གྲོ་མོའི་དགུན་ཁ་འཁྱག་གི་མི་འདུག
སྤེལ་དུས།  2012-05-02 ཡོང་ཁུངས།  རྩོམ་པ་པོ།   སྒྲོལ་མས་བསྒྲིགས།

གྲོ་མོ་རྫོང་གི་གནོད་འགོག་རྒུད་སྐྱོབ་ཀྱི་ལས་ཀ་དངོས་བྲིས  
ཚིའུ་ཆི་ཧུང་  

    ༢༠༡༡ལོའི་ཟླ་ཚེས་༡༨ཉིན་གྱི་ཆུ་ཚོད་༢༠དང་སྐར་མ་༤༠སྐར་ཆ་༥༠སྟེང་། ཧིན་ངྷིའི་འབྲས་ལྗོངས་མངའ་སྡེར་རིམ་ཚད་༦.༨ཅན་གྱི་ས་ཡོམ་བྱུང་བ་དང་།   དེའི་ཤུགས་རྐྱེན་བོད་ལྗོངས་མཐའ་མཚམས་ཀྱི་གྲོ་མོ་རྫོང་ལའང་ཐེབས་ཏེ། རྙིང་རྗེ་མེད་པའི་ས་ཡོམ་གྱིས་རྫོང་དེའི་གསོན་ཤུགས་འབར་བའི་ཚེ་སྲོག་ཁྱུར་མིད་དུ་བཏང་པ་མ་ཟད།   མི་བརྒྱ་ལྷག་རྨས་པ་དང་།   ཁང་མིག་༣༠༠༠ལྷག་རྡིབ་པར་བྱས་ལ།   ཁང་མིག་ཁྲི་ལྷག་ཞིག་རལ་དུ་སོང་། ས་ཡོམ་བྱུང་མ་ཐག་གི་དུས་དང་པོ་ནས་བཟུང་། གྲོ་མོ་རྫོང་དུ་ཡོད་པའི་ཧྲང་ཧེ་ཡི་བོད་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཚོས་རྫོང་ཡོངས་ཀྱི་ལས་བྱེད་དང་མང་ཚོགས་ཀྱི་སྣ་དྲངས་ཏེ།   གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཞེས་པའི་ཁྱད་པར་ཅན་གྱི་གཡུལ་སར་ཞུགས་པར་གྲ་སྒྲིག་བྱས།   དགུན་དུས་ཀྱི་བོད་ལྗོངས་ས་མཐོའི་བླ་ཡུལ་ལས་འགངས་པའི་གནམ་གཤིས་དེ་ཅུང་ཟད་ཀྱང་མི་རྟག་སྟེ   དགོང་གཅིག་གི་དུས་ཡུན་ལའང་བྱ་སྒྲོ་རླུང་གིས་སྤུར་བ་ལྟ་བུའི་ཁ་བ་ཆེན་པོ་བབས   གྲོ་མོ་རྫོང་གི་ཁོངས་ཀྱི་ཇོ་མོ་བླ་རིའི་གངས་མཚམས་ཧ་ཅང་དམའ་ལ   རུས་རྐང་དུ་ཟུག་པའི་གྲང་རླུང་གིས་འཁྱག་དར་གྱི་ངོས་ལ་གཙུབ་སྟེ   སྟོང་ལྷང་ལྷང་གི་ཕག་རི་རྩ་ཐང་ཧྲིལ་བོ་སྤམ་འཐུག་པའི་ཁ་བ་རིམ་པ་ཞིག་གིས་གཡོགས   རླངས་འཁོར་ཕག་རི་གྲོང་བརྡལ་བརྒྱུད་ནས་མར་ཕྱིན་པ་ན   གྲོ་མོ་རྫོང་དང་ཁ་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་གྱུར་བ་དང་   འགག་འཕྲེང་ནང་གི་ཁ་བའི་ཕུང་བསོག་ཀྱང་རིམ་གྱིས་ཞུ་སྟེ་ཀྱག་ཀྱོག་གི་ལམ་རབ་རིབ་ཅིག་མངོན་འོང་   ཐོག་ཁེབས་དམར་པོ་ཅན་གྱི་ཁང་བ་དག་གི་དབྱིབས་གཟུགས་ཀྱང་ཆུ་ནང་དུ་ཤར་དེ་རེས་མངོན་ལ་རེས་མི་མངོན་པ་དང་   མཚོ་ངོས་ཀྱི་ཚད་ཀྱང་ཇེ་དམའ་ནས་ཇེ་དམའ་རུ་གྱུར་བས   མིག་མདུན་གྱི་ཡུལ་ལྗོངས་ཀྱང་ཇེ་དྭངས་དང་ཇེ་གསལ་དུ་གྱུར   ལམ་གང་གི་ཡུལ་ལྗོངས་ཀྱི་འགྱུར་བ་འདི་དག་ཀྱང་   ཟླ་གཉིས་སྔོན་གྱི་ཉམས་ཉེས་དེ་དང་འདྲ་ཞིང་   ཆག་གྲིམ་ཁ་འཐོར་ནས་གྲལ་སྒྲིག་ཚར་དངར་དང་   ཁྱིམ་འཐོར་གདུང་སེམས་ནས་གནོད་ཐེབས་རྗེས་ཀྱི་བསྐྱར་ཛུགས་སོགས་ལྟར   ད་ལྟ་མི་འདོད་པའི་འགལ་རྐྱེན་དེའང་ཅུང་ཟད་ལྷིང་འཇགས་སུ་གྱུར་ཡོད་   མི་སེམས་ཀྱི་སྡུག་བསྔལ་དེའང་ཅུང་ཟད་ཞི་འཇགས་སུ་གྱུར་ཡོད   ཟླ་གཉིས་ལྷག་གི་རྗེས་སུ་གསར་འགོད་པས་གྲོ་མོ་རྫོང་དུ་མཐོང་བ་ནི་གོ་རིམ་ཚང་བའི་འཚོ་བ་རོལ་སྟངས་དང་ནུས་ཤུགས་ལྡན་པའི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བ་དེ་རེད   རྣ་ལམ་དུ་ཐོས་པ་ནི་སྦྲ་གུར་ནང་ནས་མཆེད་པའི་བྱིས་པའི་དཔེ་ཀློག་གི་དབྱངས་རྟ་ལྷང་ལྷང་དང་མི་སེར་གྱིས་འཚོ་བ་གསར་བར་རེ་སྨོན་བྱེད་པའི་དྭངས་གཙང་གི་སེམས་ཁམས་དེ་རེད  

