“ཨ་འཁོར་ཏིང”གི་ནས་ནག་བག་ལེབ།
སྤེལ་དུས།  2012-05-03 ཡོང་ཁུངས།  རྩོམ་པ་པོ།   བསོད་ཆུང་། སྒྲོལ་མས་བསྒྲིགས།
  ཁོ་བོས་སྙན་གྲགས་རྣ་ཡིས་ཆོད་དེ་ལྷ་སའི་ནུབ་ཁུལ་གྱི་སྐལ་བཟང་གླིང་གའི“ཨ་འཁོར་ཏིང”གི་སྤྱིའི་ཚོང་གཉེར་ཁང་དུ་འབྱོར་དུས   པ་སངས་ཚེ་རིང་འདམ་གྱིས་བྱས་པའི་མི་ཞིག་དང་འདྲ་བར་ལས་བཟོ་བ་འགའ་དང་མཉམ་དུ་ལྷུ་ལག་སྒྲིག་གིན་འདུག   སྒོར་ཁྲི་བརྒྱད་ལྷག་གི་མ་རྩའི་འཕྲུལ་ཆས་འདི་ད་སོ་མ་ལྦུའུ་ཞིའི་ཀུང་སི་ག་གེ་མོ་ནས་ཆེད་དུ་དྲངས་པ་རེད་ལ   ཀྲུང་གོའ་ཨང་དང་པོ་དང་འཛམ་གླིང་གི་ཨང་བཞི་པར་སླེབས་པའི་བཙོ་བསྲེགས་འཕྲུལ་ཆས་ཤིག་ཡིན   ཀུང་སིས་ལྷུ་ལག་བསྒྲིགས་རོགས་སུ་ལག་རྩལ་བ་ཆེད་དུ་ལྷ་སར་མངགས་འདུག་ལ   པ་སངས་ཚེ་རིང་གིས་བཤད་པ་ལྟར་ན   སྒྲིག་ཆས་འདི་བླུ་དོན་ནི་བག་ལེབ་བསྲེགས་པའི་དུས་ཚོད་བསྲི་ཆེད་ཡིན་ཟེར  

                                                      བོད་རྒྱ་ཁྱོ་ཤུག་གི་རོལ་མོའི་ལས་འབྲེལ  

         སོབ་གོར་ཁང་དུ་འཛུལ་མ་ཐག   དུང་བ་ལྷེམ་མེར་ཡོད་པའི་བཟའ་ཟླ་གཉིས་མཐོང་ཡོང་བ་ལས   ཆུང་མ་མན་ཞིས་ལྦིན་ནི་སྐྱེས་གཟུགས་ཕྲ་ལ་རིང་བའི་ལག་སྦྲེང་མཁན་ཞིག་ཡིན   སྐྱེས་པ་ནི་ཞབས་བྲོ་ཁྲིད་མཁན་ཞིག་དང་མགོ་བོ་ཆེ་ཙམ་ཡོད   ལོ་གཉིས་ཅན་གྱི་བུ་མོ་ཨ་དབྱངས་ལྷ་མོ་དང་ལོ་གཉིས་ལྷག་གི་ཞའོAགཉིས་ཀྱང་དེར་འདུག་ལ   བཟའ་ཟླ་གཉིས་ཀྱིས་མཉམ་རུབ་སྒོས་སྲོལ་བཏོད་པའི་ཨ་ཁོར་ཏེན་རྟགས་ཅན་གྱི་བོད་ལུགས་ནས་ནག་གི་སོབ་གོར་གྱི་སྣང་བརྙན་འཛིན་མཁན་ནི   ཞིང་པའི་སྤྲོ་སྣང་དང་ག་ཞ་མཚོན་པའི་ཚེ་རིང་སྐྱིན་ཁེབས་ཀྱི་ཞ་མོ་གོན་ཏེ   བྲོ་བརྡུངས་ཞོར་དང་གཞས་གཏོང་ཞོར་སེར་ལམ་ལམ་གྱི་གྲོ་ཞིང་དུ་རྩེན་གྱིན་པའི་ཡིག་འབྲུAམིའི་གཟུགས་ལྟ་བུར་རྟོག་པས་བཏགས་ཏེ   འགྱུར་ཁུགས་ཀྱིས་གཏམས་པ་ཞིག་ཏུ་བཟོས་འདུགཔ་ཚེ་ཡིས   “དེ་ཡང་ངའི་ཚོང་ཁང་གི་མིང་ནིAccordionདབྱིན་ཡིག་སྟེ་ལག་སྦྲེངགྱི་ཡིག་འབྲུ་མགོ་མ་སྟེ   ལག་སྦྲེང་གི་རྐྱེན་གྱིས་ངེད་གཉིས་ངོ་ཤེས་པས   རོལ་དབྱངས་དང་ལས་འབྲེལ་ཟབ”ཟེར   ༡༩༩༦ལོར   པ་ཚེ་ཡོད་སའི་བོད་ལྗོངས་སྒྱུ་རྩལ་སློབ་གྲྭའི་སློབ་མ་ཡོངས་དམག་དཔུང་གི་སྒྱུ་རྩལ་རུ་ཁག་ཅིག་ཏུ་བསྡུས   ལོ་བཅུ་བཞིའི་རིང་དམག་མི་སྒྱུ་རྩལ་བ་ཆུང་ཆུང་ཞིག་བྱས་ཤིང་   ༢༠༠༩ལོར་དམག་ལྭ་ཕུད་དེ   རང་དབང་གི་མིཞིག་བྱ་བའི་སེམས་ཐག་བཅད   ང་ལས་གནས་ལས་འབུད་པའི་གནས་ཚུལ་ཐོས་རྗེས   ཨ་ཕ་ཏག་ཏག་ཉིན་གཉིས་རིང་གཉིད་མ་ཁུགས་པས   ལུས་པོ་རིད་ནས་རྩྭ་སྐྱ་ཞིག་ལྟར་གྱུར་བས་གཉེན་ཉེ་དག་གིས་ཀྱང་ཁ་ཏ་བྱས   ཨ་ཕ་གནའ་མི་ཞིག་ལྟར་གཞུང་དྲང་བ་མ་ཟད   རྫོང་སྨན་ཁང་གི་ཡོན་ཀྲང་ཡིན་པས   ཉིན་ཞིག་ང་འཆི་སྲིད་སྙམ་པ་ལྟ་བུ་ཞིག་ན་བ་ལ་གཞུང་གི་རླངས་འཁོར་བེད་སྤྱད་པ་ལས་གཞན་རྒྱུན་པར་ལྕགས་རྟར་ཞོན་ཏེ་ལས་ཀར་འགྲོ   རྒན་པ་ཚོས་རང་གི་བྱིས་པ་རྩ་འཛུགས་ཀྱི་ནང་དུ་ཡོད་ཚེ་བློ་བདེ་ལ་བབས་པས་ཆོག་སྙམ   དུས་དེར་ང་ལ་འཆིང་ཐག་མང་པོ་ལས་གྲོལ་ཏེ་རང་དབང་ལྡན་པའི་འཚོ་བ་ཞིག་རོལ་འདོད་པ་ལས་ཚོང་སྒོ་འབྱེད་པའི་བློ་བཀོད་མེད   བཞུད་ལམ་ཀྱག་ཀྱོག་ཡིན་ཚེ་འཚོ་བར་དོན་སྙིང་ལྡན་སྙམ   མི་ལ་ལས་ང་ལ་ཕོགས་དང་བྱ་བ་ལས་ཁུངས་ནས་བསྐྱུར་ཏེ   རང་གིས་གང་འདོད་པ་དེ་ལྟར་བསྒྲུབ་ཀྱང་འགྲིག་ཟེར   འོན་ཀྱང་   ངས་རང་ཉིད་ཁུགས་སུ་ལྷུང་ན་མི་འདོད་ལ   དེ་བས་ཀྱང་གཞུང་གི་ཕོགས་བླངས་ནས་རང་དོན་འབའ་ཞིག་བསྒྲུབ་མི་འདོད་པས་ཡིན   ༢༠༠༦ལོའ་བོད་ཀྱི་ལོ་སར་དགོང་ཚོགས་སྐབས   ངས་རང་གི་བཟའ་ཟླ་ངོ་ཤེས   སྐབས་དེར་མོས་འཁྲབ་པའི«ཞབས་བྲོའ་དཔལ་དབྱངས»ཞེས་པ་དེའི་ཞབས་བྲོའ་སྐོར་ངས་ཁྲིད་པ་ཡིན   མཉམ་དུ་འཁྲབ་སྟོན་བྱས་པ་ལས་འདྲིས་པར་གྱུར   ལས་ཀ་འདི་ལྟ་བུར་ལན་རེར་ཞག་ཕུད་དགོས་པས   དཀའ་སྡུག་འདི་བཟོད་མ་ཐུབ་པར་ཚོང་སྒོ་འབྱེད་པའི་གྲོས་བཤམས་པ་ཡིན   དེ་ལྟར་གཡང་ཁྱིམ་ལྟ་བུའི་ཨ་ཁོར་ཏེན་འདི་ཡོད་སོང་བ་རེད  

