ཤེས་རབ་རྒན་པོའི་འབེལ་གཏམ།
 
དེང་སྐབས་དུས་དེབ་དང་ཚགས་པར་སོགས་སུ་ཞབས་ཕྱིའི་ཕྱི་ལ་ཞུ་ཡིག་འབྲི་བཞིན་འདུག་པས།
སྤེལ་དུས། 2011-12-22    ཡོང་ཁུངས་།    རྩོམ་པ་པོ།
  དེང་སྐབས་དུས་དེབ་དང་ཚགས་པར་སོགས་སུ་ཞབས་ཕྱིའི་ཕྱི་ལ་ཞུ་ཡིག་འབྲི་བཞིན་འདུག་པས། དེ་ལྟར་བྲིས་ན་འགྲིག་གམ། 

ཞེས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་ལེགས་བཤད་རྒྱ་མཚོས་ཕུལ། 

ཀློག་མཁན་ལེགས་བཤད་རྒྱ་མཚོ་ལགས། 

     ཁྱེད་ཀྱི་དྲི་བར་ངྷཱི་ཚ་དགོན་པའི་མུན་འཇོམས་སྒྲོན་མེ་ལགས་ཀྱིས་ལན་བསྐྱོན་པ་གཤམ་གསལ་ལྟར། བླ་མའི་ཞབས་ཕྱི་དང་ནད་པའི་ཞབས་ཕྱི་སོགས་ལ་ཕ་ཕྱི་བྲིས་ན་དག་པར་སེམས་ཏེ། ས་སྐྱ་པའི་དག་ཡིག་སོགས་དང་གནའ་དེང་གི་བརྡ་དག་རྣམས་སུ་དེ་ལྟར་བྲིས་ཡོད་ལ། དེ་བཞིན་དགེ་བཤེས་ཆོས་གྲགས་ཀྱིས། ཞབས་ཕྱིས་ནི། གཡོག་པོའི་མིང་དུ་བཤད་ཅིངཞེས་བཀོད་ཡོད་ལ། དག་ཡིག་ཤེས་བྱ་རབ་གསལདུའང༌། ཞབས་ཕྱིར་འབྲངས་ཏེ་ཞབས་ཏོག་ཕུལཅེས་དང༌། དག་ཡིག་གསར་བསྒྲིགསནའང༌། ཞབས་ཕྱི་ནི། མི་གཞན་ལ་འཚོ་བའི་ཕྱོགས་ཀྱི་རོགས་རིམ་བྱེད་པའི་བྱ་བའི་མིང་སྟེ། ནད་པའི་ཞབས་ཕྱི་བསྒྲུབས། མི་རིགས་ལ་ཞབས་ཕྱི་དྲོད་མོ་བསྒྲུབསཞེས་པ་ལྟ་བུ་མང་དུ་གསུངས་ཡོད་པའི་ཕྱིར་རོ།    ། དེ་ནི་དགེ་རྒན་ལ་དཀའ་གནད་ཞུ། མགོ་ཁྲིད་ལ་གནང་བ་ཞུ། ཞེས་པ་སོགས་ཀྱི་སྐབས་དོན་དང་མི་མཚུངས་པ་ཤེས་སླའོ།    ། 
   
ཁ་ཅིག་གིས། མི་དམངས་ལ་ཞབས་འདེགས་ཞུ་ཞེས་པ་ལྟ་བུའི་ཚེག་ཁྱིམ་མང་བོ་བསྡུས་ནས་ཞབས་ཞུ་ཞེས་པའི་འབྲི་སྲོལ་ཡོད་པ་སོགས་བཤད་ཚུལ་གཞན་ཡང་སྣང་མོད། ཚད་ཐུབ་ཀྱི་ཁུངས་བཅོལ་ས་མ་མཐོང་བས་དཔྱད་པར་ཞུའོ།    ། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060