                                                                        གྲང་འཁྱག་ཁྲོད་ཀྱི་དྲོ་སྐྱིད  

             ས་རུབ་མ་ཐག་པའི་གྲོ་མོ་ཡི་དྲོད་ཚད་ཀླད་གོར་མན་གྱི་ཧྲེ་ཧྲི་ཏུའུ༥ཡིན   གྲོ་མོ་རྫོང་གི་དགའ་གླིང་སྒང་གྲོང་ཚོའི་གནོད་ཐེབས་མི་སེར་གཞིས་ཆགས་སར་འབྱོར་སྐབས་སྒྲོན་འོད་ཤིན་དུ་གསལ་ཞིང་   གང་ས་གང་དུ་ཇ་བསྲུབ་མའི་དྲི་ཞིམ་ཁྱབ་འདུག ཆུ་བྲག་གཉིས་ཀྱི་བར་དུ་ཆགས་པའི་དགའ་གླིང་སྒང་གྲོང་ཚོ་ནི་ཧྲང་ཧེའི་བོད་ལ་རོགས་སྐྱོར་བྱེད་པའི་ཞིང་གྲོང་གསར་བའི་དམིགས་དཔེ་སྟོན་སར་བཟུང་བའི་གལ་ཆེའི་གྲོང་སྡེ་ཞིག་ཡིན་ལ   གྲོ་མོ་རྫོང་གིས་ཞིང་གྲོང་གསར་བའི་ལས་གཞིའི་འགྲོ་སོང་བཏང་བ་ཆེས་མང་བའི་གྲོང་ཚོ་ཞིག་ཀྱང་ཡིན   འོན་ཀྱང་ཟླ་གཉིས་སྔོན་གྱི་སྙིང་རྗེ་མེད་པའི་ས་ཡོམ་གྱིས་གྲོང་ཚོ་འདིར་ཉམས་ཉེས་ཆེན་པོ་བཟོས་ཡོད་ལ   དགའ་གླིང་སྒང་གྲོང་ཚོ་ནི་ཐེངས་འདིའི་ས་ཡོམ་གྱིས་གནོད་པ་ཐེབས་པ་ཆེས་ཚབས་ཆེན་ཡིན་པའི་ས་ཁུལ་ཞིག་ཏུ་གྱུར་ཡོད   དུད་ཁྱིམ༡༥༦གི་ཁང་བ་ཚང་མ་ཁང་ཧྲུལ་དུ་བཏང་ཡོད་ལ   དམར་སྨུག་གི་མདོག་དང་ལྡན་པའི་རྣོ་ལྕགས་ཀྱི་རྒྱ་ཕིབས་ཅན་གྱི་ཐོག་ཁང་རེ་རེ་སྐད་ཅིག་མར་ཞིག་རལ་དུ་གྱུར་བ་དང་   རྡོ་གཡམ་ལེབ་མོ་སྙོམས་པོར་བཏང་བའི་བགྲོད་ལམ་རེ་རེར་སེར་ག་ཆེན་པོ་གས་ཡོད་ལ   མཐོང་བ་ཙམ་གྱིས་ཕངས་སེམས་སྐྱེ་བ་ཞིག་བཟོས་འདུག་ས་ཡོམ་བྱུང་རྗེས   ཧྲང་ཧེའི་བོད་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་ལས་བྱེད་མི་སྣའམ   གྲོ་མོ་རྫོང་གི་རྫོང་ཨུ་ཧྲུའུ་ཅི་ཡི་འགན་འཁུར་མཁན་བློ་མཐུན་ཅི་ཞའོ་ཕིན་གྱིས་བོད་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་སྣ་དྲངས་ཏེ་མགྱོགས་མྱུར་ངང་དགའ་གླིང་སྒང་གྲོང་ཚོ་རུ་སོང་ནས   ཡིད་སེམས་གདུང་བས་ནོན་པའི་མི་སེར་ལ་ཁ་གཏད་དེ   “ཚེ་སྲོག་གི་བདེ་འཇགས་ནི་གང་ལས་ཀྱང་གལ་ཆེ   ཁྱེད་ཚོ་མ་སྐྲག   ཁང་བ་ཞིག་ཀྱང་ཡང་བསྐྱར་བསྐྲུན་ཆོགཏང་དང་སྲིད་གཞུང་གིས་ཁྱེད་ཚོར་རགས་སྐྱར་བྱད་ངས་ཡན”ཞས་བཤད   དེ་ལྟ་བུའི་དཀྱེལ་ཡངས་ཀྱི་སེམས་གསོ་དེས   མགོན་སྐྱབས་དང་བྲལ་བའི་མི་སེར་ཚོར་རང་ཁྱིམ་བསྐྱར་གསོ་བྱ་བར་སེམས་ཤུགས་རྒྱས་སུ་བཅུག་སྡེ་མི་བཟང་པོ་ཞེས་པ་དེ་ནི་རྒུད་སྐྱོབ་ཀྱི་སྦྲ་གུར་ནང་དུ   གདོང་ལ་དྲོད་སྐྱིད་ཀྱིས་ཁེངས་ནས་ཡོད་ལ   ཁོ་ཚང་གི་རྒྱ་ཁྱོན་རྨིད་གྲུ་བཞི་མ་བཅུ་ལྷག་ཡོད་པའི་སྦྲ་གུར་གྱི་དཀྱིལ་དུ་མེ་ཐབས་ཞིག་བཞག་ཡོད་ལ   ཞིག་རོའི་ཁྲོད་ནས་སྒྲུག་པའི་ཆ་སྒམ་དང་   ཉལ་ཁྲིའི་སྒང་གི་འབོལ་གདན་སོགས་ཕྱོགས་བཞིར་སྤུངས་ཡོད  
     
བཟང་པོའི་ཨ་མས་བོད་ལྗོངས་འཁོར་སྐར་བརྙན་འཕྲིན་གྱི་བོད་སྐད་ལེ་ཚན་ལ་བལྟ་བཞིན་ཡོད་ལ   ཆུང་མས་གསར་འགོད་པ་འོང་བ་མཐོང་འཕྲལ་མགྱོགས་མྱུར་དུ་དྲོད་རླངས་ཐུལ་ཐུལ་གྱི་ཇ་བསྲུབ་མ་དཀར་ཡོལ་གང་བླུགས་ནས་འོང་   བཟང་པོས་གནོད་ཐེབས་རྗེས་ཀྱི་བརྒྱུད་རིམ་བཤད་དོན   “ས་ཡོམ་བྱུང་རྗེས་ཀྱི་ཉིན་གཉིས་པར་མེ་གསོད་རུ་མིས་ངེད་ཚང་ལ་སྦྲ་གུར་འབུབས་རོགས་བྱས་པ་དང་   བཀོལ་སྤྱོད་ཀྱི་རིན་ཐང་ཡོད་པའི་ཅ་ལག་ཚང་མ་ཁང་བའི་ཞིག་རོའི་ཁྲོད་ནས་ཕྱིར་དབོར་འོང་   བོད་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་དུས་ལྟར་ངེད་ཚང་ལ་རྩམ་པ་དང་   སྔ་ཚ   འབྲས   ཉལ་གས་དང་སྲང་བལ་བར་འཚང་ཅན་གྱ་དར་མ་སོགས་བསྐྱལ་འོང་   ད་དུང་མི་རེར་ཟླ་རེར་སྒོར༣༠༠རེའི་འཚོ་བའི་ཁ་སྣོན་ཡོད་པས   ངེད་ཁྱིམ་ཚང་གང་བོས་དགུན་ཁ་འདི་སྐྱེལ་བར་སེམས་ཚེགས་ཡོད་པ་མ་རེད”ཅེས་ཟེར  
     
