བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་འགྲུབ་སྟོན་།
སྤེལ་དུས།  2012-05-02 ཡོང་ཁུངས།  རྩོམ་པ་པོ།   སྒྲོལ་མས་བསྒྲིགས།
  ཟླ༡༠པའི་ཚེས༢༠ཉིན་གྱི་སྔ་དྲོ།  བོད་ལྗོངས་ཆུ་ཤུར་རྫོང་མཉེས་ཐང་ཤང་དུ་གནས་པའི་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའ་སྒོ་རའི་ནང་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་   དུང་སྒྲ་ལྷང་ལྷང་དུ་གྲགས   རྒྱལ་གཅེས་ཆོས་གཅེས   རྒྱལ་སྲུང་དམངས་ཕན་ཞེས་པ་རྒྱ་བོད་ཡིག་རིགས་གཉིས་སུ་བཀོད་ཡོད་པའི་དར་དཔྱངས་ཚོན་ཁྲ་ཅན་དེ་གཡའ་དག་གནམ་མཁའི་པང་ཁ་དང་སྤྲིན་དཀར་འདབ་མའི་རྒྱན་སྤྲས་འོག་ཀུན་གྱི་འདྲེན་བྱེད་དབང་པོ་དབང་མེད་དུ་འཕྲོགབརྗིད་ཉམས་ལྡན་པའི་ནང་བསྟན་སློབ་གྲྭ་ཆེན་མོའ་ཐོག་ཁང་གཙོ་བོའ་གསེར་ཟགས་རྒྱ་ཕིབས་དེ་ལྷམ་མེར་འཕྲོ་བའི་ཉི་འོད་འོག་གསེར་འོད་ཆིམ་ཆིམ་དུ་འཕྲོ་ཞིང་   ནང་བསྟན་སློབ་གྲྭ་ཆེན་མོའི་སྒོ་རའི་ནང་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་རབ་ཏུ་ཁེངས   སྔ་དྲོའ་ཆུ་ཚོད་བཅུ་པར་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་ལེགས་གྲུབ་ཟིན་པ་དང་སློབ་འགོ་ཚུགས་པའི་རྟེན་འབྲེལ་མཛད་སྒོ་དངོས་སུ་འགོ་ཚུགས་པ་དང་   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་རྟེན་འབྲེལ་མཛད་སྒོར་བཞུགས་པ་དང་   ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན   བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞན་པ་ཧའོ་ཕང་བཅས་ཀྱིས་གསུངས་བཤད་གལ་ཆེན་གནང་   རང་སྐྱོང་ལྗོངས་ཀྱི་ཏང་ཨུད་དང་   མི་དམངས་འཐུས་མི་ཚོགས་ཆེན   སྲིད་གཞུང་   སྲིད་གྲོས   དྲག་ཆས་ཉེན་རྟོགས་དཔུང་སྡེའི་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་འགོ་ཁྲིད   དེ་བཞིན་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི   ལྷ་ས་གྲོང་ཨུད   བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ནང་བསྟན་མཐུན་ཚོགས   བོད་ལྗོངས་ཀྱི་གྲུབ་མཐའ་ཁག་གི་འཐུས་མི   བོད་ལྗོངས་ནང་བསྟན་སླབ་གྲྭ་ཆེན་མི་དགེ་རྒན་དང་ལས་བྱེད་པ་སགས་ལས་རིགས་ཁག་གི་སྐུ་མགྲོན་དྲུག་བརྒྱ་ལ་ཉེ་བ་རྟེན་འབྲེལ་མཛད་སྒོར་ཞུགས   བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་   འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་ཆེ་དགྲ་ལྷས་རྟེན་འབྲེལ་མཛད་སྒོ་གཙོ་སྐྱོང་གནང་ཞིང་   རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་རྒྱལ་མཚན་དང་ནག་ཚང་བྱམས་པ་ངག་དབང་རིན་པོ་ཆེ་རྣམ་གཉིས་ཀྱིས་བད་ལྗངས་ནང་བསྟན་སླབ་གྲྭ་ཆེན་མ་སྒ་ཡལ་ལྷན་དུ་ཕྱེས། 
    
ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་ཏུ་ཆིང་ལིང་   དེ་བཞིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུ་བཅས་ཀྱི་ཚབ་ཞུས་ནས་བད་ལྗངས་ནང་བསྟན་སླབ་གྲྭ་ཆེན་མབཟོ་སྐྲུན་ལེགས་གྲུབ་ཟིན་པ་དང་སློབ་འགོ་ཚུགས་པའི་རྟེན་འབྲེལ་མཛད་སྒོར་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་དང་   བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའ་བཟོ་སྐྲུན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཀྲུང་དབྱང་གི་འབྲེལ་ཡོད་པུ་ཨུད་དང་   བོད་རང་སྐྱང་ལྗངས་ཀྱི་ཏང་ཨུད་དང་སྲིད་གཞུང་   ཀྲུང་ག་ནང་བསྟན་མཐུན་ཚོགས   ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ   དེ་བཞིན་སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས་སློབ་སྤྱིའི་ཐུགས་འགན་བཞེས་པའི་དགེ་རྒན་དང་ལས་བྱེད་པ་ཡོངས   དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས་ལ་ལྷག་བསམ་རྣམ་དག་གི་གུས་བཀུར་དང་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས   ཀྲུའུ་ཝེ་ཆུན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་བར་ཕྱི་གསུམ་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལས་དོན་ལ་མཐོང་ཆེན་ཚད་མཐོ་པོ་གནང་གི་ཡོད་ལ   བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལས་རིགས་དང་ལྷག་དོན་དུ་རྒྱས་གཅེས་ཆོས་གཅེས་ཀྱི་རྐང་འཛིན་སྟོབས་ཤུགས་ཀྱི་འཚར་ལོངས་ལ་ཐུགས་ཁུར་གནང་གི་ཡོད   བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ཡག་པོ་འཛུགས་རྒྱུ་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱུན་ལྡན་སྒྲིག་ལམ་འཛུགས་པའི་དགོས་མཁོ་དང་འཚམས་ཀྱི་ཡོད་ལ   དུས་རབས་གོང་འཕེལ་གྱི་དགོས་མཁོ་དང་འཚམས་ཀྱི་ཡོད་པ་མ་ཟད   ད་དུང་ཏཱ་ལའི་ཚོགས་པས་ཆོས་ལུགས་བེད་སྤྱད་ནས་སིམ་འཛུལ་བྱེད་རྒྱུར་བཀག་འགོག་བྱེད་པའི་དགོས་མཁོ་དང་ཡང་འཚམས་ཀྱི་ཡོད   བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དཔེ་ཆ་སྦྱོང་བའི་ལམ་ལུགས་དེ་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་རྨང་གཞིའི་སྟེང་ཚད་ལྡན་ཅན་དང་དེང་རབས་ཅན་དུ་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་བར་དམིགས་དགོས་པ་དང་   དེ་བས་ཡག་པ་དང་དེ་བས་མང་བའི་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་གྲྭ་བཙུན་གསོ་སྐྱོང་བྱེད་རྒྱུར་དམིགས་དགོས་པ   ཁ་བྲལ་སྟོབས་ཤུགས་ཀྱིས་ཆོས་ལུགས་ཁྱབ་ཁོངས་ནང་སིམ་འཛུལ་བྱེད་རྒྱུར་བཀག་འགོག་ནུས་ལྡན་བྱེད་པར་དམིགས་ཏེ་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའ་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་རྒྱགདགོས་ཞེས་བསྟན་པ་དང་   ཀྲུའུ་ཝེ་ཆུན་གྱིས   བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ཡག་པོ་གཉེར་བར་སྔ་ཕྱི་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་དགོས་པ་དང་   ཧུར་བརྩོན་ཆེན་པོས་དགེ་འདུན་པའི་ཆོས་ལུགས་ཡོན་ཚད་མཐོ་རུ་གཏོང་དགོས་པ   ནངཁུལ་གྱི་དོ་དམ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པ   བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཚད་ལྡན་ཅན་གྱི་སློབ་གླིང་མ་ལག་ཞིག་གྲུབ་པ་དང་འཐུས་ཚང་དུ་གཏོང་དགོས   