                                                               “ཨ་འཁོར་ཏིང”ཞེས་པའི་ཚོང་ཁང་ཞིག་གཉེར  

འཆར་བཀོད་འཐེན་རྗེས   པ་ཚེ་ཡིས་དམག་ནང་གི་ལོ་རྗེས་མ་གསུམ་གྱི་ངལ་གསོའ་དུས་ཚོད་ནང་   མན་ཞིས་ལྦིན་བརྒྱུད་ཁྲིན་ཏུའུ་བརྙན་འཕྲིན་ཁང་གི་མིས་མཚམས་སྦྱར་བ་ལྟར   བཙོ་བསྲེགས་ལས་རིགས་ཁྲོད་འཇོན་ཐང་ཆེ་བའི་མི་ཞིག་སློབ་དཔོན་དུ་བསྟེན   ངས་དེ་ནས་སོབ་གོར་བསྲེགས་རྒྱུ་བསླབ་པ་ཡིན   ཁོས་ང་རང་དམག་དཔུང་དུ་ལོ་བཅུ་གྲངས་ལྷག་ལ་བསྡད་པ་ཤེས་རྗེས   གཅེས་སྐྱོང་ལེགས་པོ་བྱ་དགོས་སྙམ་ཞིང་སྡུག་འདི་ངས་མི་ཐེག་པར་སེམས་ཀྱང་ཚེགས་མྱོང་   དུས་དེར   ང་རང་སློབ་དཔོན་གྱི་གྲོགས་པོ་ཚང་དུ་གནས་བཅས་ཤིང་   མཚན་མོར་ཁོ་ལ་བར་ཁྱམས་ལྟར་གྱི་ཁང་མིག་དོག་ལ་རིང་བ་ཞིག་ཡོད་པ་དེའི་སྒེའུ་ཁུང་འགྲམ་དུ་ཉལ་ཞིང་   ཉིན་རེའི་ནངས་མོའ་ཆུ་ཚོད་ལྔ་པའི་ཐོག་ཡར་ལངས་ཏེ་ལྕགས་རྟ་ཞོན་ནས་སློབ་དཔོན་གྱི་ཚོང་ཁང་དུ་སོང་བ་ཡིན   དེ་ནས་དགུང་མོའ་ཆུ་ཚོད་བདུན་བརྒྱད་ཙམ་དུ་མ་གཏོགས་ལས་ཀའི་མཇུག་བསྒྲིལ་མི་ཐུབ   ངའི་སློབ་དཔོན་གྱི་གཤིས་སྤྱོད་ཅུང་ཟད་གྱོང་ལ་རེངས་པས   ནམ་རྒྱུན་ངས་ཁོ་ལ་ཡག་ཡག་བྱས་པ་ཡིན   ཁེད་འདྲི་བ་དང་ལན་རེར་ཆང་ཁང་དུ་ཁྲིད་ཐབས་བྱས་པ་སོགས་ལས   ཁ་ཁོག་པས་མ་གསང་   བློ་རྒྱུ་མས་མ་བསྐུམས་པའི་གྲོགས་ལྟར་གྱུར   སློབ་དཔོན་གྱི་འཛུམ་མདངས་ཀྱང་ཉིན་ནས་ཉིན་རེར་ཇེ་མང་དུ་ཕྱིན   བསླབ་ནས་བྱང་རྗེས   ༢༠༠༩ལོར་བཟའ་ཟླ་གཉིས་ཀྱིས་ལྷ་སརཨ་འཁོར་ཏིངཞེས་པའི་བོད་ལུགས་སོབ་གོར་ནག་པོའ་ཚོང་ཁང་སྒོ་ཕྱེས་པ་རེད   ཨ་འཁོར་ཏིངབཅའ་བྱེད་ཀྱི་རྒྱུ་ཆ་ནི་མཐོ་སྒང་གི་ནས་ནག་དང་སྲན་མ   འབྲི་ཞོ   ཙོང་   མངར་རྩི་རིགས་ཤིག་བཅས་ཡིན   