ད་དུང་ཁོས་མུ་མཐུད་དུ་བཤད་རྒྱུར   “བདེ་འཇགས་ལ་ཁག་ཐེག་བྱ་ཆེད   རྫོང་གིས་ཁང་ཧྲུལ་ཡོད་ཚད་བཅིལ་འགྲོལ་དམག་དང་   ཨར་ལས་རུ་ཁག་གིས་འགན་ཁུར་ཏེ་བཤིག་དགས་པ་དང་   སྡེ་བའི་ནང་གི་མི་སེར་ཚང་མས་སང་ལཟླ༣པར་ཁང་བ་གསར་བ་བསྐྱར་བསྐྲུན་མ་བྱས་པའི་སྔོན་འཆར་གཞིའི་རྗེས་ཆོད་པར་བྱས་ཏེ་ཁང་ཧྲུལ་བཤིག་དགོས་པ་སོགས་གཏན་འཁེལ་བྱས   བོད་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དག་ནམ་རྒྱུན་གྲོང་ཚོ་རུ་ང་ཚོར་བལྟ་རུ་འོང་བཞིན་ཡོད་པས   ང་ཚོ་ཚང་མས་ཁོང་ཚོར་བཀའ་དྲིན་ཆེ་ཞུ་བཞིན་ཡོད”ཟེར   བཟང་པོའི་ཁང་ཆུང་ཉིས་ཐོག་དེའི་ཕྱོགས་གཅིག་ཡོངས་སུ་རྡིབ་ཟིན་ལཅུང་ཟད་ཡོ་ནས་ཡོད་པས   ཁོས་ལས་བཟོ་བ་བཙལ་ཏེ་ཁང་བ་བཤིག་རོགས་བྱས་ནས   ཞིག་རོ་ལས་ཕྱིར་བཏོན་པའི་ཨར་ལས་གྱི་རྒྱུ་ཆ་དག་ལ་བལྟ་བཞིན་འདུག
     
བཟང་པོས་བཤད་རྒྱུར་   “ཁྱིམ་འདིར་ད་ལྟའི་གནས་ཚུལ་ལ་བལྟས་ན་དཀའ་ངལ་ཆེས་ཆེ་བ་ནི་ཁང་བ་གསར་རྒྱག་བྱ་དགོས་པ་དེ་ཡིན་མོད   འོན་ཀྱང་སྲིད་གཞུང་གིས་ང་ཚོར་རོགས་སྐྱོར་བྱེད་ངེས་ཡིན   ཐེངས་འདིར་ཧྲང་ཧེའི་བོད་ཀྱི་རོགས་སྐྱོར་པས་དུད་ཁྱིམ་རེར་ཁང་བ་གསར་རྒྱག་གི་གསབ་དངུལ་ཁ་སྣོན་སྒོར་ཁྲི་༧་དང་སྟོང་༥་རེ་གནང་བ་དང་   ལོ་རྗེས་མར་ང་རང་ཉིད་རྫོང་ཐོག་ཏུ་རྡོ་བཤིག་པར་སོང་ནས་གླ་རྒྱུགས་བྱས་ན་སྒོར་ཅུང་ཙམ་གསོག་ཐུབ་པས   སང་ལ་དགུན་མ་ཐན་སྔན་ལ་ཁང་བ་གསར་བ་རུ་སྡད་ཐུབ་པར་སྣང་དགས་མ་དགས”ཟེར།   གྲོ་མོ་གོང་མ་ཤང་གི་སློབ་ཆུང་ལ་སློབ་མ༦༨དང་   དགེ་བཟོ་བ༡༡ཡོད   ས་ཡོམ་བྱུང་སྐབས་སློབ་གྲྭ་གུང་གསེང་བཏང་ཟིན་པས   མི་གཅིག་ལའང་རྨས་སྐྱོན་མ་བྱུང་   རྙིང་སོང་དུ་གྱུར་བའི་ཁང་ཧྲུལ་འགའ་ཐོག་རྡིབ་པ་ལས   སློབ་ཁྲིད་ཚོམས་ཆེན་དང་ཟ་ཁང་སོགས་ཀྱི་འཛུགས་སྐྲུན་ལ་གནོད་འཚེ་ཐེབས་པ་ཤིན་ཏུ་ཉུང་   སློབ་གཙོ་ཉི་མ་ཚེ་རིང་གིས   “སློབ་གྲྭའི་སློབ་ཁྲིད་ཚོམས་ཆེན་ནི་༢༠༠༨ལོ་བསྐྲུན་པ་ཡིན་ལ   རྒྱུ་སྤུས་ཧ་ཅང་བཟང་   ཚང་མས་བཤད་ན་འདི་ནི་ཤང་ཡོངས་ཀྱི་ཆེས་ལེགས་པའི་ཁང་བ་ཡིན”ཞེས་བཤད་བྱུང་   ས་ཡོམ་བྱུང་རྗེས་སློབ་གྲྭ་ནི་ཤང་གི་ཆེས་ཆེ་བའི་གནོད་ཐེབས་མི་སེར་གཞིས་ཆགས་ས་རུ་གྱུར་ཏེ   སྦྲ་གུར༢༧ཕིབས་ནས་གནོད་ཐེབས་མི་སེར་གཏན་སྡོད་བྱས   ས་ཡོམ་བྱུང་རྗེས་ཀྱི་ཉིན་བརྒྱད་པར་སློབ་གྲྭས་སློབ་ཁྲིད་བསྐྱར་གསོ་བྱས་པ་དང་   ས་རྒྱུན་ལྡན་ལྟར་སླར་གས་ཐུབ་ཡ   ང་ཚོ་འབྱོར་ཉིན་གྱི་ཉིན་གུང་ལོ་རིམ་ལྔ་བའི་སློབ་མ་བུ་ཆུང་དང་སློབ་གྲོགས་ཚོས་གྲལ་སྒྲིག་ནས་ཟ་ཁང་དུ་ཁ་ལག་བཟའ་བཞིན་འདུག སློབ་མ༤རེ་སྒྲོག་ཙེ་གཅིག་དང་   སྒྲོག་ཙེ་རེར་ཚལ་གཉིས་རེ་འདུགདེ་རིང་གི་ཚལ་ནི་ལ་ཕུག་དང་ཤ་བརྔད་མ་དང་   སྔ་ཚལ་དང་ཕག་རྒྱུ་བརྔད་མ་རད་འདུགསླབ་མ་བུ་ཆུང་གསི   “ཕ་མ་ཚོར་རང་ཁྱིམ་གད་ཕྱིས་རྒྱག་པར་ཁོམ་གྱི་མི་འདུགང་ཚོའི་སློབ་གྲྭའི་འཚོ་བ་ནི་ཡུལ་ལས་ཀྱང་ལེགས་པོ་འདུག”ཅེས་ལབ་བྱུང་   ས་གནས་རང་གི་ལས་བྱེད་པས་བཤད་དོན   ས་ཡོམ་བྱུང་བའི་གནས་ཚུལ་ཤེས་རྟོག་བྱུང་རྗེས   ཧྲང་ཧེའི་ཐེངས་དྲུག་པའི་བོད་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣས་སྣེ་ཁྲིད་བྱས་པ་དང་   གཞིས་ཀ་རྩེ་ས་ཁུལ་གྱི་ཧྲུའུ་ཅི་གཞོན་པ་རྨིན་ཝེ་ཞིན་ནི་དུས་ཚོད་དེར་གཞིས་ཀ་རྩེ་ས་ཁུལ་ནས་གྲོ་མོ་རྫོང་དུ་ཐོན་ཏེ   ས་ཡོམ་གྱི་གནོད་སྐྱོན་ལ་བལྟ་ཞིབ་བྱ་སྐབས་ནན་གྱིས་བསྟན་དོན   “ང་ཚོས་ངེས་པར་དུ་ལས་གཞི་བརྗེ་སྤོར་བྱས་ཏེ   ཞིང་གྲོང་གསར་བ་འཛུགས་སྐྲུན་གྱི་མ་དངུལ་དེ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཕྱོགས་སུ་བཀོལ་ཏེ   དེ་གཉིས་ཕན་ཚུན་རམ་འདེགས་ཀྱིས་གནོད་རྗེས་བསྐྱར་འཛུགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོངདགོསཞེས་བཤད   ས་ཡོམ་གྱིས་སྙིང་རྗེ་མེད་པར་གྲོང་ཚོར་གནོད་སྐྱོན་བཟོས་པས   བོད་ལ་རོགས་སྐྱོར་བྱེད་པའི་ལས་གཞི་འཛུགས་སྐྲུན་ཚན་ཆུང་གི་བློ་མཐུན་ཚོའི་སེམས་ཁམས་ཀྱང་བློང་བློང་བོར་འགྱུར་བར་བྱས   གྲོ་མོ་རྫོང་སྡོད་བསྐྲུན་ཅུའུ་ཡི་ཅུའུ་ཀྲང་ཀྲའོ་ཡོ་ཞིའི་ཡིས་གསར་འགོད་པར་ལན་འདེབས་སྐབས་སྐད་འཛེར་བཞིན་བཤད་དོན   “ཆེས་མཛེས་སྡུག་དང་ལྡན་པའི་ཁང་བ་དམར་པོ་ཚང་མ་ཞིག་སོང་བས   ང་ཚར་རང་ག་གཅས་བའ་བུ་ཕྲུག་སྟར་བ་ལྟ་བུའ་ཚར་བ་བྱུང”ཞས་བཤད  

