སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མང་རྫོང་གི་བོད་རིགས་འཚེམ་དྲུབ་ཕྱི་རྒྱལ་དུ་བྲིན་ཚོང་བྱེད་པ།
སྤེལ་དུས། 2014-09-04   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།  ལྷ་དབང་།

   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།མཚོ་སྔོན་ཉིན་རེའི་ཚགས་པརཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ཕན་ལོ་ཤས་རིང་མང་རྫོང་གི་བོད་རིགས་ཀྱི་འཚེམ་དྲུབ་ཐོན་ཟོག་སྔ་རྗེས་སུ་པེ་ཅིང་དང་། ལྷ་ས། ཀོང་ཀྲོའུ་སོགས་གྲོང་ཁྱེར་དུ་བཏོན་རྗེསམཐུན་པ་སྤུན་བཞིདངཨ་མདོའི་རྒྱན་གོསསོགས་ཕུལ་བྱུང་འཚེམ་དྲུབ་ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། རི་པིན། ཁེན་ནི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་བྲིན་ཚོང་བྱས་པར་བརྟེན་རིམ་རྩིས་བྱས་ན་ཨ་སྒོར་ཁྲི༣༢.བྱུང་ཡོད།  

  བོད་རིགས་ཀྱི་འཚེམ་དྲུབ་ནི་བོད་རིགས་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་གྲས་ཤིག་ཡིན་པ་དང་ད་བར་ལོ་ངོ༢༠༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་།མང་རྫོང་གི་བོད་རིགས་ཀྱི་འཚེམ་དྲུབཐོན་ལས་སྟོབས་ཆེར་གཏོང་ཆེད་མང་རྫོང་གིས་འཚེམ་དྲུབ་ལ་མཁས་པའི་དམངས་ཁྲོད་ཀྱི་འཚེམ་དྲུབ་མི་སྣ༢༦༠༠ཙམ་སྒྲིག་འཛུགས་བྱས་ནས་སུའུ་ཀྲོའུ་སོགས་སུ་གསོ་སྦྱོང་བྱས་པ་དང་སུའུ་ཀྲོའུ་ཡི་འཚེམ་དྲུབ་དང་ཧུའུ་ནན་གྱི་འཚེམ་དྲུབ་བཟོ་རྩལ་སྦྱངས་ཏེ་བོད་རིགས་ཀྱི་སྲོལ་རྒྱུན་འཚེམ་དྲུབ་ལག་རྩལ་རྒྱུན་ཆད་མེད་པར་གསར་གཏོད་བྱས་པར་བརྟེན་ཐུན་མིན་གྱི་མང་རྫོང་གི་བོད་རིགས་འཚེམ་དྲུབ་ཀྱི་ཁྱད་ཆོས་ཤིག་ཆགས་ཡོད།ཉི་འོད་འདུ་འགོདསོགས་གསོ་སྦྱོང་རྣམ་གྲངས་བསྡུ་སྒྲིལ་བྱས་པ་དང་ཞིང་འབྲོག་ཁུལ་གྱི་བུད་མེད་མང་ཚོགས་ཁྲོད་འཚེམ་དྲུབ་ཀྱི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས༧༠༠གཉེར་བ་དང་མི་ཁྲི༡.གསོ་སྦྱོང་བྱས་ཡོད། རྫོང་དེས་རོགས་དངུལ་སྒོར་ཁྲི༡༡༠བཏང་ནས་བོད་རིགས་ཀྱི་འཚེམ་དྲུབ་ཐོན་ལས་གླིང་བསྐྲུན་པ་དང་བོད་རིགས་ཀྱི་འཚེམ་དྲུབ་ཞིབ་སྤེལ་ལྟེ་གནས་དང་མཐུན་ཚོགས་བཙུགས་ཁར་གོ་རིམ་ལྡན་པའི་སྒོ་ནས་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་འཚེམ་དྲུབ་ལས་དོན་གཉེར་བ་མ་ཟད། ཐོན་སྐྱེད་གཞི་ཁྱོན་སྟོབས་ཆེར་བཏང་ནས་ལོར་བོད་རིགས་ཀྱི་འཚེམ་དྲུབ་ཐོན་ཟོག་༥༠༠༠ཡན་འཚེམ་བཟོ་བྱེད་ཀྱི་ཡོད། 

 “མང་རྫོང་གི་བོད་རིགས་འཚེམ་དྲུབ་ཐོན་ཟོག་གི་མིང་གྲགས་ཆེ་རུ་ཕྱིན་པ་དང་མངགས་ཉོ་བྱེད་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་པར་བརྟེན་བཟོ་རྩལ་ཞིབ་ཚགས་དང་། བརྗོད་དོན་མངོན་གསལ། ཁྱད་ཆོས་ཐུན་མིན་སོགས་ལ་བརྟེན་ནས་རང་ཉིད་ཀྱི་སྤུས་རྟགས་བཏོད་པ་མ་ཟད། བཟོ་རྩལ་མཛེས་རིག་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་གདེང་འཇོག་ཡག་པོ་ཐོབ་པ་དང་འབྲེལ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཀོད་ཡོད། ད་དུང་ཞིང་ཆེན་སློབ་གསོ་སྡེ་ཚན་གྱིསམང་རྫོང་གི་བོད་རིགས་འཚེམ་དྲུབ་ཀྱི་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭའི་ལས་རིགས་སློབ་ཚན་ནང་བཞག་ཡོད། མང་རྫོང་གི་བོད་རིགས་འཚེམ་དྲུབ་ཐོན་ལས་ཀྱི་སྣེ་ཁྲིད་འོག མིག་སྔར་བོད་རིགས་ཀྱི་འཚེམ་དྲུབ་ཐོན་ལས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལྔ་ཡི་རྫོང༣༢ལ་ཁྱབ་པ་དང་ཀྲོའུ་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ༢༡༢སུ་བོད་རིགས་ཀྱི་འཚེམ་དྲུབ་ཐོན་སྐྱེད་རྟེན་གཞི་བཙུགས་ཁར་འཚེམ་དྲུབ་ཐོན་སྐྱེད་བྱེད་མཁན་བཟོ་རྩལ་ཀུང་སི༣༡ཡོད་པ་དང་གཞི་ཁྱོན་ཅན་གྱི་ཐོན་ལས་གླིང༡༠དང་བོད་རིགས་ཀྱི་འཚེམ་དྲུབ་མཐུན་ཚོགས་བཅུ་ཡོད་ཅིང་། ལོར་འཚེམ་དྲུབ་ཐོན་ཟོག་ཁྲི༥༠ཙམ་ཐོན་སྐྱེད་ཐུབ་པ་དང་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར༡.༢ཟིན་ཡོད། 

     ཁ་བྱང་ཕྱི་མོ། མང་རྫོང་གི་བོད་རིགས་འཚེམ་དྲུབ་ཕྱི་རྒྱལ་དུ་བྲིན་ཚོང་བྱེད་པ།  

(རྩོམ་འགན་པ ལྷ་དབང་།)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060