ངའི་ནས་ནག་ནི་གཞིས་ཀ་རྩེའི་ཁང་དམར་རྫོང་དང་ལྷོ་ཁ་ས་ཁུལ་ནས་དབོར་ཡོང་བ་ཡིན   ས་དེའི་ཐོན་ཚད་ཉུངས་ལ   རིའི་རྒྱབ་ཀྱི་དྲོད་ལུད་དཀོན་སའི་སར་སྐྱེས་འདུག་པས   ཞིང་པ་ཚོས་ཀྱང་རང་དགར་སྐྱེ་འཇུག་པ་ལས་མཉམ་ཆེར་མི་འཇོག   སྐབས་རེར་འདི་དང་སྤྱིར་བཏང་གི་ནས་གཉིས་སྦགས་ཏེ་རྩམ་པ་ཟ་བ་ལས་གཅིག་པུ་སྤྱོད་པའི་སྐབས་དཀོན་ཙམ་གདའ   འོན་ཀྱང་ངས་ནི་འདི་ཉིད་གཙིགས་སུ་བཟུང་སྟེ་ཨ་མྱེས་ཀྱིས་ལག་ཐབས་ཁྱད་པར་བ་ལྟར་བཏབ་པ་བཞིན   ཤུན་པགས་བཤུ་མི་དགོས་ལ་བྲོ་བ་ཡང་སྔར་ལྟར་འདུག   ང་ཚོས་ལག་ལས་གཙོ་བོ་དང་བདེ་ཐང་དང་པོའ་རྩ་དོན་དམིགས་སུ་བཟུང་བ་ཡིནཞེས་པ་སངས་ཚེ་རིང་གིས་གལ་བོ་ཆེ་ལ་བརྣན་པའི་ཚུལ་དུ་བཤད   ས་རྒྱུ་མི་ལེགས་ས་ནས་སྐྱེས་པའི་ནས་ནག་ལྟ་བུ་ནི་གནས་འདིའི་མི་དམངས་ཀྱི་སྐྱེད་ཡུམ་ལྟ་བུ་དང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ལྗང་མདོག་ཟས་རིགས་ཡིན   རྗེས་མར་ཁོ་རང་ཉིད་ཀྱིས་ས་གླས་ཏེ་སྐྱེ་ལྡན་རྫས་མེད་པའི་ནས་ནག་འདེབས་དགོས་པར་སྙམ་ཞིང་   ནསནག་མདོག་ནག་ལ་ཐང་པོ་ཡིན་པས་བཅས་པའི་སོབ་གོར་ཡང་བལྡད་རྒྱུ་ཡོད་པ་ཤ་སྟག་ཡིན   འོན་ཀྱང་   འདི་ལྟའི་ཐང་པོ་དང་འཇམ་པའི་བྲོ་བ་ཕ་མ་དག་གིས་དང་དུ་ལེན་དཀའ་བར་ཡོད་མོད   རིམ་གྱིས་འདི་ལ་མོས་པ་ཆེར་སྐྱེས  

                                                                     བོད་ལུགས་བག་ལེབ་མཁོ་ཚད་ལ་སྦྲོད་ཁག་པ  

          པ་ཚེ་ཚང་གི་མགྲོན་པོ་མང་ཆེ་བ་ལོ་ལོན་ཚོ་རེད་ལ   ཁྱིམ་མི་ཡོངས་ཁྲིད་དེ་ནས་ནག་གི་སོབ་གོར་དང་སྤྲི་གོར་བཟའ་རུ་ཡོང་མཁན་ཡང་འདུག   ཚོང་མགྲོན་དང་ཚོང་དཔོན་གཉིས་ཀས་བསྟོད་ཞོར་ཟ་ཞོར་བྱ་བས་ཡིད་རྟོན་ཀྱང་འཕེལ   བཟའ་ཟླ་གཉིས་ཀྱིས་རང་གི་ཅ་དངོས་རྩིས་ཆེན་རྣམས་གཅལ་དུ་བཀྲམ་འདུག་པསཨ་ཁོར་ཏེནགྱི་བཀོད་པ་ཁྱིམ་དང་འདྲ་ཆགས་པོར་བཟོས་འདུག    