                                                                      དུས་ཚོད་དང་ཚེ་སྲོག་གི་འགྲན་རྩོད  

                 ས་ཡོམ་བྱུང་རྗེས་ཀྱི་ཟླ་གཉིས་ལྷག་གི་རིང་   ཅི་ཞའོ་ཕིན་གཞི་རྩའི་སྟེང་གཉིད་ལེགས་པོ་ཞིག་ཀྱང་ཁུག་མྱོང་མེད   ཉིན་མོ་ཁོ་དཀའ་ངལ་ལ་མ་འཛེམས་པར་གནོད་ཐེབས་ཀྱི་མི་སེར་གཞིས་ཆགས་ཀྱི་ཕྱིར་འདུར་བ་དང་   མཚན་མོ་ལས་བྱེད་ཚོ་བསྡུས་ནས་ཚོགས་འདུ་འཚོགས་ཏེ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལ་གྲོས་མོལ་བྱས   ཐེངས་ལྔ་བའི་བོད་ལ་རོགས་སྐྱོར་བྱེད་པའི་བྱ་བ་མཇུག་རྫོགས་རྗེས་ཕྱིར་མ་ལོག་པར་མུ་མཐུད་དུ་བོད་ཁམས་ནས་བྱ་བ་བསྒྲུབ་པའི་རྫོང་ཨུ་ཧྲུའུ་ཅི་འདི་ནི   ཆག་སྒོ་དང་ཉམས་ཉེན་གྱི་མདུན་དུ་མི་སེར་གྱི་ལྟོགས་སྐོམ་དང་དཀའ་ངལ་ལ་སེམས་པ་དམ་པོར་འབྲེལ་ཡོད་པས་སྐར་ཆ་གཅག་ལ་ལྷད་གཡང་དང་འཐུས་ཤར་བྱུང་མ  
   