སྒྲིག་འཛུགས་སྣེ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་   དེ་སྔའི་ཉམས་མྱོང་དང་བསླབ་བྱར་ཕྱོགས་བསྡོམས་དང་བསྡུ་ལེན་ནན་ཏན་བྱེད་དགོས་པ   དུས་བབ་གསར་པའི་འོག་གི་རྒྱལ་གཅེས་ཆོས་ལུགས་ལས་རིགས་མི་སྣའི་འཚར་ལོངས་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལོ་ན་གཞོན་པའི་དགེ་འདུན་པ་རྣམས་གསོ་སྐྱོང་བྱེད་ཡུལ་གཙོ་བོར་བརྩི་ནས་ནུས་ཤུགས་ཡོད་རྒུས་ཆབ་སྲིད་བྱང་ཚད་དང་   ཆོས་ལུགས་ཡོན་ཚད   ཀུན་སྤྱོད་བློ་སྦྱོང་བཅས་མཐོ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་རྒྱབ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པ་ཡོང་ཆེད་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་འདིང་དགོས་པ་དང་   བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་འཛིན་དང་གོང་འཕེལ་ཆེད་དང་   བོད་ལྗོངས་ཀྱི་མཆོངས་བརྒལ་རང་བཞིན་གྱི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་ཡོད་པ་རེད  
     
ི་ང་གི་གསུངས་བཤད་དུ   ད་ལྗངས་ནང་བསྟན་སླབ་གྲྭ་ཆེན་མོ་སླར་གསོ་འཛུགས་སྐྲུན་བྱ་རྒྱུ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་   ཆོས་དད་རང་མོས་ལ་སྲུང་སྐྱོང་བྱེད་པ   དེ་བཞིན་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱུན་ལྡན་གྱི་དཔེ་ཆ་སྦྱོང་བའི་དགོས་མཁོ་སྐོང་བ   བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏ་ལའི་ཚོགས་པའི་སིམ་འཛུལ་གཏོར་བཤིག་ལ་བཀག་འགོག་བྱེད་པ་དང་རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན   བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ཡག་པོ་གཉེར་རྒྱུ་དེ་ཆབ་སྲིད་ཐོག་བློས་འཁེལ་ཐུབ་པ་དང་   ཆོས་ལུགས་ཀྱི་ཡོན་ཚད་མཐོ་བ   ཀུན་སྤྱོད་ཐོག་ཀུན་གྱི་བརྩི་བཀུར་ཐོབ་པའི་དུས་རབས་གསར་པའི་ཚད་ལྡན་ཅན་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་གསོ་སྐྱོང་བྱས་ཏེ   ཆོས་ལུགས་ལ་ཞིབ་འཇུག་བྱེད་པ་དང་   ཧུར་བརྩོན་ཆེན་པོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་མཐུན་པ་ཡོང་རྒྱུར་ཁྲིད་སྟོན་བྱེད་པར་ནུས་པ་ཡག་པོ་ཐོན་ཐུབ་པ་མ་ཟད   ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་རྒྱུན་འཁྱོངས་དང་   སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས   མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས   ཀྲུང་ག་ཁྱད་ཆས་ལྡན་པ་དང་བད་ཀྱི་དམིགས་བསལ་ཁྱད་ཆས་ལྡན་པའི་གོང་འཕེལ་ལམ་བུ་རྒྱུན་འཁྱོངས་བྱེད་རྒྱུ   བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་གོང་འཕེལ་གཏོང་བ   དར་ཆ་གསལ་བཏོན་ངང་ཁ་བྲལ་ལ་ངོ་རྒོལ་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད་པ་རེད  
    