རྒྱུ་དེའི་རྐྱེན་གྱིས་ཡིན་ནམ   འདིར་ཁ་ལག་ཟ་རུ་ཡོང་མཁན་གྱི་མི་ཚོགར་ཤར་འདི་ཤརབྱ་རྒྱུར་སྤྲོ   ཚོང་ཁང་གི་མཐོང་ཡངས་སརཨ་ཁོར་ཏེན་གྱི་བོད་ལུགས་ནས་ནག་གི་སོབ་གོར་སྐར་གཅིག་གཉིས་མ་གཏོགས་བཙོ་མི་དགོས་པས་བྲོ་བ་ཧ་ཅང་ཞིམཞེས་པའི་གསལ་བརྡ་ཞིག་སྦྱར་འདུག་པས   སོབ་གོར་འཁྱེར་ནས་འགྲོ་མཁན་ཚོས་འདི་ལ་མིག་ཞགས་ཡང་ཡང་འཕེན་ངེས   ཐེངས་ཤིགམགྲོན་པོ་ཞིག་གིས་ཐུགས་མཉམ་མ་བཞག་པར་སྟེགས་སྒྲོན་ཞིག་ལ་སྐྱོན་ཞུགས   ཞབས་ཞུ་བ་བརྒྱུད་ནས་ང་ལ་དངུལ་ཅི་ཙམ་འཇལ་དགོས་མིན་འདྲི   ངས་འཇལ་མི་དགོས   རང་ནས་ཁ་ལག་དལ་བཞེས་གནོངས་ཞེས་བཤད   མགྲོན་པོ་འགྲོ་ཁར་ཤོག་དྲིལ་ཞིག་འཇོག་དོན   དགོངས་དགངས་འཚབ་འཚུབ་སྒོས་སྟེགས་སྒྲོན་ཞིག་བཅག་སོང……དེའི་རྗེས་པོད་ཐུང་བརྒྱུད་ནས་ཡང་ང་ལ་དགོངས་དག་ཞུས   ངས་སྟེགས་སྒྲོན་ཆུང་ཆུང་འདི་ཙམ་གྱི་ཆེད   ཁྱེད་ཚོའི་ཁ་ལག་མཆོད་པའི་སེམས་ཁམས་ལ་གནོད་མི་འདོད   ངོ་མ་བཤད་ན་སྒོར་མོ་ཅི་བས་མང་ཡང་སེམས་ཁམས་སྐྱིད་པོ་བླུ་ག་ལ་ཐུབ་ཅེས་ལན་བསློགས་པ་ཡིན   ད་ལྟ   ཨ་ཁོར་ཏེན་གྱི་སོབ་གོར་དང་སྤྲི་གོར   འཁྱགས་ཞོ་སོགས་ལྷ་སའི་ཚོང་ཁང་མང་པོར་བཙོང་རྒྱུ་ཡོད   ནང་ལོག་ཏུ་ཡང་མངག་ཉོ་བྱ་མཁན་མང་བས་མཁོ་ཚད་སྦྱིན་ཁག་པར་འདུག   ལག་ལས་ཀྱི་སྐོར་ལ་པ་ཚེར་དམིགས་ས་ངེས་ཅན་ཡོད་པས   ཁོས་བྱ་བ་གང་བསྒྲུབ་ཀྱང་སྒྱུ་རྩལ་བའི་བརྩོན་སེམས་ཡོད་དགོས་པར་འདོད   བོད་ལུགས་ཟླ་གོར་ལྟ་བུར་ངའི་བསམ་ཡན་ལྟར་གྲོ་དང་སྐམ་ཤས་གློ་མདོག་གི་ཟླ་གོར་བཟོས་པས་ཁྱད་ཆོས་ཚ་པོ་ཡོད   ངས་བལྟས་ན་བདེ་ཐང་ལ་ཕན་ཚེ་བཟའ་བཅའ་གང་བཟོས་ཀྱང་འགྲིག་སྙམལག་ཤེས་པ་ཞིག་ལ་མཚོན་ན   ཆེས་གཙོ་བ་ནི་སྔ་མའི་སྲོལ་རྒྱུན་གྱི་རྨང་གཞིའི་སྟེང་བློ་གྲོས་དང་འཇོན་ཐང་རྩལ་དུ་སྤྲུགས་ཏེ་ཐོན་རྫས་སྣ་ཚོགས་པ་ཞིག་ཐོན་སྐྱེད་བྱ་རྒྱུ་དེ་རེད   