སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཁོར་ཡུག་སྲུང་སྐྱོང་དག་ཐེར་དོན་འཁྱོལ་གྱི་འབྲེལ་ཡོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ།
སྤེལ་དུས། 2017-08-22   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་པ་པོ།  པ་ཕན་གྱིས་བསྒྱུར།
          ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས།
          ཚེས་18ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྐོར་གྱི་གནས་ཚུལ་སྙན་སེང་ཆེད་མངགས་གསན་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྲིད་གཞུང་ཚན་པའི་ཁོངས་མིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་རྩིས་སྤྲད་པའི་ལྟ་སྐུལ་མཛུབ་ཁྲིད་དང་དག་ཐེར་གནད་དོན་ཁག་ཕྱེ་ནས་འགན་འཁུར་བ་མ་ཟད་། ཁག་ཕྱེ་ནས་འགན་འཁུར་བའི་ལྟ་སྐུལ་མཛུབ་ཁྲིད་དག་ཐེར་གྱི་ཇུས་གཞི་ཡང་བཟོས་པ་རེད།
          ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཕྲག་ཏུ་ཁུར་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ཡག་པོ་བྱས་ནས་སྔ་ཕྱི་བར་གསུམ་དུ་འཐབ་ས་དང་པོར་བཀོད་འདོམས་དང་ལྟ་སྐུལ་སྒྲུབ་གཉེར་བྱས་ཏེ་ཕན་པ་དངོས་ཐོབ་པ་བྱེད་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་ཁོར་ཡུག་གི་གནད་དོན་ངེས་པར་དུ་འཕྲལ་མར་བྱ་སྤྱོད་སྤེལ་དགོས་པ་དང་། དུས་ཐོག་ཏུ་དོན་འཁྱོལ་བྱས་ནས་འབྲེལ་མཐུད་མགྱོགས་མྱུར་ཐུབ་པ་དང་། ཞིབ་བསྡུར་མགྱོགས་མྱུར་ཐུབ་པ། དག་ཐེར་མགྱོགས་མྱུར་ཐུབ་པ། འགན་འཁྲི་བདའ་འདེད་མགྱོགས་མྱུར་ཐུབ་པ། ཡོངས་བསྒྲགས་མགྱོགས་མྱུར་ཐུབ་པ་བཅས་བྱས་ནས་གནད་དོན་ཚང་མ་དུས་བཀག་ནང་སྒྲུབ་ཐུབ་པ་བྱེད་དགོས་པ་དང་། ལྷག་པར་དུ་མང་ཚོགས་ཉེ་འགྲམ་གྱི་ཁོར་ཡུག་གནད་དོན་དང་འབྲེལ་བ་ཡོད་པ་ངེས་པར་དུ་ཉིན་མཚན་གཅིག་ནང་དག་ཐེར་ཚུར་ལན་ཡོད་པ་བྱས་ཏེ། འཕྲལ་མར་ལས་དོན་སྒྲུབ་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་ཀྱི་རྣམ་འགྱུར་གང་ལེགས་མངོན་པར་བྱེད་དགོས། འགན་འཁྲི་ཁག་བགོས་ལྟ་སྐུལ་མཛུབ་ཁྲིད་འགོ་ཁྲིད་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གང་མགྱོགས་མང་ཚོགས་ཀྱི་སར་བསྐྱོད་ནས་ལྟ་སྐུལ་དང་མཛུབ་ཁྲིད་དངོས་བྱས་ཏེ་གནད་དོན་དག་ཐེར་ལ་དམ་འཛིན་བྱེད་དགོས་པ་མ་ཟད། གནད་དོན་གྱི་ཐོན་རྐྱེན་བཙལ་ནས་འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་ལ་གཞི་འཛིན་ས་མཁོ་འདོན་བྱེད་དགོས། ལས་དོན་གྱི་གོ་རིམ་ནན་དུ་བཏང་ནས་གནད་དོན་ཚང་མར་དག་ཐེར་ཀྱི་ཇུས་གཞི་བཟོ་བ་དང་། བྱེད་ཐབས་ནན་པོ་འདོན་པ། འགན་འཁྲི་ཁག་བགོས་ཁ་གསལ་བཟོ་བ། དག་ཐེར་གྱི་དུས་བཀག་བཟོ་བ་བཅས་བྱེད་པ་དང་། འབྲེལ་ཡོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་དག་ཐེར་གྱི་འཕེལ་རིམ་ཉིན་ལྟར་མཉམ་དུ་གྲོས་མོལ་དང་ཉིན་ལྟར་བརྡ་ཁྱབ་གཏོང་དགོས་པ། དག་ཐེར་མགྱོགས་མྱུར་བྱེད་པར་ལྟ་སྐུལ་དང་། འགན་འཁྲི་རྩད་གཅོད་ནན་པོ་བྱས་ནས་དགོས་པའི་ལས་མི་བྱེད་པ་དང་། བྱ་སྤྱོད་མགྱོགས་མྱུར་མི་སྤེལ་བ། འགན་འཁྲི་ཕར་དཀྲི་ཚུར་དཀྲི་བྱེད་པ་སོགས་ཀྱི་བྱེད་སྤྱོད་ལ་འགན་འཁྲི་རྩད་གཅོད་ནན་པོ་དང་འགན་འཁྲི་རྩད་གཅོད་ལྡོག་བཤེར་ལས་དོན་དོན་འཁྱོལ་བྱས་ནས། དངོས་དངོས་རྗེན་རྗེན་གྱི་དག་ཐེར་ཕན་འབྲས་ལས་མང་ཚོགས་བློ་ཡིད་ཚིམ་པོ་དང་མང་ཚོགས་ཀྱི་ཚོར་སེམས་ཆེ་རུ་འགྲོ་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
 
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716