འབྲུག་རྒྱལ་པོའ་སྲས་མོ་ཆོས་ཉིད་དབང་མོ་དང་མཉམ་དུ་དབྱིན་ཡིག་གི་བརྩམས་ཆོས་ཁག་ཅིག་བོད་ཡིག་ཏུ་སྒྱུར་ཡོད་པར་གྲགས   སྤྱི་ལོ༡༩༤༦ལོར་དབྱིན་ཇིའི་སྲིད་གཞུང་གིས་ཁོང་ཚོའི་རྩ་འཛུགས་དེ་གའི་བྱེད་སྒོ་ལ་རྒྱུས་ལོན་བྱས་ཏེ་བཀག་འགོག་གིས་མཐར་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཞེས་པ་རྩ་འཐོར་དུ་སོང་   དགེ་འདུན་ཆོས་འཕེལ་ཕུད་གཞན་དག་ཀ་ལོན་སྦུག་ཏུ་འཛིན་བཟུང་བྱས   དགེ་འདུན་ཆོས་འཕེལ་༡༩༤༥ལོར་ཀ་ལུན་སྦུག་ནས་ཞལ་གྱེས་ཏེ་ལྷ་སར་ཕེབས་རྡོག་ཐ   ༡༩༤༦ལ་བད་ཟླ་ལྔ་པའི་ཚེས་གཅིག་ཉིན་ལྷ་སར་འཛིན་བཟུང་བྱས   སྤོམ་མདའ་རབ་དགའ་ཟླ་བ་གཅིག་ནང་ཚུན་དུ་རྒྱ་གར་ནས་བྲལ་དགོས་པ་དང་   ཐུབ་བསྟན་ཀུན་འཕེལ་བདུན་གཅིག་ནང་རྒྱ་གར་ནས་བྲལ་དགོས་པའི་བཀའ་རྒྱ་བཏང་   ལྕང་ལོ་ཅན་བསོད་ནམས་རྒྱལ་པོས་ཀ་བློན་སྦུག་ཏུ་འབྲུག་ཡུལ་གྱི་ལྷ་སྲས་ཚོའི་བོད་ཡིག་དགེ་རྒན་གནང་མྱོང་བས་ཁོང་འཛིན་བཟུང་བྱས་སྐབས   འབྲུག་ཡུལ་རྒྱལ་རྒྱུད་བར་འདུག་གིས་གློད་བཀྲོལ་བཏང་   འབྲུག་ཡུལ་གྱི་རྒྱལ་རྒྱུད་ནས་རོགས་རམ་གནང་བ་བརྒྱུད་ཁོང་འཕྲལ་དུ་རྒྱ་གར་དུ་ཁ་བྲལ་དུ་མ་བཅུག སྤྱི་ལོ༡༩༤༧ལོར་ལྕང་ལོ་ཅན་བསོད་ནམས་རྒྱལ་པོས་བཀའ་ཤག་ལ་རེ་འདུན་ཞུས་ཏེ་རྗེས་མ་ཆབ་སྲིད་ཀྱི་བྱེད་སྒ་ནང་ཞུགས་རྒྱུ་མིན་པའི་ཁས་ལེན་གྱིས   ད་ས་གནས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་གཞི་ནས་ཡུན་རིང་བྲལ་བའི་ཕ་ཡུལ་ལྷ་སར་ལོག་ཐུབ་པ་བྱུང་   དེ་ནས་སྤྱི་ལོ༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་བར་རང་ཁྱིམ་དུ་བཞུགས་ཏེ་མི་སེར་དཀྱུས་མའི་འཚོ་བ་བསྐྱལ   

    སྤྱི་ལོ༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་དུས་སུ་ལྕང་ལོ་ཅན་བསོད་ནམས་རྒྱལ་པོས་མཐོ་རིམ་ཡར་ཐོན་མི་སྣ་ཁག་ཅིག་སྒྲིག་བཙུགས་བྱས་ཏེ་བཅིངས་འགྲོལ་དམག་ལ་འབྲུ་རིགས་གྲབས་གསོག་དང་སྤུས་འཚོང་ཞུ་བའི་སྒྲིག་བཙུགས་ཏེ   བོད་སྡོད་བཅིངས་འགྲོལ་དམག་གི་བཟའ་འབྲུ་དང་མེ་ཤིང་བསྡུ་གསོག་བྱེད་པར་ཕྱག་ལས་འབོར་ཆེན་གནང་   སྤྱི་ལོ་༡༩༥༡ལོར་བོད་དམག་ཁུལ་ཁང་གི་བོད་ཡིག་སྦྱོང་བརྡར་འཛིན་གྲྭ་བཙུགས་ཤིང་  ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་དགེ་རྒན་དུ་བསྐོས   ཁོང་གིས་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་དབུ་ཁྲིད་ཀྲང་གོ་ཧྭ་དང་   ཐན་ཀོན་སན་སོགས་གསར་བརྗེ་པ་རྒན་རབས་ཚོའི་བོད་ཡིག་དགེ་རྒན་གནང་མྱོང་   སྤྱི་ལོ༡༩༥༢ལོའ་ཟླ་བ་གཉིས་པར་བོད་དམག་ཁུལ་ཁང་གིས་ད་དུང་ཞོལ་ཁང་གླིང་ཁར་སློབ་གྲྭ་གཉེར་ཕྱོགས་ཀྱི་བཞུགས་མོལ་ཚོགས་འདུ་ཞིག་བསྡུས་ཤིང་   ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་སོགས་མི་བཅུ་བཞི་ལྷ་སའི་སློབ་ཆུང་གི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་བདམས་ཤིང་ལྷ་ས་སློབ་ཆུང་འཛུགས་དགོས་པའི་ཁྱབ་བསྒྲགས་བྱས   ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་དང་པོའ་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དང་སློབ་སྤྱི་གཞོན་པ་གཅིག་ལྕོགས་ལ་བསྐོས   ཁོང་གིས་སློབ་ཆུང་གི་རྒྱུན་གཏན་གྱི་ལས་སྒོ་གཙོ་སྐྱོང་གནང་   སྤྱི་ལོ༡༩༥༣ལོར   བོད་དམག་ཁུལ་གྱིས་དམག་ཁུལ་རྩོམ་ཞུས་ཨུ་ཡོན་ལྷན་ཁང་བཙུགས   ལྕང་ལོ་ཅན་བསོད་ནམས་རྒྱལ་པོས་ཨུ་ཡོན་གྱི་འགན་བཞེས   དུས་མཚུངས་སུ་ཚ་སྤྲུལ་ངག་དབང་བློ་བཟང་དང་མཉམ་དུ་བོད་ཡིག་གི་གསར་འགྱུར་མདོར་བསྡུས་ཞེས་པའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་འགན་བཞེས   སྤྱི་ལོ༡༩༥༦ལོར་ཚགས་པར་དེ་བོད་ལྗོངས་ཉིན་རེའི་ཚགས་པར་ལ་རིམ་པ་འཕར   སྐབས་དེ་དུས་རྒྱ་བོད་ཡིག་སྒྱུར་གྱི་ཕྱག་ལས་གཙོ་བོ་ཚ་སྤྲུལ་ངག་དབང་བློ་བཟང་དང་   དགེ་བཤེས་ཆོས་གྲགས   ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་སོགས་ཀྱིས་གནང་   སྤྱི་ལོ༡༩༥༣ལོ་ནས་བཟུང་སྔ་རྗེས་སུ་དེ་སྔའི་བོད་ས་གནས་སྲིད་གཞུང་གི་ཐའི་ཇི་དང་   བོད་ལྗོངས་རྒྱལ་གཅེས་གཞོན་ནུ་ལྷན་ཁང་གི་ཨུ་ཡོན   ཀྲུའུ་རེན་གཞོན་པ   ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྩོམ་ཞུས་ལྷན་ཁང་གི་ཨུ་ཡོན   གསར་འགྱུར་མདོར་བསྡུས་ཞེས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཅས་གནང་   