སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་ཀྱིས“གཙང་ཁུལ་གྱི་སྐར་ཁུང་”རྣམ་གྲངས་བཏོད་ནས་གཙང་ཁུལ་གྱི་རིག་གནས་དར་སྤེལ་བཏང་བ།
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྙོངས་དྲ་བ།   རྩོམ་པ་པོ།  བསྟན་འཛིན།

    གསར་འགོད་པར་བོད་ལྗོངས་གཞིས་རྩེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱུང་བར། གཙང་ཁུལ་གྱི་རིག་གནས་གསར་སྤེལ་དང་སྲུང་སྐྱོང་། དར་སྤེལ་བཅས་གཏོང་ཆེད་ས་གནས་དེ་གསགཙང་ཁུལ་གྱི་སྐར་ཁུང་ཞེས་པའི་རྣམ་གྲངས་བཏོད་བཞིན་ཡོད་པ་དང་། རྣམ་གྲངས་དེར་ཁྱོན་མ་འཇོག་སྒོར་ཁྲི༢༠༠བྱས་ཅིང་སྔོན་རྩིས་ལྟར་ན་ལོ་གཉིས་ནང་ལེགས་གྲུབ་བྱ་རྒྱུ་ཡིན་པ་དང་ནང་དོན་ཐད་རིག་གནས་ཡུལ་སྐོར་དུས་ཆེན་དང་མི་རིགས་ཀྱི་གླུ་གར། མི་རིགས་ཀྱི་གྱོན་ཆས། ལག་ཤེས་བཟོ་རྩལ། ཁྱད་ལྡན་བཟའ་འཐུང་། དགོན་སྡེའི་ཉམས་གསོ་སོགས་ཁྱབ་ཁོངས་ཆེན་པོ་བཅུ་ཙམ་ཚུད་ཡོད་པ་རེད། 

   “《ས་སྐྱ་ལེགས་བཤདདེབ་གཅིག་ལ་སྒོར་༢༥ཡིན་པ་དང་གཞིས་རྩེའི་ས་སྐྱ་རྫོང་དུ་ཡུལ་སྐོར་དུ་ཡོང་མཁན་ཚང་མས་དེབ་གཅིག་རེ་ཉོ་གྱི་ཡོད་ཅེས་ས་སྐྱ་དགོན་གྱི་སྣེ་ཤན་པ་ཚེ་རིང་སྐྱིད་ལགས་ཀྱིས་གསུངས་པ་དང་དེས་མི་ཚད་ང་ཚོའི་འདི་གར་གཙང་ཁུལ་གྱི་རིག་གནས་ངོ་སྤྲོད་ཀྱི་དེབ་དང་སྲོལ་རྒྱུན་རིག་གནས་ཀྱི་དེབ་མང་པོ་ཡོད་པས་ཡུལ་སྐོར་བ་ཚོའི་དགའ་བསུ་ཐོབ་བཞིན་ཡོད་ཅེས་གསུངས། ཤེས་རྟོགས་བྱུང་བར་གཞིགས་ན། འདི་དག་ཚང་མ་ནིགཙང་ཁུལ་གྱི་སྐར་ཁུང་ཞེས་པའི་རྣམ་གྲངས་ཀྱི་ནང་དོན་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་པ་རེད། 

    གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་ཀྲུའུ་ཡི་ངོ་སྤྲོད་གནང་བ་ལྟར་ན། གཙང་ཁུལ་གྱི་སྐར་ཁུང་ཞེས་པའི་རྣམ་གྲངས་དེ་ཧའེ་ལུང་ཅང་ཞིང་ཆེན་གྱི་ཐེངས་ལྔ་པའི་བོད་སྐྱོར་ལས་བྱེད་པས་སྒྲིག་འཛུགས་ལག་བསྟར་བྱས་པ་ཞིག་ཡིན་པ་དང་ཡི་གེ་དང་སྒྲ་འཇུག བརྙན་འབེབས་སོགས་བྱ་ཐབས་སྣ་མང་བརྒྱུད་གཙང་ཁུལ་གྱི་རིག་གནས་ཀྱི་སྙིང་བཅུད་དང་ལྷག་པར་དུ་མངོན་མིན་རིག་གནས་ཤུལ་བཞག་སྔོན་འདོན་དང་འཚོལ་བསྡུ། ལེགས་སྒྲིག འགྲེམ་སྟོན་བཅས་གཏིང་ཟབ་བྱ་རྒྱུ་ཡིན་པ་རེད། རྣམ་གྲངས་དེ་ལག་བསྟར་བྱས་པ་དེས་ཡུལ་སྐོར་ཐོན་ལས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཡུལ་སྐོར་ཐོན་ལས་ཆེན་པོ་ཞིག་གྲུབ་རྒྱུ་ཡིན་པས་དེས་ཚོང་དོན་དང་ཡུལ་སྐོར། ཕྱི་ཕྱོགས་སུ་སྒོ་དབྱེ་སོགས་ཀྱི་ཐོན་ལས་ཀྱི་ཟུར་བསྣན་རིན་གོང་མཐོར་གཏོང་རྒྱུ་ཡིན་སྟབས་མ་འོངས་པའི་གཞིས་རྩེའི་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་སྐྱེད་གྲུབ་ཆའི་འཕེལ་རྒྱས་ཐད་ལ་གལ་འགངས་ཆེ་བའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད། 

    ཁ་བྱང་ཕྱི་མོ། བོད་ལྗོངས་ཀྱིས“གཙང་ཁུལ་གྱི་སྐར་ཁུང་”རྣམ་གྲངས་བཏོད་ནས་གཙང་ཁུལ་གྱི་རིག་གནས་དར་སྤེལ་བཏང་བ། 

(རྩོམ་འགན་པ། ལྷ་དབང) 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060