སློབ་སྤྱི་སྒྲུབ་ཁང་ལགས་ཀྱིས་ནང་བསྟན་སློབ་གྲྭ་ཆེན་མོ་བཙུགས་པའི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་   ཁོང་གིས་གསུངས་དོན   སྤྱི་ལོ༢༠༠༨ལོའ་ཟླ་བ༡༠པའི་ཚེས༡༨ཉིན་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་རྩིག་རྨང་འདིང་འགོ་ཚུགས་ཡོད   ལོ་གསུམ་རིང་གི་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ཏང་ཀྲུང་དབྱང་དང་   རྒྱལ་སྲིད་སྤྱི་ཁྱབ་ཁང་   རང་སྐྱོང་ལྗོངས་ཏང་ཨུད   སྲིད་གཞུང་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་དང་   སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐོའ་ཡི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་སྐུ་ཚབ་མི་སྣའི་སློབ་གསོ་གསོ་སྐྱོང་ལས་གྲྭར་སྐུལ་འདེད་གཏོང་དགོས་པ་དང་   ཧུར་བརྩོན་ཆེན་པོས་ཆབ་སྲིད་ཐོག་བློས་འཁེལ་ཐུབ་པ་དང་   ཆོས་ལུགས་ཀྱི་ཡོན་ཚད་མཐོ་བ   ཀུན་སྤྱོད་ཐོག་ཀུན་གྱི་བརྩི་བཀུར་ཐོབ་པའི་ཆོས་ལུགས་ལས་རིགས་ཀྱི་སྐུ་ཚབ་མི་སྣའི་ཚོགས་པ་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད་པ་དང་   བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མ་འཛུགས་སྐྲུན་སླར་གས་བྱེད་རྒྱུའི་ཐད་མི་ཤུགས་དང་   དངས་ཤུགས   མ་དངུལ་བཅས་འབོར་ཆེན་བཏང་ཡོད་པ་རེད   ལོ་གསུམ་རིང་རིམ་པ་ཁག་གི་དབུ་ཁྲིད་ཀྱིས་བོད་བརྒྱུད་ནང་བསྟན་སློབ་གྲྭ་ཆེན་མོའ་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོ་པོ་དང་ཐུགས་ཁུར་ཆེན་པོ་གནང་ཡོད   ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་   ཨུ་ཡོན་ཀྲང་གཞོན་པ་རག་སྡིས་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱིས་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ཡག་པོ་འཛུགས་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་དང་   ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའི་རྒྱུན་ལས་པུ་ཀྲང་གཞོན་པ་ཀྲུའུ་ལྦེ་ཆུན་དང་   པུ་ཀྲང་གཞོན་པ་སྲི་ཐར   རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཧཕོང   བླ་བཟང་རྒྱལ་མཚན   ཆེད་དགྲ་ལྷ་སོགས་དབུ་ཁྲིད་རྣམས་ཀྱིས་དངོསུ་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོར་ལས་དོན་རྟོག་ཞིབ་དང་མཛུབ་སྟོན་ཐེངས་མང་གནང་བར་ཕེབས་པ་དང་   རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་འགྱུར་པུས་དུས་ཐོག་ཏུ་གྲ་སྒྲིག་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའ་སླར་གསོ་འཛུགས་སྐྲུན་ལས་དོན་གྱི་འགན་དངོས་འཁུར་ཡོད་པ་རེད   བོད་ལྗོངས་ནང་བསྟན་སླབ་གྲྭ་ཆེན་མི་གྲ་སྒྲིག་ཚོགས་ཆུང་གི་བླ་མཐུན་རྣམས་ཀྱིས་ཉིན་མཚན་མེད་པར་འབད་བརྩོན་བྱས་ཏེ་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའ་ཕྱི་ནང་གཉིས་ཀྱི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཟིན་པ་དང་དུས་མཚུངས་སློབ་འགོ་བདེ་བླག་ངང་ཚུགས་ཐུབ་པ་བྱུང་ཡོདཁོང་གིས་སེམས་ཤུགས་ཆེན་པོས་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་དེ་ཏང་དང་སྲིད་གཞུང་གིས་བློས་འཁེལ་ཐུབ་པའི་ཆོས་ལུགས་སློབ་གླིང་དང་   གྲྭ་བཙུན་ཀུན་གྱི་བློ་ལ་བབ་པའི་སློབ་གླིང་   དེ་བཞིན་སྤྱི་ཚོགས་དང་ཆོས་དད་མང་ཚོགས་ཀྱི་ཁས་ལེན་ཐོབ་པའི་ཆོས་ལུགས་སློབ་གླིང་ཞིག་ཏུ་གཉེར་དགོས་ཞེས་བསྟན   རྟེན་འབྲེལ་མཛད་སྒོའ་ཐོག་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་   རང་སྐྱོང་ལྗོངས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རིན་བློ་བཟང་འཇིགས་མེད་མཆོག་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་བཟོ་སྐྲུན་ལེགས་གྲུབ་ཟིན་པ་དང་སློབ་འགོ་ཚུགས་པའི་རྟེན་འབྲེལ་མཛད་སྒོར་ཞུ་བའི་འཕྲིན་ཡིག་སྒྲོག་སྦྱང་གནང་ཡོད་པ་དང་   པཎ་ཆེན་རིན་པོ་ཆེའི་འཕྲིན་ཡིག་ནང་   བོད་ལྗོངསནང་བསྟན་སློབ་གྲྭ་ཆེན་མོ་སླར་གསོ་འཛུགས་སྐྲུན་བྱུང་བ་ཤེས་རྟོགས་བྱུང་བས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་   ལོ་མང་རིང་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་འབྲེལ་ཡོད་སྡེ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་སློབ་གྲྭ་ཆེན་མོའི་འཛུགས་སྐྲུན་དང་དུས་འག་ལས་དན་ལེགས་གྲུབ་བདེ་བླག་བྱུང་བ་དང་དེ་རིང་དངོས་སུ་སློབ་འགོ་ཚུགས་ཐུབ་པ་བྱུང་ཡོད   དེ་ནི་ནང་པ་སངས་རྒྱས་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀུན་ནས་དགའ་འོས་པའི་དོན་ཆེན་ཞིག་ཡིན་ཞེས་འཁོད་ཡོད   པཎ་ཆེན་རིན་པོ་ཆེས་ད་དུང་དགེ་སློབ་ཡོངས་ནས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་སངས་རྒྱས་བསྟན་པ་ཡང་དར་དང་འགྲོ་དྲུག་སེམས་ཅན་གྱི་བདེ་སྡུག་སེམས་ལ་བཅངས་ནས་རྒྱལ་གཅེས་ཁྲིམས་སྲུང་དང་ཆོས་གཅེས་སྡོམ་འཛིན་བྱ་རྒྱུས་རྨང་གཞི་བྱེད་དགོས་པ་དང་ཆོས་ལུགས་གྲུབ་མཐའ་ཁག་བར་འཆམ་མཐུན་མཉམ་གནས་བྱེད་དགོས་པ   ཆོས་ལུགས་ཀྱི་གསུབ་རབ་ལ་སྦྱང་བརྩོན་ལྷོད་མེད་བཅས་བྱས་ནས་རྒྱལ་གཅེས་ཆོས་དར་གྱི་བྱ་བཞག་ལ་ལེགས་སྐྱེལ་འབུལ་རྒྱུའི་རེ་བ་བཏོན་ཡོད་པ་རེད  
    
ཀྲུང་ག་ཆས་ལུགས་མཐུན་ཚོགས་ཀྱིས་ཀྱང་བད་ལྗངས་ནང་བསྟན་སློབ་གྲྭ་ཆེན་མོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྐུར་ཡོད་པ་དང་   འཕྲིན་ཡིག་ནང་   ལོ་ངོ་སྟོང་གི་ལོ་རྒྱུས་འཕེལ་རིམ་ཁྲོད   བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་རིམ་བཞིན་རང་སོའ་ཁྱད་ཆོས་ལྡན་པའི་སློབ་ཁྲིད་བྱ་ཐབས་དང་དཔེ་ཆ་སྦྱོང་བའི་ལམ་ལུགས་ཤིག་གྲུབ་ཡོད་པ་དང་   དེས་ཕྱོགས་གཅིག་ནས་གནའ་བོའ་རྒྱ་གར་ན་ལེནྡྲ་དགོན་པའི་སྲོལ་རྒྱུན་གྱི་སློབ་སྒོམ་བྱ་ཐབས་རྒྱུན་འཛིན་བྱས་ཡོད་ལ   ཕྱོགས་གཞན་ཞིག་ནས་རྒྱ་གར་སངས་རྒྱས་ཆོས་ལུགས་སློབ་གསོའ་སྲོལ་རྒྱུན་དང་དཔེ་ཆ་སྦྱོང་བའི་ལམ་ལུགས་དར་སྤེལ་བཏང་ཡོད་ལ   དེང་གི་བསླབ་པ་གསུམ་དང་   ཐོས་བསམ་སྒོམ་གསུམ   དེ་བཞིན་འཆད་རྩོད་རྩོམ་གསུམ་གལ་ཆེ་མཉམ་དུ་འཇོག་པ་བཅས་ཀྱི་སློབ་ཁྲིད་བྱ་ཐབས་དང་མདོ་སྔ་སྔགས་རྗེས་ཀྱི་ལམ་གྱི་རིམ་པ་ནན་པོ་ཞིག་ཆགས་ཡོད་པ་དང་   རྨང་གཞི་དེའི་ཐོག་ལོ་རྒྱུས་ཐོག་ཐུན་མོང་མ་ཡིན་པའི་དགེ་བཤེས་སློབ་གནས་ཀྱི་ཡིག་རྒྱུགས་དང་སློབ་གནས་ལམ་ལུགས་གྲུབ་ཡོད་པ་དང་   