དེའི་རྗེས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རིག་སློབ་ཁྲུའི་ཁྲུའུ་ཀྲང་གཞོན་པ་གནང་   སྤྱི་ལོ༡༩༥༩ལོར་བོད་ཀྱི་དམངསམགཙོ་བཅོས་བསྒྱུར་མགོ་ཚུགས་རྗེས   ལྷ་ས་གྲོང་ཁྱེར་དམག་དོན་གཅུན་འདོམས་ཨུ་ཡོན་ལྷན་ཁང་གི་རིག་སློབ་ཚོ་ཆུང་གི་ཙུའུ་ཀྲང་གནང་བ་དང་   བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རིག་སློབ་ཁྲུའི་ཁྲུའུ་ཀྲང་གནང་   ༡༩༦༥ལོར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གནང་   རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་རིག་གནས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་   བོད་རང་སྐྱོང་ལྗོངས་སྐབས་གཉིས་པའི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ   སྐབས་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅས་གནང་   དུས་སྐབས་དེར་དགེ་བཤེས་ལྷ་རམས་པ་ཤེས་རབ་རྒྱ་མཚོས་པེ་ཅིང་དུ་ཀྲུང་གོའ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གནང་རིང་གུང་ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་དང་འབྲེལ་ལམ་རྒྱུན་འཁྱོངས་ཐོག་རྟག་པར་ཕྱག་བྲིས་བསྐུར་རེས་གནང་གི་ཡོད   དགེ་བཤེས་ཤེས་རབ་རྒྱ་མཚོས་གུང་ལྕང་ལོ་ཅན་བསོད་ནམས་རྒྱལ་པོར་བསྲིངས་པའི་ཡི་གེ་ཞིག་ནང་འདི་ལྟར་འཁོད་ཡོད་པ་སྟེ  

    ༄༅      ངི་གཉིས་ཚེ་འདིར་མཇལ་བར་མ་འགྱུར་ན      ངུ་བ་སྤངས་བའི་བདེ་ལྡན་ལྗོངས་ཤིག་ནས      ངེ་ཁྱོད་མེད་པར་བརྩེ་བའི་མཛའ་གྲོགས་སུ      ངོ་ཤེས་བཞིན་དུ་འཕྲད་པའི་སྨོན་ལམ་འདེབས      ངི་ངེའི་བརྡ་དག་འདི་འདྲའང་ཡོད་མོད་ཀྱང་      ངུ་ངག་སྐྱོང་བའི་བྱིས་པས་ག་ལ་ཤེས      ངེ་རང་ལྟ་བུར་གཞུང་མང་ལྟོས་ཤིག་དང་      ངོ་ཏི་བརྒྱ་སྟོང་སྙིང་ལ་ས་ལེར་འཆར      ངི་འདི་ཡུལ་གྱི་བྱེ་བྲག་འགའ་ན་ཡོད      ངུ་ནི་བོད་རིགས་ཀུན་གྱི་ཐུན་མོང་སྟེ      ངེ་ཡང་སྒྲ་རྒྱན་མང་པོར་སྣང་ངོ་ཞེས      ངོ་ཤེས་ནང་མར་དངོས་མའི་གསང་གཏམ་བསྒྲགས      ང་ནི་བརྒྱད་ཅུའི་རྒན་པོར་ཉེ་ན་ཡང་      ང་རྒྱལ་མ་ཡིན་བློ་ཡི་རྦ་རླབས་ཆེ      ང་དང་རིང་ནས་འདྲིས་པའི་ལྕང་ཅན་གུང་      