སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལོ་སྟོད་དུ་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཁེ་ལས༢༨༧གསར་སྣོན་ཐོ་འགོད་པ་བྱས་པ།
སྤེལ་དུས། 2014-07-31   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཚེ་རྡོར།

   འདི་ལོའི་ཚུན། རྒྱལ་ཁབ་རིམ་པའི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཚོང་འགུག་མ་འདྲེན་དང་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱུང་ཡོད་པ་རེད།

  མིག་སྔར། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཁེ་ལས༡༧༢༠ཐོ་འགོད་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར༢༦༨.༣༤ཡིན་པ་རེད། དེའི་ནང་། འདི་ལོ་ཁེ་ལས༢༨༧གསར་སྣོན་བྱས་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར༥༧.༢༩ཡིན་པ་རེད། གླིང་ཁུལ་རྣམ་གྲངས་ནང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ས་མཐོའི་ཁྱད་ཆོས་ལྡན་པའི་ཟས་རིགས་ཐོན་རྫས་གཉིས་གཙོ་བོ་ཡིན་པས། གཞི་རྩའི་སྟེང་བོད་ལུགས་སྨན་རྫས་ལས་རིགས་དང་། སྐྱེས་དངོས་ཚན་རྩལ། མི་རིགས་ཀྱི་ལག་ཤེས་ལས་རིགས། བདེ་ཐང་གི་བཟའ་རིགས། མི་རིགས་ཀྱི་ཡུལ་ཟོག་ཐོན་རྫས་ལས་སྣོན་ལས་རིགས་སོགས་ཀྱིས་གཙོ་བྱས་པའི་བདེ་ཐང་གི་ཐོན་ལས་ཚོགས་པ་གྲུབ་ཡོད་པ་རེད། སྔོན་དཔག་ལྟར་ན་འདི་ལོ་གསར་སྐྲུན་བྱས་ནས་ཐོན་སྐྱེས་བྱེད་འགོ་ཚུགས་པའི་རྣམ་གྲངས༡༡ཡོད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060