སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འབད་བརྩོན་ཆེར་བསྐྱེད་བྱས་པའི་ལོ་ངོ་ལྔ་སྟེ། སྐྱེ་ཁམས་སྲུང་བའི་རྣམ་གྲངས་བསྒྲུབས་ནས་གནམ་མཚོ་ཕྱུག་མོར་སྲུང་སྐྱོབ་བྱས་ཡོད།
སྤེལ་དུས། 2017-10-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། བྱང་གི་གནམ་མཚོ་ཕྱུག་མོ་ནི་འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་བའི་སྐམ་ས་ཆེན་མོའི་ཚྭ་མཚོ་ཞིག་ཡིན། མཚོ་འདི་ཉིད་ས་བབ་མཐོ་ཞིང་མཚོ་ཁྱོན་ཆེ་ལ། ཡུལ་ལྗོངས་ལྟ་ན་སྡུག་པས་སྐད་གྲགས་ཆེ། གནམ་མཚོ་ཕྱུག་མོ་རུ་སྐྱེ་ཁམས་མ་ལག་ཆ་ཚང་ཞིང་ཁྱད་དུ་འཕགས་པ་ཞིག་ཡོད་དེ། འཛམ་གླིང་སྟེང་ཆེས་མཐོང་དཀའ་བའི་འཐུས་ཚབ་རང་བཞིན་གྱི་གནམ་གཤིས་མངའ། མཚོ་རྒྱུད་དུ་རང་བྱུང་ཁོར་ཡུག་སྣ་མང་ཞིག་མཆིས་པས་ན་མཚོ་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པར་ལྷུན་གྱིས་གྲུབ་པའི་ཚོད་ལྟ་ཁང་ཞིག་མཁོ་འདོན་བྱས་པ་དང་འདྲ། 2001ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད། གནམ་མཚོ་ཕྱུག་མོར་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་བདམས་པ་དང་། 2011ལོར་གནམ་མཚོ་ཕྱུག་མོ་དེ་“རྒྱལ་ཡོངས་མཚོ་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོད་ལྟའི་ལྟེ་གནས་ལེགས་གྲས”ཀྱི་རིམ་པ་གཉིས་པའི་རྣམ་གྲངས་ཁྲོད་དུ་མིང་ཐོར་བཀོད་ཡོད།
བྱང་གི་གནམ་མཚོ་ཕྱུག་མོ།
          སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་གྲངས་ཤུགས་ཆེན་པོའི་སྒོ་ནས་ལག་བསྟར་བྱས་པ་སྟེ། བོད་ལྗོངས་ནས་གནམ་མཚོ་ཕྱུག་མོ་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་གནས་ཡུལ་གྱི་རྣམ་གྲངས་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། གནམ་མཚོ་ཕྱུག་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་རྣམ་གྲངས་ཀྱི་ལག་བསྟར་ལ་བཀོད་སྒྲིག་བྱས་ཏེ་རྣམ་གྲངས་གང་དེས་སྐྱེ་ཁམས་ལ་ཕན་པ་ཐོགས་པར་ཁག་ཐེག་བྱས། འདམ་གཞུང་རྫོང་གི་གནམ་མཚོ་ཕྱུག་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྣམ་གྲངས་ལ་མ་རྩ་བཏང་བ་ཁྱོན་བསྡོམས་སྒོར་ཁྲི་5626.37ལ་སླེབས། དེའི་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་མཚོ་མོའི་སྦགས་ཙོག་གཙང་སེལ་ཞེས་རིགས་གཉིས་ཡོད་པར་དེའི་རྣམ་གྲངས་ལ། སྐྱེ་ཁམས་སོར་ཆུད་ཚོད་ལྟའི་གནས་ཡུལ་དང་། ཉག་ཆུའི་ཉ་རིགས་འདུ་གནས་སྐྱེ་ཁམས་སོར་ཆུད། སྐྱེ་དངོས་ཀྱིས་བྱི་ལོང་གསོད་པ། ལམ་རྒྱུད་ཡུལ་ལྗོངས་སྐྱེ་ཁམས་སོར་ཆུད། ཉག་ཆུའི་ས་ཆུ་ཤོར་བ་བཅོས་སྐྱོང་། གནམ་མཚོ་ཤང་གི་འཚོ་བའི་གད་སྙིགས་བྱི་དོར། ནུས་ཁུངས་གཙང་སྦྲ་ཁྱབ་སྤེལ་སོགས་རྣམ་གྲངས་དགུ་འདུས།
          འབྲེལ་ཡོད་ཀྱི་རྣམ་གྲངས་དག་ལག་ལེན་དུ་བསྟར་བ་དེས་འདམ་གཞུང་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གང་ལེགས་བྱུང་བ་དང་། གནམ་མཚོའི་མཚོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ལ་རྨང་གཞི་སྲ་བརྟན་བཏིངས། དེའི་ཁྲོད་དུ་རྩྭ་ར་ཕྱི་སྤོར་སྤྱི་ཆིང་110.5བྱས་པ་དང་། ཉག་ཆུའི་ཉ་རིགས་འདུ་གནས་སྤྱི་ལེ་1.2བཟོས་པ། གླག་འཛིན་རྒྱ་རྙི་1160བཙུགས་པ། བྱི་ལོང་གིས་གནོད་སྐྱོན་བཏང་བའི་ས་ཁྱོན་སྤྱི་ཆིང་ཁྲི་3.86ལེགས་བཅོས་བྱས་པ། ལམ་རྒྱུད་ཀྱི་ཡུལ་ལྗོངས་སྤྱི་ལེ་40སོར་ཆུད་བྱས་པ། སྔོ་བསྒྱུར་རྒྱ་ཁྱོན་སྨི་གྲུ་བཞི་མ་17602བྱས་པ། ཉག་ཆུའི་སྟོད་རྒྱུད་ཀྱི་ས་ཆུ་ཤོར་བ་སྤྱི་ཆིང་500ལེགས་བཅོས་བྱས་པ། གད་སྙིགས་བྱི་དོར་བྱེད་ས་25བཙུགས་པ། གད་སྙིགས་གནས་སྤོར་ས་ཚིགས་གཅིག་དང་དེ་ལ་རླངས་འཁོར་ཆེ་བ་5སྦྱར་བས་གནམ་མཚོ་ཤང་གི་འཚོ་བའི་གད་སྙིགས་བྱི་དོར་བྱས་ནས་གནོད་སྐྱོན་གཅིག་ཀྱང་མི་ཐེབས་པ་ཕྱོགས་ཡོངས་སུ་ཁྱབ་ཏུ་བཅུག་པ། ནུས་ཁུངས་གསར་པའི་གཙང་སྦྲ་ཁྱབ་སྤེལ་བྱས་ཏེ་དུད་ཁྱིམ་800ལྷག་གི་གཏན་སྡོད་ཁང་པར་དྲོད་འཛིན་ཉི་འོད་ཁང་པ་བསྐྲུན་པས་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་ཡུན་རིང་པོར་ལྕི་བ་ལ་བརྟེན་ནས་དྲོད་བསྐྱེད་པའི་གོམས་སྲོལ་དོར་ཐབས་བྱས། འདི་ལས་རི་སུལ་སྤྱི་ཆིང་4000ལྷག་ལ་གནོད་སྐྱོན་ཐེབས་པའང་མཚམས་ཆད།
གནམ་མཚོ་ཕྱུག་མོའི་འགྲམ་རྒྱུད་ཀྱི་འབྲོག་པ་དང་ནོར་ནག
          ཕྱོགས་ཡོངས་ནས་འབྲོག་ལས་དང་ཕྱུགས་ཟོག་ཉུང་འཕྲིའི་དམིགས་འབེན་ལག་བསྟར་བྱས། བོད་ལྗོངས་ཀྱིས་“ནོར་ནག་དེ་ད་ཆའི་སྤྱི་འབོར་གྱི་50%ཉུང་འཕྲི་བྱེད་པ་དང་། གཡང་ལུག་དེ་ད་ཆའི་སྤྱི་འབོར་གྱི་70%ཉུང་འཕྲི་བྱེད་པའི”ལས་ཀའི་དམིགས་འབེན་ལྟར། 