རིམ་པར་ཕ་ཡུལ་རྒྱང་རྩེ་ནས་ཐོན་པའི་འོ་སྤྲིས་མར་དཀར་པོ་རིགས་ཤིག་ཐོན་སྐྱེད་བྱ་རྒྱུའི་འཆར་གཞི་འདུག   ཁོ་དང་མགྲོན་པོ་མང་ཆེ་བས་འབྲི་མར་སེར་པོ་དང་ཀྲུང་གོའ་སྲལ་རྒྱུན་གྱི་ཟས་ཅག་སྟེང་མེད་པའི་སེར་སྣུམ་གཉིས་བསྡེབས་ཚེ་མར་གྱི་བྲོ་བ་བསྲི་འགྲོ་བས་ཚོང་ར་ཡང་ཡོད་ངེས་པར་འདོད  

                                                                           མི་རིགས་རང་མཚན་པའི་ཚོང་རྟགས་ཤིག་བཟོ་རྒྱུ  

            ཚོང་དཔོན་སྒྱུ་རྩལ་བ་ཞིག་ཡིན་པའི་ཆ་ནས   བཟའ་ཟླ་གཉིས་ལ་སྣང་སྐྱིད་ཀྱི་གཤིས་ལུགས་ཁྱད་པ་བ་ཞིག་བདོག   པ་ཚེས་སྔོན་མར་གཞིས་ཀ་རྩེའི་རྫོང་ཁག༡༨རེ་རེ་ནས་ལས་མི་རེ་བསྡུས་ཏེ“ཨ་ཁོར་ཏེན་གྱི་གཙང་གི་ཁྱིམ་ཚང”ཞིག་གཟུག་པའི་འཆར་གཞི་བཀོད་མྱོང་ལ   ཞབས་ཞུ་བ་ཡོངས་བྲོ་བ་རྐྱང་རྐྱང་བསྡུས་ཏེ་ཚོང་ཁང་ལ་བདག་གཉེར་བྱ་ཞོར་དང་ལས་ཕྱིའི་དུས་ཚོད་ནང་   རིག་རྩལ་འཁྲབ་སྟོན་སྒོས“ཨ་ཁོར་ཏེན་གྱི་སྒྱུ་རྩལ་རུ་ཁག”ཅིག་གཟུག་པའི་འཆར་གཞིའང་འཐེན་མྱོང་   དེ་ལྟར་ན“ཨ་ཁོར་ཏེན་ཡོད་སར་སྤྲོ་སྐྱིད་ལྡན་ལ་རོལ་དབྱངས་ཀྱང་ལྡན”པ་རེད་མོད   ཁོས་སྔོན་ཆད་བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་ནས་སློབ་ཁྲིད་བྱས་མྱོང་བ་ལ   སློབ་མ་ཚོ་འདི་ལྟ་བུའི་ཚོང་ཁང་ལ་དགའ་མོས་ཆེ་ན་ཡང་ཕ་མ་གཉིས་ཀྱིས་མི་འཐད་པའི་རྣམ་འགྱུར་སྟོན་པ་རེད་མོད   “འདི་ནི་ཚོང་ལ་གཞུག་མཁན་གྱི་བོད་ཕྲུག་ཡོངས་ལ་འཕྲད་སྲིད་པའི་དཀའ་ངལ་ཞིག་ཡིན་པས   ཕ་མའི་བློ་ཁ་བསྒྱུར་ཐུབ་མིན་ནི་ཁྱོད་ཀྱིས་རྒྱུན་འཁྱོངས་ཐུབ་མིན་ལ་རག་ལས   ད་ལྟ་ཀུང་སི་ཡོངས་ལ་ལས་མ༡༠ལྷག་ཡོད   པ་ཚེའི་སློབ་ཕྲུག་ཚེ་རིང་དེང་མ་གཞི་རིམ་ནས་ཐོན་མ་ཐག   ཁ་སྐྱེངས་ལ་འཁུམས་འདུག་པ་ཞིག་ཡིན་ན་ཡང་   དེང་སྐབས་ཁ་པར་ནས་བརྡ་འཕྲིན་བསྐུར་བ་དང་རྒྱ་སྐད་ཤོད་པ་སོགས་ལ་འཇོན་པ་མ་ཟད་དབྱིན་ཡིག་གི་ཐ་སྙད་རེ་གཉིས་ཀྱང་བཤད་ཤེས   