དེ་བསྟུན་གྱིས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔར་བྱང་ཆུབ་པའི་མཁས་པ་དུ་མ་གསོ་སྐྱོང་བྱས་ཡོད་ལ   བོད་བརྒྱུད་ནང་བསྟན་བྱ་བཞག་དང་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་གོང་འཕེལ་དང་གསར་གཏོད་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད   དེས་ཀྱང་བད་བརྒྱུད་ནང་བསྟན་དགན་སྡེའི་སླབ་གས་སྒྲིག་སྲལ་གྱི་རྒྱུད་རིམ་ཅན་དང་   འཐུས་ཚང་ཅན   ཞིབ་ཚགས་ཅན་བཅས་མངོན་ཡོད་པ་དང་   ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེའི་སློབ་གསོའ་སྲོལ་རྒྱུན་དེས་ཀྲུང་གོ་ཙམ་མ་ཟད་ཐ་ན་འཛམ་གླིང་ཡོངས་ཀྱི་སངས་རྒྱས་ཆོས་ལུགས་སློབ་གསོར་ཡང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད་ཅེས་འཁོད་ཡོད  
     
སྤྲུལ་སྐུ་སྟག་ལུང་ཞབས་དྲུང་མཆོག་གིས་སློབ་བཞུགས་དགེ་འདུན་གསར་པ་རྣམས་ཀྱི་ཚབ་ཞུས་ནས་སློབ་འགོ་ཚུགས་པའི་རྟེན་འབྲེལ་མཛད་སྒ་ཐག་སྤྲ་སེམས་འཁལ་བའི་གཏམ་བཤད་སྤེལ་ཡད་པ་དང་   སླབ་འག་ཚུགས་པའི་རྟེན་འབྲེལ་མཛད་སྒོ་མཇུག་སྒྲིལ་རྗེས་ཚོགས་བཞུགས་འགོ་ཁྲིད་དང་སྐུ་མགྲོན་རྣམས་ཀྱིས་ད་དུང་དགའ་ལྡན་དགོན་པའི་དགེ་འདུན་གྱིས་རྟགས་གསལ་གཏོང་བའི་བརྒྱུད་རིམ་ལ་གཟིགས་པ་དང་དུས་མཚུངས་བོད་ལྗངས་ནང་བསྟན་སླབ་གྲྭ་ཆེན་མ་སླབ་ཁྲིད་ཐག་ཁང་དང་   དགེ་འདུན་པའི་ཉལ་ཁང་སོགས་འབྲེལ་ཡོད་སྒྲིག་ཆས་ལ་གཟིགས་སྐོར་གནང་བར་ཕེབས་ཡོད་པ་རེད   ཤེས་རྟོགས་བྱུང་བར་གཞིགས་ན   འཛུགས་སྐྲུན་ལེགས་གྲུབ་ཟིན་པའི་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་དེ་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ༢༧ཡོད་པ་དང་   རྒྱ་ཁྱོན་མུའུ༢༦༢.༤༨ཟིན་པ་དང་   ཁྱོན་མི་དམངས་ཤོག་སྒོར་ཁྲི༡༡༣༣བཏང་   ཀྲུང་གོའ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་རིན་པོ་ཆེ་མཆོག་གིས་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའ་སློབ་སྤྱིའི་ཐུགས་འགན་བཞེས་པ་དང་   ཁག་དང་པོའ་སློབ་བཞུགས་དགེ་འདུན་པའི་མི་གྲངས༡༥༠ཡོད་པ་དང་   བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོར་མིག་སྔར་དབུ་མཛད༡༣ཡོད་པ་དང་ཚང་མ་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཆེ་ཁག་ནས་ཕེབས་པའི་བླ་མ་སྐྱེས་ཆེན་ཡིན   སླབ་གྲྭ་ཆེན་མ་ནང་རྒྱུད་པ་དང་   མདོ་སྡེ   སྤྲུལ་སྐུ་བཅས་རིག་ཚན་གསུམ་དུ་དབྱེ་ཡོད་པ་དང་   ཁྲིམས་ལུགས་དང་   སྤྱི་སྤྱོད   ནང་རིག་པ་བཅས་སློབ་ཚན་གསུམ་བཙུགས་ཡོད   བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའ་སློབ་གཉེར་འདུ་ཤེས་ཐད་ཀྲུང་གོའ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་དེང་རབས་སློབ་གླིང་རྣམ་པའི་སློབ་གསོ་གཏོང་ཐབས་དང་སྲོལ་རྒྱུན་ཆོས་གླིང་རྣམ་པའི་སློབ་གསོ་གཏོང་ཐབས་གཉིས་ཟུང་སྦྲེལ་བྱེད་པའི་སློབ་ཁྲིད་བྱེད་ཐབས་དཔྱད་གཞིར་བཟུང་ཡོད  
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060