ཟླ་གཉིས་ལྷག་གི་སྔོན་གྱི་ས་ཡོམ་དེར་ཕྱིར་དྲན་བྱ་སྐབས   གྲོ་མོ་རྫོང་གི་ལས་བྱེད་དང་མི་སེར་ཚོར་ད་ལྟ་བྱུང་བ་ནང་བཞིན་མིག་ལམ་ན་འཁོར་གྱིན་འདུག༢༠༡༡ལ་ཟླ༩བའི་ཚེས༡༨ཉིན་གྱི་ཆུ་ཚོད༢༠དང་སྐར་མ༤༠སྐར་ཆ༥༠སྟེང་   ཁང་བ་ཡུད་ཙམ་རིང་གཡོ་འཁྱོམ་བྱས་རྗེས   ཅི་ཞའོ་ཕིན་མགྱོགས་པོར་གཞུང་སྒྲུབ་ཐོག་ཁང་མདུན་གྱི་ཐང་དུ་སླེབས་པ་ན   གློག་མེད་པར་གྱུར་ལ   བརྡ་འཕྲིན་ཡོངས་སུ་ཆད་སོང་བས   ཅི་ཞའོ་ཕིན་གྱིས་ལག་ཏུ་སྒྲ་སྐྱེད་གློག་དུང་བཟུང་སྟེ   གྲོ་མོ་རྫོང་གནོད་འགོག་རྒུད་སྐྱོབ་གནས་སྐབས་འཆར་འགོད་པུའུ་ཚུགས་པ་ས་དར་ཁྱབ་བསྒྲགས་བྱས   འཆར་འགད་པུའུ་ཡ་ཁངས་སུ་རྨས་མ་མྱུར་སྐྱོབ་ཚན་ཆུང་དང་   རྒྱུ་དངོས་ཁག་ཐེག་ཚན་ཆུང་   ཉེན་འགོག་མྱུར་སྐྱོབ་ཚན་ཆུང་   གནོད་ཐེབས་གནས་ཚུལ་དངོས་བཤེར་ཚན་ཆུང་   འགན་སྲུང་མྱུར་སྤྲོད་ཚན་ཆུང་   བརྡ་འཕྲིན་བརྗེ་རེ་ཚན་ཆུང་དང་ཤང་གྲོང་རེ་རེའི་མྱུར་སྐྱོབ་ཚན་ཆུང་སོགས་ཚན་ཆུང༡༡་ཡོད་ལ   ཚན་ཆུང་རེ་རེར་ལས་བགོས་བྱས་པ་གསལ་བོ་ཡིན་པ་དང་   འགན་འཁུར་གང་ན་ཡོད་ཀྱང་མི་ས་གནས་དེར་ཐོན་དགོས་པ་བཟས་ཏ་ཚང་མ་མཉམ་འབྲལ་གྱས་འབད་འཐབ་བྱས   ལས་བྱེད་དང་མི་སེར་ཚང་མའི་སེམས་སུ་གསལ་བོར་ངེས་པ་ནི   དྲག་ཆར་གྱི་ཤག་སྒྲའི་ཁྲོད་དུ་ཅི་ཞའོ་ཕིན་གྱིས་སྐད་གསེང་མཐོན་པོས   “དུས་ཚོད་དམ་འཛན་གྱས་རྩ་འཛུགས་བྱས་ཏ་མ་སར་བད་འཇགས་ས་ཁུལ་དུ་གནས་སྤར་བྱས་ལ   ཐོག་དང་པོར་ཚེ་སྲོག་མྱུར་སྐྱོབ་བྱོས   “ཞེས་པ་དེ་རེད་   མི་རྣམས་མྱུར་སྐྱོབ་བྱོས   ”ཞེས་པ་དེ་ཅི་ཞའོ་ཕིན་གྱིས་ས་ཡོམ་རྗེས་ཀྱི་ཐོག་དང་པར་བཏན་པའ་ཇུས་བཟང་ཞག་ཡ   ས་ཡོམ་བྱུང་རྗེས་ཀྱི་སྐར༡༥སྟེ   མི་རྣམས་སྐྲག་ནས་རྣམ་ཤེས་ལྷོད་ལ་འབབ་མི་ཐུབ་པའི་དུས་དེར   ཅི་ཞའོ་ཕིན་གྱིས་མགྱོགས་མྱུར་ངང་ལས་ཁུངས་ཆེ་བཞིའི་འགོ་ཁྲིད་ཚོ་ཁྲིད་དེ་ས་ཡོམ་གྱི་འཇིགས་ཉེན་ལ་མ་འཛེམས་པར་གནོད་ཐེབས་ས་ཁུལ་དུ་བསྐྱོད   ཤང་གྲོང་སོ་སོར་ཅི་ཞའོ་ཕིན་གྱིས་གོ་བསྐོན་སློབ་གསོ་བྱས་ཏེ་གྲོང་སྡེའི་ཏང་ཡོན་ལས་བྱེད་མི་སྣ་རྩ་འཛུགས་ཀྱིས་མི་ཤུགས་ཕུད་དེ་ཁྱིམ་ཐོ་བཤེར་བ་དང་   མང་ཚོགས་ས་དེར་ཁ་གྱེས་སུ་འཇུག་པ   གནོད་ཐེབས་མི་སེར་གཞས་ཆགས་པ་སགས་བཀད་སྒྲག་བྱས   ཆུ་ཚོད༧༢ནང་   གྲོ་མོ་རྫོང་གི་ས་ཡོམ་གྱིས་གནོད་ཐེབས་ས་ཁུལ་དུ་བརྡ་འཕྲིན་མ་ལག་སླར་གསོ་ཐུབ་པར་གྱུར   བགྲོད་ལམ་བཙན་གྱིས་བཤང་པ་དང་   རྫོང་མཁར་དུ་གློག་ཡོད་པར་བྱས་ལ   ཉེན་སྐྱོབ་བྱས་པའི་མི་སྣར་བཀོད་སྒྲིག་གང་ལེགས་བྱ་ཐུབ་པར་གྱུར་བས   རྒུད་སྐྱོབ་ཀྱི་དངོས་རྫས་མུ་མཐུད་དུ་ཐོན་པ་དག་མང་ཚོགས་ཀྱི་ལག་ཏུ་འཕྲོད་པར་བྱས   ཚེས༢༢ཉིན་གནོད་ཐེབས་ས་ཁུལ་གྱི་རྒྱུ་དངོས་བརྗེ་སྤོར་དང་   ཐོག་རྡིབ་པའི་ཁང་བ་དང་ཁང་རལ་དག་གཙང་བཤེར་གྱི་བྱ་བ་བསྒྲུབ་པ་དང་མཉམ་པོར་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་འཆར་ཟིན་བཀོད   ད་དུང་མཁར་གྲོང་འཛུགས་སྐྲུན་བདེ་འཇགས་རྒྱུས་ལོན་སོགས་ཀྱི་བྱ་བ་གོ་རིམ་དང་ལྡན་པའི་སྒོ་ནས་སྤེལ   ཚེས་༢༣ཉིན   རྫོང་ཡོངས་ཀྱི་ས་ཡོམ་གྱི་གནོད་པ་འགོག་ཅིང་རྒུད་པ་ལས་སྐྱོབ་པའི་རིམ་པ་གསུམ་པའི་དུས་རིམ་ཐོག་མའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས   དུས་ཚོད་ནི་ཚེ་སྲོག་དང་   གནོད་ཐེབས་ཀྱི་གནས་ཚུལ་ནི་ལྡོག་མེད་ཀྱི་བཀའ་ལུང་ང   ཟླ༩པའི་ཚེས༡༨ཉིན   རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཏའེ་ཅན་ཆང་དང་རྫོང་ཨུའི་རྒྱུན་ཨུ   རྫོང་ཨུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཐུའུ་ཧྥ་གཉིས་ཀྱིས་ལྷ་སར་གཞུང་དོན་སྒྲུབ་བཞིན་ཡོད་པས   གྲོ་མོར་ས་ཡོམ་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས   ཁོང་ཚོ་ལྷ་ས་ནས་ཕྱིར་འཁོར་ཏེ་མཚན་འགྲོས་བརྒྱབ་ནས་འོང་བ་ན   གྲོ་མོར་འབྱོར་དུས་ནམ་ལངས་ཁའི་ཆུ་ཚོད༥ལྷག་རེད   ཁོ་ཚོས་དཀའ་ངལ་རྒྱབ་ཏུ་གཡུགས་ཏེ   ངལ་མ་གསོས་པར་མྱུར་མོར་གནོད་འགོག་རྒུད་སྐྱོབ་ཀྱི་གཡུལ་ས་མདུན་མར་ལྷགས   རྫོང་ཨུའི་རྒྱུན་ཨུའམ   རྒྱུན་ཨུ་རྫོང་དཔོན་གཞོན་པ་ལིའུ་ཞའོ་ཅོན་ས་ཡོམ་བྱུང་རྗས་ཀྱ་དུས་ཚད་དང་པར་གནད་ཐབས་ས་ཁུལ་དུ་བསྐྱད་ད   མང་ཚོགས་ས་དེར་ཁ་འབྲལ་བར་བཀོད་འདོམས་དང་   མི་སྣ་རྩ་འཛུགས་ཀྱིས་རྨས་མ་འཚོལ་སྐྱོབ་ཀྱི་བྱ་བ་སྤེལ   ད་དུང་རྫོང་ནང་དུ་དུས་ལྟར་ཆེད་ལས་ཀྱི་སྡེ་ཁག༢༤རྩ་འཛུགས་བྱས་ཏེ   དུས་ཡུན་ཉིན་གསུམ་ལ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཉེན་ཁ་ཆེ་བའི་མི་སེར་གྱི་ཁང་ཁྱིམ༡༢༨བཤིག་པ་དང་   དུད་ཁྱིམ༡༡༥ཡི་རྒྱུ་ནོར་གནས་སྤོ་བྱས   རྒྱབ་ཕྱོགས་ཞབས་འདེགས་ལ་ཁག་ཐེག་བྱེད་པའི་ཚན་གཙོ་ཞིག་ཡིན་པའི་ཆ་ནས་གནོད་ཐེབས་མང་ཚོགས་ལ་དགོས་ངེས་ཀྱི་རྒྱུ་དངོས་སྣ་ཚོགས་དུས་ལྟར་སྤྲད་པ་དང་   དེ་དང་དུས་མཉམ་དུ་བཀོད་སྒྲིག་དང་གནད་དོན་ཐག་གཅོད་བྱེད་པའི་ཕྱོགས་གཉིས་ཀྱི་ལས་བསྒྲུབ་ཚན་ཆུང་གི་མི༡༥༠ལྷག་དང་རྫོང་གི་ཐད་གཏོགས་ལས་ཁུངས་ཀྱི་གནོད་ཐེབས་ལས་བྱེད་མི་སྣ༡༧༠ལྷག་གི་ཟ་སྡོད་གཉིས་ཀྱི་གནད་དོན་ཐག་གཅོད་བྱས   གནོད་སྐྱོན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱ་བའི་ཚན་ཆུང་གི་ཚན་གཙོ་ཞིག་ཡིན་པའི་ཆ་ནས་དུས་ཡུན་ཐུང་ཐུང་ཞིག་གི་ནང་ཤང་གྲོང༧ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་ལ་ཞིབ་བཤེར་དང་གདེངས་འཇོག་བྱས་ཏེ   གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལ་རྨང་གཞི་བརྟན་པ་ཞག་བཙུགས  
    