པ་ཚེ་དགོད་ཞོར་དུ་བཤད་རྒྱུར   “མོ་རང་ཐོན་མ་ཐག   ངས་མོར་ཚོད་ཐོ་ངོས་འཛིན་དུ་བཅུག་པ་ཡིན   གཟའ་འཁོར་གཅིག་གི་རྗེས་ཚོད་སྣ་བརྒྱ་ལྷག་བློར་བཟུང་འདུག་པ་མ་ཟད  འཁྱར་འཁྱོར་ཞིག་འབྲི་ཡང་ཤེས་པས་ང་ལ་མཚར་སྣང་བརྩེགས་མ་བྱིན   ལོ་ཟླ་རིམ་བཞིན་འདས་རྗེས   ང་ཚོའི་མཛའ་བརྩེ་དབྱེར་མེད་དུ་འདྲེས་པས   ང་རྣམ་གཡེང་གི་དབང་དུ་ཤོར་བ་མཐོང་དུས   ཚེ་རིང་གིས་མན་ཞིས་ལྦིན་ལ་གཏུག་སྲིདཔ་རེད”པ་ཚེས“ཨ་ཁོར་ཏེན”གྱི་ཐོན་རྫས་གསར་འདོན་སོགས་ལག་རྩལ་གྱི་ཕྱོགས་དང་མན་ཞིས་ལྦིན་གྱིས་ནང་ལས་སོགས་ཞིབ་ཚགས་ཀྱི་ལས་ཀར་དོ་དམ་བྱ་ལ   ལས་མི་རེ་འགས་ཟས་ཕྱིར་དབོར་བ   རེ་འགས་གད་བདར་དང་ནང་ལས་ལ་རེམ་པ་སོགས་ལས་བགོ་མངོན་གསལ་ཡིན་པས་སུས་ཀྱང་སུར་བར་ཆད་བཟོས་མི་ཡོང་   ནང་ལོག་གི་པོད་ཐུང་རྗེས་འཇུག་པ་མང་པོས“ཨ་ཁོར་ཏེན”གྱི་ཚོང་རྫས་ལ་ཟུར་ནས་དོ་དམ་དང“ཨ་ཁོར་ཏེན་གྱི་ཁྱིམ་གཞི་ཆེན་པོ”འདིའི་ནང་ཞུགས་འདོད་པའི་བཟོ་སྟོན་གྱིན་འདུག   པ་ཚེས“ང་ཚོའི་ཁྱིམ་གཞི་འདིར་ཞུགས་འདོད་ན་ཆོག་མོད   མནའ་མཐུན་བསྒྲིགས་པ་དང་ཟུར་ནས་དོ་དམ་བྱ་བའི་ཐད་བསམ་བློ་བཏང་མྱོང་མེད   ང་ཚོའི་དམིགས་གཞི་ཡང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྫས་རང་གི་བ་ཞིག་འཛུགས་རྒྱུ་དེ་ཡིན་པས   ཕྱིའི་རྒྱུ་མང་ཆེ་ཚེ་མི་འཚམ་པོ་མེད   དེ་བས་ཀུང་སི་ཆེར་བསྐྱེད་ན་མ་གཏོགས་མིག་སྔར་འདི་རིགས་འགྲུབ་ཐབས་མེད་དོ”ཞེས་ཟེར   ཁོ་ཚོས་ཚོང་ལས་གཉེར་བའི་སྤྲོ་སྣང་དམིགས་སུ་འཛིན་པ་ལས“ལོ་འདིར་སྒོར་མོ་འདི་ཙམ་གསོག་དགོས”སོགས་སྐྱ་ཐིག་བཀོད་མྱོང་མེད   པ་ཚེ་དང་མན་ཞིས་ལྦིན་གཉིས་ཀྱིས“སྤྲོ་སྣང་གི་སོབ་གོར”འདིའི་ལུགས་ལྟར   གཡང་ཁྱིམ་ཆུང་ཆུང་འདི་སྐྱོང་བ་དང་ཉིན་རེར“ཨ་ཁོར་ཏེན”གྱི་ཁྱིམ་རྒྱུད་སྤེལ་བཞིན་ཡོ     

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060