སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཚལ་གུང་ཐང་གི་སྡོད་དམངས་རྣམས་ཀྱིས་བྱེ་རླུང་གི་གཏམ་རྒྱུད་ལ་ཕྱིར་དྲན་བྱས།
སྤེལ་དུས། 2013-10-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཟོན་ཐར་སྐྱིད་ཀྱིས་བསྒྱུར།

ལྷ་སའི་གཙང་པོའི་འགྲམ་ངོགས་གཉིས་ཀྱི་ལྗང་སྒྱུར་ཡག་པོ་ཡོད་མེད་དང་ཕན་ཐོགས་ཡོད་མེད་ནི་འཕར་སྣོན་གྱི་ཨང་ཀི་འགས་མཚོན་ཐུབ་པ་ཞིག་མ་ཡིན་ཏེ། ཚལ་གུང་ཐང་ཤང་གི་སྡོད་དམངས་རྣམས་ཀྱིས་གསར་འགོད་པར་སྔོན་ཆད་བྱེ་རླུང་ཆེ་བར་བརྟེན་དགུན་དུས་སུ་སྒོ་ཡོལ་ཉིས་བརྩེགས་སྤྱོད་དགོས་པ་དང་རིམ་པ་དང་པོ་ནི་ས་རྡུལ་འགོག་བྱེད་དང་རིམ་པ་གཉིས་པ་ནི་དྲོད་སྟེར་བྱེད་ཡིན་ཞེས་བཤད།
 
ལྷ་སའི་མཐའ་འཁོར་གྱི་རི་སྒང་དུ་སྡོང་པོ་འཛུགས་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་ཏེ། འཐུང་ཆུ་དང་ཆུ་གསོག་རྫིང་བུ། གནོན་སྒྱུར་སྟེམ་སྒོ། གློག་སྐུད་བཅས་ནི་བཏབ་ཟིན་པའི་སྡོང་པོ་རྣམས་གསོན་ཐབས་དང་སྒྲིག་འགོད་ལ་འགན་ལེན་བྱ་ཆེད་ཡིན། ལྷ་སའི་ཉེ་འཁོར་གྱི་རི་བོའི་ས་རིམ་གཏིང་ཐུང་བས་མཐོ་སྒང་དུ་སྐྱེས་སླ་བའི་སྡོང་ཕྲན་བཙུགས་ཚེ་འཚམ་པོ་འདུག་ཟེར་མཁན་ཡང་ཡོད།
 
གཡང་སྒྲོན་ལགས་ཁྱེད་སོང་ནས་ཤར་ཕྱོགས་ཀྱི་ཆུ་སྒོ་རྒྱག་རོགས། ནུབ་ཀྱི་ཆུ་སྒོ་ང་རང་གིས་རྒྱག    སྟོན་མཇུག་གི་ལྷ་སའི་དྲོད་གྲང་མཐོ་རྒྱུ་མེད་ནའང་ཕྱི་དྲོའི་ཆུ་ཚོད༤ཡས་མས་སུ་ཉི་འོད་འོག་བསྡད་ཚེ་སྔར་བཞིན་ཚ་བེར་བེར་བྱེད། ཉི་སྒྲོན་ནི་ནགས་སྲུང་མཁན་ཞིག་ཡིན་ཏེ་ཉིན་ལྟར་ལྷ་སའི་ལྷོ་ཕྱོགས་ཀྱི་རི་སྒང་དུ་ལས་ཀར་བྲེལ་བཞིན་འདུག
 
ཉི་སྒྲོན་གྱིས་ངས་ནགས་སྲུང་ལས་ཀ་གཉེར་ནས་ལོ༢ལྷག་འགོར་བ་དང་ལས་དོན་འདི་ལ་ཚེགས་ཧ་ཅང་ཆེ་མོད།  འོན་ཀྱང་རི་སྒང་གི་སྡོང་པོ་རྣམས་རིམ་བཞིན་ཇེ་མང་དུ་འགྲོ་བ་མཐོང་ཚེ་ང་ཚོ་ལའང་གྲུབ་འབྲས་ཐོབ་པའི་ཚོར་བ་ལྡན་ཟེར།
 
སྟོན་མཇུག་གི་ལྷ་སར་སྡོང་ལོ་རིམ་བཞིན་སེར་པོར་འགྱུར་བཞིན་འདུག   ཁ་སང་ཕྱི་དྲོར་གསར་འགོད་པ་རླངས་འཁོར་ལ་བསྡད་ནས་ལྷ་སའི་ཟམ་ཆེན་བརྒལ་རྗེས་རྒྱལ་ལམ་༣༡༨དང་ལྷ་སའི་གཙང་པོའི་ཁྲེན་གོན་ཆུས་ཁུལ་ནས་ཤར་དུ་སྐྱོད་དུས་ལུས་ལ་གྱོན་གོས་གཅིག་གྱུར་གྱོན་པའི་ལས་བྱེད་མི་སྣ་ཁ་ཤས་རི་སྐེད་དུ་ལས་ཀར་བྲེལ་འདུག་པ་མཐོང་། 
 
