སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་ཀྱི་ལོ་ངོ་སྟོང་འགོར་བའི་ལྷ་ཤེས་ནགས་ཚལ།
སྤེལ་དུས། 2010-06-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།    རྩོམ་པ་པོ།  ལྗོན་སྨྱུག་ནས་བསྒྲིགས་ཤིང་བསྒྱུར། ཟླ་གཞོན་ནས་ཞུས།
 

         ལོ་ངོ་སྟོང་འགོར་བའི་ལྷ་ཤེས་ནགས་ཚལ།  

      ཡུལ་དེའི་མང་ཚོགས་ཀྱིས་རི་སྐྱེས་ལྗང་ལོ་ཅན་གྱི་བྱེ་སྐྱེས་ནགས་ཤིང་ལ་ལྷ་ཤེས་ཞེས་འབོད་དེ། ལྷའི་རྣམ་ཤེས་ཞེས་པའི་དོན་ནམ་རྣམ་ཤེས་གནས་སའི་སྡོང་བོ་ཞེས་པའི་དོན་ཡིན།
       གསར་འགོད་པས་བོད་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་གི་ཁོངས་སུ་ཡོད་པའི་ཆུ་དྲོན་མོ་ཤང་སྲིད་གཞུང་ཡོད་སར་བལྟས་པས་མི་ངོམས་པའི་རང་བྱུང་གི་ལྷ་ཤེས་ནགས་ཚལ་ཞིག་མཐོང་བ་དང་། ཤང་ཀྲང་ཉི་མས་ངོ་སྤྲོད་ལྟར་ན། འབྱུང་གཞི་རྟོག་ཞིབ་དང་ཁོངས་འཚོལ་ར་སྤྲོད་བྱས་པ་ལས་ས་དེའི་ལྷ་ཤེས་ནགས་ཚལ་གྱི་རྒྱ་ཁྱོན་ལ་མུའུ༨༠༠ལྷག་ཡོད་པ་དང་། ལོ་ངོ༡༠༠༠ལྷག་གི་ལོ་རྒྱུས་ལྡན། ནགས་ཚལ་དེ་རིགས་ཆུ་དྲོན་མོ་ཤང་གི་ས་ཁུལ་དང་ཉང་མོ་གཙང་པོའི་གྲོག་རོང་གི་འགྲམ་ངོགས་སུ་ལྷ་ཤེས་ནགས་ཚལ་ཧ་ལམ་མུའུ་༢༠༠༠ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་ལྷ་ཤེས་ནགས་ཤིང་ཆེས་མཐོ་བའི་ཚད་ལ་སྨི༡༥དང་། སྦོམ་ཚད་སྨི༤༥ཡོད་པས་ཧ་ཅང་བརྗིད་ཉམས་ཆེ།
       ཤང་གི་འགོ་གཙོ་ཉི་མས་འདི་སྐད། ལྷ་ཤེས་ནགས་ཤིང་ལ་རྩ་ལག་དུ་མ་རྒྱས་པའི་ཁྱད་ཆོས་ལྡན་པས་བྱེ་ས་མཁྲེགས་པོར་བསྒྱུར་ཐུབ་པའི་སྐྱེ་དངོས་ཁྱད་པར་ཅན་ཞིག་ཡིན། ལྷ་ཤེས་སྡོང་བོའི་རྩ་ལག་དུ་མ་རྒྱས་པའི་རང་བཞིན་ལ་བརྟེན་ནས་ཡུལ་དེའི་ལྷ་ཤེས་སྡོང་བོ་དེ་ཉིད་སྐོར་དང་སྐོར་བྱས་ནས་སྐྱེས་པས་ན་ནགས་ཚོམ་མམ་སྐོར་ཁག་རང་བཞིན་གྱི་ཁྱད་ཆོས་ལྡན། རྒྱུ་ཆ་ལས་གསལ་བ་ལྟར་ན།   ལོ་གཅིག་ནང་དུ་སྐྱེས་པའི་ལྷ་ཤེས་གཅིག་གི་རྩད་པ་ཕྱོགས་བཞིར་བརྐྱངས་ནས་རྩ་ལག༡༠ལྷག་རྒྱས་ཐུབ་པ་དང་། རྩ་བའི་རིང་ཐུང་ལ་སྨི་བཅུ་ཕྲག་ཡན་ཡོད། ལྷ་ཤེས་ཤིང་གི་རྩ་ལག་ཇེ་མང་དང་རྩ་ལག་ཕན་ཚུན་འབྲེལ་ཡོད་སྟབས།   ལོ་གསུམ་ནས་ལྔའི་ནང་དུ་ལྷ་ཤེས་སྡོང་བོ་གཅིག་གིས་ལྷ་ཤེས་ནགས་ཤིང་དུ་མ་བསྐྱེད་དེ་ག་རེ་གོར་རེ་བྱས་ནས་སྐོར་ཚོམ་གྱི་རྣམ་པར་རྒྱས་ཡོད། སྐོར་ཚོམ་གྱི་དབུས་མ་ནི་ཆེས་སྔ་མོར་སྐྱེས་པའི་ཐོག་མའི་ས་བོན་ཡིན་ཞིང་། དེ་ནི་སྐོར་ཚོམ་གྱི་ནང་ནས་སྐྱེ་སྟོབས་ཆེ་ཤོས་དེ་ཡིན། སྐོར་ཚོམ་གྱི་མཐའ་རུ་སྐྱེས་པ་རྣམས་བོངས་ཚད་ཧ་ཅང་ཆུང་པས། སྤྱིར་བཏང་དུ་ཆེས་མཐའ་རུ་སྐྱེས་པ་ནི་ལོ་གཅིག་ནང་དུ་རྩ་ལག་རྒྱས་པའི་མྱུ་གུ་ཙམ་ཡིན། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060