ང་ཡིར་འཛིན་པ་ནམ་ཡང་མི་འདོར་རོ      དེ་དང་དེ་ལ་བསོད་རྒྱལ་ཅི་ཞིག་སེམས      དེ་ལ་དེ་ཡིས་བསྐུར་བའི་ཡི་གེ་འདིར      དེ་ལན་དེ་འཇལ་འཕྲལ་མ་ཉིད་དུ་ཐོངས      དེ་མེད་དེ་ནི་དུ་བས་གཟིར་བ་ཡིན      ཡི་གེ་ང་མ་བསམ་ཕ་ཕྱག་ཏུ་བསྲིངས      ཡི་ག་འཇའ་མ་མི་འཇ་ངས་མི་འཚལ      ཡི་རང་མཛད་དམ་མི་མཛད་ཉིད་ལ་རག   ཡི་མུག་འཆོར་བའི་ལེ་ལོ་སྤངས་ན་ལེགས      ཡི་གེ་ཕུལ་བའི་བརྡ་གཏོང་སྙན་སྒྲོན་དུ་དགེ་མིང་པས་བཟླས་ཏེ   སྔར་ཡིན་ན་བྱ་དཀའི་ངག་རྩལ་འདི་འདྲས་ཉོབ་མུན་སེལ་བ་ལ་ཐེ་ཚོམ་སོམ་ཉི་མ་མཆིས་མོད   ད་ནི་དེའི་ཚོད་ཀྱང་ཇི་བཞིན་མི་ཐིག་པར་སྣང་ངོ་   ཧ་ཧ་ཀུ་རེ་ཞུས      སྤྱི་ལོ༡༩༦༦ལོར་ལོ་བཅུའི་རིག་གནས་གསར་བརྗེ་ཆེན་མོའ་མགོ་ཚུགས་རྗེས   ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་ལགས་གྲོང་ལྷན་དུ་སྒྱུར་བཀོད་བྱེད་པར་མངགས   སྤྱི་ལོ༡༩༧༢ལོའ་ཟླ་བ༣པའི་ཚེས༡༣ཉིན་གློ་བུར་དུ་སྙིང་གི་སྙུན་གཞི་ལངས་ཏེ་འཇིག་རྟེན་འདི་ལས་གཏན་དུ་བྲལ  

                                                        སྐུ་གཤེགས་དུས་དགུང་ལོ༧༥ཡིན་པ་རེད  

      ལྕང་ལ་ཅན་བསད་ནམས་རྒྱལ་པ་ཀྱག་ཀྱག་གི་མི་ཚེའི་བཞུད་ལམ་རིམ་མོ་ནི་རང་རེའི་རྒྱལ་ཁབ་དང་བོད་མི་རིགས་ཀྱི་བདེ་སྡུག་དང་དམ་པོར་འབྲེལ་ཞིང་   ཁོང་ནི་ཆབ་སྲིད་ཀྱི་གཟིགས་རྒྱང་རིང་ཞིང་   ཞུམ་པ་མེད་པའི་སྤོབས་པ་ལྡན་པ   མཐའ་གཅིག་ཏུ་རང་ཉིད་ཀྱི་ལངས་ཕྱོགས་དང་བསམ་བློ་བརྟན་པོར་སྲུང་ཐུབ་པ   མི་མང་པོའ་ཡི་རང་དང་བརྩི་བཀུར་ཞུ་ས་ཞིག་ཡིན   ཁོང་གི་བྱེད་སྟངས་བྱེད་ལུགས་དང་ཐ་ན་གསུངས་པའི་བཀའ་མོལ་ཚིག་རེ་རེ་ཡང་རྗེས་རབས་པའི་སེམས་སུ་རྡོ་ལ་རི་མོ་བསྐོས་པ་ཇི་བཞིན་འཇགས་ཡོད   དེ་ལྟར་ཁོང་གི་སྐུ་ཚེ་ཧྲིལ་པོ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་   བོད་ལྗོངས་ཀྱི་འཕེལ་རྒྱས་དང་   མི་རིགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་དུ་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད་དོ        

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060