སྐར་མ༡༠ཙམ་གྱི་རྗེས་སུ་གསར་འགོད་པ་དབུགས་ཧལ་ཧལ་གྱིས་ས་བབ་མཐོ་ཚད་སྨི༤༠༠༠ལྷག་ཡོད་པའི་རི་འགོར་འགོས་ནས་རྒྱང་རིང་ལ་བལྟ་དུས་བྱང་ཕྱོགས་ནི་བརྗིད་ཆགས་ཀྱི་ཕོ་བྲང་པོ་ཏ་ལ་དང་ཉེ་འགྲམ་གྱི་རི་འདབས་ནི་སེར་པོར་གྱུར་པའི་ནགས་ཚལ་ཡིན། 
 
ནགས་སྲུང་མཁན་ཞིག་གིས་ཉེ་འགྲམ་གྱི་ཉི་སྒྲོན་བསྟན་ནས་ཁོ་མོའི་གནས་ཚུལ་མང་པོ་ཤེས་སྲིད།  ང་ནི་ནགས་སྲུང་བཟོ་བ་ཞིག་ཡིན།  སྡོང་པོ་འདི་དག་ལ་ཆུ་བཏང་ཚར་གྲབས་ཡིན།  ད་ལྟ་ཆུ་སྒོ་རྒྱག་ཏུ་འགྲོ་གི་ཡིན། ངས་ལས་དོན་འདི་གཉེར་ནས་མང་པོ་འགོར་མེད་ཟེར།

སྡོང་ལོ་སེར་པོར་གྱུར་བའི་སྟོན་དུས་འདིར་ལྷོ་རིའི་སྟེང་གི་སྔོ་ལྗང་གི་གསོམ་ཤིང་དང་ལོ་མ་ཆེ་བའི་ལྗོན་ཤིང་ནི་མཐའ་འཁོར་སེར་པོར་གྱུར་བའི་ཡུལ་ལྗོངས་དང་བསྡུར་ན་ཁྱད་པར་མངོན་གསལ་ལྡན།

ཧ་ཅང་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་མོད་གྲུབ་འབྲས་ཐོབ་པའི་ཚོར་སྣང་ལྡན། ལོ་ན༣༠ལ་སོན་པའི་ཉི་སྒྲོན་ནི་ཧ་ཅང་ཉམས་མྱོང་ཡོད་པའི་ནགས་སྲུང་བཟོ་བ་ཞིག་ཡིན་པ་འདྲ།  ཁོ་མོས་ལྷ་སའི་གཙང་པོ་བསྟན་ནས་ཁྱེད་ཀྱིས་ལྟོས་དང་རི་འདབས་ནི་ལྷ་སའི་གཙང་པོ་ཡིན་ལ།  ལོ་ཤས་སྔོན་དུ་གཙང་འགྲམ་ཁོ་ན་ལས་སྡོང་པོ་མེད་མོད་ད་ལྟ་རི་འདབས་ཡོངས་སུ་སྡོང་པོ་ཡོད་ཟེར།

གསར་འགོད་པ་ཧྲང་ཧེ་སྐྱེ་ཁམས་སྐྱེད་ཚལ་ལས་གྲྭ་ཚད་ཡོད་ཀུང་སིའི་ལྷ་སའི་རྣམ་གྲངས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བ་སྐུ་ཞབས་ཁྲེན་དང་མཇལ་བ་དང་།  ཁོ་རང་ལྷ་སར་ཡོང་ནས་ལོ་ངོ༢༠ལྷག་འགོར་བ་དང་།  ཁོས་ལོ་ངོ་མང་པོའི་ཡར་སྔོན་དུ་ཁོ་ཚོའི་ཚན་པའི་ལས་གྲོགས་ཤིག་གིས་གཞིས་ཀ་རྩེ་ནས་གོང་དཀར་གནམ་གྲུ་ཐང་དུ་འགྲོ་བའི་ལམ་བར་དུ་འདམ་རུད་དོན་རྐྱེན་ལ་འཕྲད་པ་དང་།  གནམ་གྲུའི་རྗེས་ཟིན་ཆེད་ཁོ་དང་ལས་གྲོགས་ཁ་ཤས་ཀྱིས་སྨི༢༠༠ལྷག་ལ་རླངས་འཁོར་ཡར་བཀྱགས་ཏེ་ཁྱེར་བའི་ད་གཟོད་འདམ་རུད་ཀྱིས་ཁུར་བའི་ལམ་ག་བརྒལ་ཐུབ་བྱུང་བ་དང་།  སྐྱ་ཐིང་ཐིང་གི་རི་སྒང་མཐོང་དུས་ད་གཟོད་བོད་ལྗོངས་ཀྱི་རི་སྒང་དུ་སྡོང་པོ་འཛུགས་པའི་དམ་བཅས་པ་ཡིན།  ལོ་ངོ་མང་པོ་ཞིག་ཕྱིན་རྗེས་རེ་བ་དེ་དོན་ཐོག་ཏུ་འཁྱོལ་སོང་ཞེས་དགོད་ཞོར་དུ་བཤད། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060