ཀྲའོ་ཡོ་ཞིའི་གནོད་ཐེབས་ས་ཁུལ་དངོས་སུ་སོང་སྟེ   འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་རྩ་འཛུགས་དང་   འཕྲུལ་འཁོར་གྱིས་ལམ་བཙན་གྱིས་བཤང་བ   བརྡ་འཕྲིན   རྩ་འཛུགས་མི་སྣས་རྫོང་མཁར་དུ་སྒར་བཏབ་པ   རྒུད་སྐྱོབ་ས་གནས་ས་ས་འཕྲད་རྟེན་བཀད་སྒྲིག་གི་ཆེད་ལས་མི་སྣས་གཙང་འཕྱག་འགན་ཁུར་བ་སོགས་ལ་བཀོད་སྒྲིག་དང་བལྟ་ཞིབ་བྱས   ་ས་བྱ་བའ་ལས་བགས་དང་མཐུན་པར་   རྩ་འཛུགས་མི་སྣས་རྫོང་མཁར་གྱི་ཁྱབ་ཁོངས་ནང་གི་སྤྱི་བའི་ཁང་བ་དང་   སློབ་གྲྭ   སྨན་ཁང་དང་རོགས་སྐྱོར་བྱས་ནས་འཛུགས་སྐྲུན་བྱས་པའི་ལས་གཞི་སོགས་ཀྱི་ཆག་སྐྱོན་ལ་ཐོག་མའི་གདེངས་འཇོག་དང་སྡོམ་རྩིས་བྱས   རང་སྐྱོང་ལྗོངས་ཀྱི་ཆེད་ལས་མི་སྣར་འགྲོ་རོགས་འོག་རྫོང་ཡོངས་ཀྱི་ཁང་བར་ཆག་སྐྱོན་བྱུང་མིན་ཐད་ཕྱོགས་ཡོངས་ནས་གདེངས་འཇོག་བྱས   དེ་དང་མཉམ་པོར་རྫོང་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་གྱིས་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་འཆར་ཟན་དང་འབྲལ་ཡད་སྲད་ཇུས་ཀྱ་གྲས་གཞ་བཀ   གྲོ་མོ་རྫོང་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཝང་ཁྲང་ལིན་གྱིས་ས་ཡོམ་བྱུང་རྗེས   མགྱོགས་མྱུར་སྒོས་གྲོ་མོ་སློབ་འབྲིང་དུ་སོང་ནས་གནོད་ཐེབས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ   སློབ་གྲྭར་ཡོད་པའི་ལག་གློག་དང་   མལ་གོས   ཆུ   སྟབས་བདེའི་ཐུག་པ་སོགས་མྱུར་བཀོལ་གྱི་དངོས་རྫས་དག་བཀོལ་སྤྱོད་དང   དགེ་སློབ་ཚོས་སྦྲ་གུར་ཞིག་ཕིབས་ཏེ་བྱ་བྱེད་མི་སྣ་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་ཡོད་པའི་ས་གནས་སོ་སོར་སོང་ནས་མང་ཚོགས་ལ་སེམས་གསོ་དང་   དེ་དང་མཉམ་པོར་གནས་སྐབས་དེར་མཁོ་བའི་བཏུང་ཆུ་གཙང་མ་དང་སྟབས་བདེའི་ཐུག་པ་སོགས་ཀྱི་གནང་སྦྱིན་ནམ་རོགས་སྐྱོར་བྱས   ད་དུང་ཧྲང་ཧེ་གྲོང་ཁྱེར་ཕུའུ་ཐའོ་ས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ལ་གྲོ་མོ་སློབ་འབྲིང་གི་དགེ་སློབ་ཚོ་གནོད་ཐེབས་ཀྱི་ཉེན་ཁ་ལས་གཡོལ་རྗེས་བསྐྱར་འཛུགས་ལ་རོགས་སྐྱོར་བྱེད་པའི་རེ་ཞུའི་ཡི་གེ་ཕུལ   ཐོན་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ   ཧྲང་ཧེ་དགེ་འོས་སློབ་ཆེན་གྱི་ལས་བྱེད་མངགས་མ་ཀྲང་ཞའོ་པའོ་ཡིས་མགོ་མཇུག་གཉིས་ཀར་ཉེན་འགོག་མྱུར་སྐྱོབ་ཀྱི་གཡུལ་ས་མདུན་མར་ཞུགས་ཏེ   ཧུར་བརྩོན་གྱིས་ཧྲང་ཧེའི་ལས་རིགས་སོ་སོར་འབྲེལ་བ་བྱས་ཏེ་གྲོ་མོར་ཞལ་འདེབས་བསྡུ་བར་བྲེལ   “༩.༡༨”ས་ཡོམ་བྱུང་རྗེས   བོད་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣ་དང་ས་གནས་རང་གི་ལས་བྱེད་མི་སྣ་མཉམ་འབྲེལ་གྱིས་རྫོང་ཡོངས་ཀྱི་གནོད་ཐེབས་ས་ཁུལ་སོ་སོར་སོང་སྟེ   གནམ་གཤིས་ཀྱི་དྲོ་འཁྱག་ཚུན་ཆད་འདྲི་རྟོག་དང་   དཀའ་ངལ་རེ་རེ་སེལ་བར་བྱས་ཏེ   དངུལ་དང་རྒྱུ་རྫས་དུ་མའི་ཞལ་འདབེས་བྱས་ནས   ཏང་དང་མི་དམངས་ལ་འདོད་བློ་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད།