《གནམ་མཚོ་ལྗོངས་ཁུལ་གྱི་སྲུང་སྐྱོབ་གསར་སྤེལ་བྱེད་པར་འབྲོག་ལས་དང་ཕྱུགས་ཟོག་ཉུང་འཕྲི་བྱེད་པའི་ལག་བསྟར་བྱེད་ཐབས》བཟོས་པ་དང་། འཆར་འགོད་ལྟར་ན་སྒོར་ཁྲི་16277.94བཏང་ནས་གནམ་མཚོའི་ལྗོངས་ཁུལ་དུ་འབྲོག་ལས་དང་ཕྱུགས་ཟོག་ཉུང་འཕྲི་བྱེད་པའི་ལས་ཀ་བསྒྲུབ་རྒྱུ་རེད། ད་ལྟ་མ་རྩ་སྒོར་ཁྲི་5000ལྷག་བཏང་ནས། ནོར་ནག་3404དང་གཡང་ལུག་16422ཉུང་འཕྲི་བྱས་ཟིན། འདི་ལས་ལྗོངས་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་འཁོར་རྒྱུག་ལེགས་པོ་ཡོང་བར་སྐུལ་འདེད་ལེགས་པོ་འཐོབ།
          གོ་རིམ་རྗེས་མར་བོད་ལྗོངས་ཀྱིས་འབྲོག་སའི་རྣམ་གྲངས་སྡུད་ཉོ་དང་ཟོག་ལུག་མགྱོགས་མྱུར་ཤ་ཤེད་རྒྱས་པའི་རྣམ་གྲངས་དང་ཕྱུགས་ཟོག་གི་དགུན་སའི་ལྕགས་ར་སོགས་༢༠༡༧ལོའི་ལོ་མཇུག་བར་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བའི་ལས་འགན་རྫོགས་པར་ཁག་ཐེག་བྱས་ཡོད། དེ་དང་ཆབས་ཅིག་སྐྱེ་ཁམས་ཡུལ་སྐོར་རྣམ་གྲངས་ཀྱི་ཁྲོད་དུ་ལས་གནས་༣༠༠བཀོད་སྒྲིག་བྱས་ཡོད་ཅིང་། འདི་ལས་འབྲོག་ཁྱིམ་གྱི་ཕྱུགས་ཟོག་ཉུང་འཕྲི་བྱེད་པ་མ་ཟད་འབྲོག་ཁྱིམ་བར་ལས་འགན་ཡི་གེ་བྲིས་ཏེ་ཕྱུགས་ཟོག་ཉུང་འཕྲི་བྱས་རྗེས་ཀྱི་ཚོད་འཛིན་དོ་དམ་བྱ་བར་ཤུགས་སྣོན་རྒྱག་ངེས་ཡིན།
བྱང་གི་གནམ་མཚོ་ཕྱུག་མོ།
          གནས་སྤོ་ལས་ཀར་ཤུགས་སྣོན་རྒྱག་པ་སྟེ། བཀྲ་ཤིས་ཕྱེད་གླིང་དུ་གང་བྱུང་ལ་འཛུགས་སྐྲུན་བྱེད་པ་ལེགས་བཅོས་བྱེད་པའི་ཆེད་དུ་༢༠༡༦ལོའི་ཟླ་༦པར་འདམ་གཞུང་རྫོང་གིས་《གནམ་མཚོ་ཕྱུག་མོའི་ཡུལ་ལྗོངས་སྲུང་སྐྱོབ་གསར་སྤེལ་ཚོང་ཁང་དང་མང་ཚོགས་གནས་སྤོ་ལག་ལེན་བྱེད་ཐབས》ཞེས་པ་བཟོས་ནས། མ་རྩ་སྒོར་ཁྲི་2553.21བཏང་སྟེ་བཀྲ་ཤིས་ཕྱེད་གླིང་གི་ཚོང་ཁང་༡༠༧དང་། འབྲོག་ཁྱིམ་༣༡། གནས་སྐབས་ཚོང་གདན་བཤམས་གནས་༤༥བཅས་མཉམ་གཅིག་ཏུ་གནས་སྤོར་བྱེད་དུ་བཅུག གནས་སྤོའི་སྐུལ་སློང་དང་དྲིལ་བསྒྲགས་བརྒྱུད་ནས་ལྗོངས་ཁུལ་གྱི་ཚོང་ཁང་དང་མང་ཚོགས་རྣམས་ཀྱིས་གནས་སྤོར་བྱེད་རྒྱུར་རྒྱབ་སྐྱོབ་གང་ལེགས་འཐོབ་ཡོད་ལ། ཁོང་ཚོར་ཚང་མར་གནས་སྤོ་ཁས་ལེན་ཡི་གེ་འབྲི་རུ་བཅུག་ཡོད། གནས་སྤོའི་གཏན་སྡོད་ས་གནས་བསྐྲུན་ཚར་རྗེས་ཚོང་ཁང་དང་མང་ཚོགས་རྣམས་རིམ་པ་བཞིན་རྩ་འཛུགས་བྱས་ཏེ་འདི་རུ་སྡོད་དུ་འཇུག་རྒྱུ་ཡིན།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716