                                                         ཡང་བསྐྱར་བོད་ལྗོངས་ཀྱི་གཙང་ལྷོ་ཆུང་བ་ཞིག་བསྐྲུན་པ  

          ༢༠༡༠ལ་ཟླ༧པར   ཧྲང་ཧ་ཐངས་དྲུག་པའ་ཁ་གཏད་གྲོ་མོར་མཉམ་འབྲེལ་རོགས་སྐྱོར་ཚན་ཆུང་གྲོ་མོ་རྫོང་དུ་འབྱོར   ཁོ་ཚོའི་ཚན་ཆུང་གི་ཚན་གཙོའམ   རྫོང་ཨུ་ཧྲུའུ་ཅི་བློ་མཐུན་ཅི་ཞའོ་ཕིན་གྱིས་སྣེ་ཁྲིད་འོག   སྔོན་ཐོན་འཛུགས་སྐྲུན་དང་ཕུལ་བྱུང་བར་འགྲན་རྩོད་བྱ་བའི་བྱ་འགུལ་སྤེལ་བའི་གོ་སྐབས་དང་བསྟུན་ཏེ   ཞིབ་ཚགས་དང་གཟབ་ནན་གྱིས་བལྟ་ཞིབ་དང་བཅར་འདྲི་བྱས་ནས་ཞིབ་བཤེར་བྱས་པ་བརྒྱུད   ཐེངས་དང་པ་བད་ལ་རགས་སྐྱར་བྱེད་པའི་ལས་གཞི་ལག་བསྟར་གྱི་བརྒྱུད་རིམ་ཁྲོད   བསྡོམས་པའི་མ་དངུལ་སྒོར་ཁྲི༣༨༠༠ལྷག་བཏང་བ་དང་   བོད་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ཡིས་འོད་སྟང་འབར་བ་དང་   སྤུས་ཀ་ལགེས་པ   མངན་པར་གསལ་བ   དམངས་ལ་ཕན་པ་བཅས་ཀྱ་ཨར་ལས་ཞག་ཏུ་འགྱུར་བར་ནུས་ལྡན་རྨང་གཞ་འཇག་ཐུབ་ཡ   གློ་བུར་བའི་འཇབ་རྒོལ་ལམ་ཉམས་ཉེས་ཐེངས་དེས་སྔར་ཡོད་ཀྱི་བྱ་བའི་འཆར་གཞིར་འགོག་རྐྱེན་ཆེན་པོ་བཟོས   ས་ཡོམ་བྱུང་རྗེས   བོད་ལ་རོགས་སྐྱོར་བྱད་པའ་ལས་བྱད་མ་སྣས་དུས་ལྟར་བད་སྐྱར་གྱ་བྱ་བའ་འཆར་གཞར་བཟ་བཅས་དང་   བྱ་བའི་གནད་ས་གཙོ་བོ་དེ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཕྱོགས་སུ་སྤོས་ཏེ   ཐབས་བརྒྱ་ཇུས་སྟོང་གིས་གནོད་པ་ཐེབས་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བཀོད་སྒྲིག་དང་   དམངས་ཀྱི་སྡོད་ཁང་སླར་གསོ་བྱ་བ   རྨང་གཞིའི་སྒྲིག་གཞ་བསྐྱར་གས་བྱད་པ་སགས་བྱ་བའ་གནད་སར་བཞག་སྟ་མག་རྩམ་རྒྱུ་བྱས   གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ནི་བོད་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣ་རེ་རེར་མཚོན་ན་གཞི་རྒྱ་ཆེ་བའི་ཚོད་བལྟ་ཐེངས་གཅིག་ཡིན   བསྐྱར་བསྐྲུན་ན་ཞབ་ཚགས་ཀྱ་ཨར་ལས་ཞག་ཡན་ལ   སྡད་ཁང་ནས་རང་འབབ་ཆུ་དང་   འབུད་ཤིང་དང་ཟ་འབྲུ་ནས་སྣོད་ཆ་དང་སྡེར་མ   འབར་རྫས་ནས་ཤང་གྲོང་གི་བགྲོད་ལམ་སོགས་ཆུང་ས་དང་ཞིབ་ཕྲ་ཡི་ཕྱོགས་མང་པོ་འདུས་པ་ཞིག་སྟེ   གཞི་ཁྱོན་ཧ་ཅང་ཆེ་བའི་ཨར་ལས་ཤིག་གོ   བསྐྱར་བསྐྲུན་ནི་ཁང་བ་གཅིག་དང་རྫ་གཡམ་གཅིག་ལྟ་བུའི་སྟབས་བདེ་ཞིག་མིན་པར   གྲོང་ཚོ་དང་ཤང་འཛུགས་སྐྲུན་བྱ་དགོས་ལ   རི་ཆུར་གཏོར་སྐྱོན་ཐེབས་པ་ནས་གཞི་ཁྱོན་ཆེ་བའི་འཚོ་བའི་ཁྱབ་ཁོངས་སོགས་འདུ་ལ   རང་ཁྱིམ་གསར་བའི་གདོང་རིས་རིམ་གྱིས་ཇེ་གསལ་དུ་གཏང་དགས་པ་ད     
     
ཅི་ཞའོ་ཕིན་གྱི་གཞུང་སྒྲུབ་ཁང་དུ   བདག་གིས་ཧྲང་ཧེའི་ཐེངས་དྲུག་པའི་བོད་སྐྱོར་གྲོ་མོ་མཉམ་འབྲེལ་ཚན་ཆུང་གིས་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཀྱི་བྱ་བ་ཁྱབ་སྤེལ་གཏོང་བའི་གནས་ཚུལ་གྱི་འཆར་གཞི་ཞིག་མཐོང་ལ་དེའི་ཚན་པ་དང་པོར   “མི་གཞི་རྩར་བཟུང་སྟེ   བཀོད་སྒྲིག་གི་བྱ་བ་དམ་པོར་བཟུང་ནས   གནོད་པ་ཐེབས་པའི་མང་ཚོགས་ཀྱིས་བདེ་འཇགས་ངང་དགུན་ཁ་སྐྱལ་བར་ཁག་ཐག་བྱ་དག   ”ཞས་བྲས་ཡ   ཅི་ཞའོ་ཕིན་གྱིས་“མི་གཙོ་བོར་འཛིན་པ་ནི་ང་ཚོའི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་མགོ་རྩོམ་ས་ཡིན་ལ   བྱ་བའི་བཀོད་སྒྲིག་གི་མགོ་རྩོམ་པར་སྣ་ཁ་མང་ཞིང་   འགན་འཁུར་ལྕི་ལ   དཀའ་ངལ་ཆེ   ཡིན་ནའང་ང་ཚོས་ཆས་གཞ་རྩར་གྱུར་བའ་བྱ་བ་ནས་བརྩམས་ཏ   སྐྱབ་གས་དངས་རྫས་ཀྱ་གནང་སྦྱིན་དང་   གནད་ཐེབས་རྗེས་ཀྱི་མེ་སྐྱན་སྔན་འགག་གི་བྱ་བ་བཅས་དམ་འཛན་བྱས་ནས   གནད་པ་ཐབས་པའ་མང་ཚགས་ཀྱ་དཀའ་ངལ་དང་གནད་ད   འཚ་བའི་མཁོ་ཆས་སོགས་དུས་ལྟར་མཁོ་སྤྲོད་བྱེད་པ་ཐག་གཅོད་བྱས   ”ཞེས་བཤད་པ་དང་ད་དུང་མུ་མཐུད་དུ་བཤད་རྒྱུར   “ཟླ་ངོ་གཉིས་ལྷག་གི་རིང་ལ་ང་ཚོའི་མུ་མཐུད་དུ་ཧུར་བརྩོན་བྱས་ཏེ   ཟླ༡༡པའི་ཚེས༣༠སྔོན་ལ་དམངས་ཀྱི་སྡོད་ཁང་ཞིག་གསོ་བྱ་བར་ཤུགས་བསྣན་ནས   མང་ཚོགས་མང་ཆེ་བ་དགུན་ཁར་དྲོ་སྐྱིད་ལ་རལ་ཐུབ་པར་བྱས”ཞས་ཟ   ད་དུང་ཁོས་བཤད་རྒྱུར   “ང་ཚོའི་ཐེངས་རྗེས་མའི་འཆར་གཞི་ནི་དུས་བཅད་ལྟར་སླར་གས་དང་བསྐྱར་བསྐྲུན་གྱ་བྱ་བའ་འགན་འཁུར་འགྲུབ་པར་ཁགཐེག་བྱ་བའི་རྨང་གཞིའི་སྟེང་   འཛུགས་སྐྲུན་ལག་རྩལ་སྤུས་ཚད་ཀྱི་གོ་རིམ་ཧྲིལ་བོར་འཛུབ་སྟོན་དང་ཞབས་འདེགས་ཞུ་བར་ཤུགས་སྣོན་དང་   མ་དངུལ་བདེ་འཇགས་ངང་འཁོར་བསྐྱོད་བྱ་བར་ཁག་ཐེགསླར་གསོ་དང་བསྐྱར་བསྐྲུན་གྱི་ཨར་ལས་སོ་སོ་དུས་བཅད་ལྟར་ལེགས་འགྲུབ་འོང་བར་འགན་སྲུང་བཅས་བྱས་ཏེ   ནན་ཏན་གྱིས་རྩིས་ལེན་སོགས་རྗེས་ཀྱི་རིམ་པའམ་མཇུག་སྡུད་ཀྱི་བྱ་བར་གྲ་སྒྲིག་དང   རྩིས་ལེན་གྱི་བྱ་བ་ཚད་ལྡན་དང་   རྒྱུ་ཆ་ཆ་ཚང་   འགྲོ་སྟངས་ལེགས་འགྲུབ་འོང་བར་ཁག་ཐེག་བྱ་རྒྱུ“ཞེས་ཟེར   ཅི་ཞའོ་ཕིན་གྱིས་མུ་མཐུད་དུ      ”ང་ཚོའི་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གནོད་ཐེབས་མང་ཚོགས་བདེ་འཇགས་ངང་དགུན་ཁ་སྐྱེལ་བར་ཁག་ཐེག་བྱ་བར་བསྐྱོད་དེ   སྲིང་བལ་གྱི་བར་འཚང་ཅན་གྱི་མལ་ཆས་དང་   ལྭ་རིང་སོགས་དངོས་རྫས་ཕྱོགས་ཡོངས་ནས་གསོལ་རས་སུ་སྩོལ་བར་ཁག་ཐེག་དང་   མང་ཚོགས་ལ་སྦྲ་གུར་མཐུག་པོར་མེ་ཐབས་བཀོད་སྒྲིག་བྱས་པ་དང་   ཁང་བ་སྟབས་བདེ་འབུབས་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས   མང་ཚོགས་ཀྱིས་བདེ་འཇགས་ངང་དགུན་ཁ་སྐྱེལ་བར་ཁག་ཐེག་བྱས”ཟེར   གནོད་སྐྱོན་ཐེངས་གཅིག་ཐེབས་རྗེས་ཀྱི་གྲོ་མོ་ནི   གྲང་འཁྱག་གིས་གཟིར་བའི་དགུན་ཁར་དྲོ་སྐྱིད་ཀྱི་རུམ་ཁ་ན་རྩེན་ཞིང་   ཁང་བ་གསར་བ་རེ་རེ་མི་རིང་བར་གྱང་ཆག་གི་ཞིག་རོའི་ཁྲོད་ནས་གྲོད་ངེར་འགྱིངས་ངེས་ལ   གྲོ་མོ་རྫོང་གི་མཚར་སྡུག་ལྡན་པའི་སང་ཉིན་ནི་བོད་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣ་དང་ས་གནས་རང་གི་ལས་བྱེད་མི་སྣ་དང་མི་དམངས་མང་ཚོགས་ཀྱི་རྔུལ་ཆུ་དང་ཟུངས་ཁྲག་གི་ཁྲོད་ལེགས་འགྲུབ་འབྱུང་བཞིན་ཡོད་དོ     

 

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060