སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་ལོ༡༣རིང་སྤུས་ཚད་ཀྱི་ཁྲིམས་འགལ་གྱོད་གཞི་ཁྲི286.9ཞིབ་བཤེར་ཐག་གཅོད་བྱས།
སྤེལ་དུས། 2014-09-18   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།  ལྷ་དབང་གིས་བསྒྲིགས།

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ9ཚེས15ཉིན་གློག་འཕྲིན་འབྱོར་གསལ། སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲི་ཧྲུའུ་ཕིང་གིས་ཚེས15ཉིན་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་བཙུགས་ནས་ལོ13སོང་རིང་སྤུས་ཚད་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་འོས་འཚམ་བྱས་ནས་སྤུས་ཚད་ཀྱི་ཁྲིམས་འགལ་གྱོད་གཞི་ཁྲི286.9ཞིབ་བཤེར་ཐག་གཅོད་བྱས་ཡོད་ཅེས་བཤད་པ་རེད།  

   ཀྲི་ཧྲུའུ་ཕིང་གིས་སྐབས་དང་པོའི་ཀྲུང་གོའི་སྤུས་ཚད(པེ་ཅིང)ཚོགས་ཆེན་ཐོག་ལོ13རིང་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་སྤུས་ཚད་མཐོར་གཏོང་བྱ་སྤྱོད་སྤེལ་བས་རྒྱལ་ཁབ་ལྟ་སྐུལ་ཟུར་འཐེན་ཞིབ་བཤེར་གྱི་ཚད་གཞི་ལོན་ཚད་བརྒྱ་ཆའི་གྲངས14འཕར་བ་དང་། རྒྱལ་དམངས་དཔལ་འབྱོར་གྱི་ཁྱབ་ཁོངས་ཁག་ལ་ཁྱབ་པའི་རྒྱལ་ཁབ་ཀྱི་ཚད་འཇལ་གཞི་འཛིན་ས་ཁག183བཟོས་པ། རྒྱལ་ཁབ་དང་། ལས་རིགས། ས་གནས་བཅས་ཀྱི་ཚད་གཞི་ཁག་ཁྲི10བཟོ་རྒྱུའི་སྒྲིག་འཛུགས་བྱས་པ། རིགས་ཁག་གི་ཁས་ལེན་དཔང་འདོན་ལག་ཁྱེར་ནུས་ལྡན་ཁག་ཁྲི118སྤྲད་པ། རྒྱལ་ཁབ་རིམ་པའི་སྤུས་ཚད་ཞིབ་བཤེར་ལྟེ་གནས་དང་ཞིབ་བཤེར་ཚད་ལེན་གྱི་གཙོ་གནད་ཚོད་ལྟ་ཁང853བསྐྲུན་པ་བཅས་རྒྱལ་ཁབ་ཀྱི་སྤུས་ཚད་བཅོས་སྒྲིག་དང་ལག་རྩལ་འདེགས་སྐྱོར་གྱི་མ་ལག་ཅུང་འཐུས་སྒོ་ཚང་པོ་ཞིག་གྲུབ་ཡོད་ཅེས་བཤད་པ་རེད།  

   ཀྲི་ཧྲུའུ་ཕིང་གིས་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་སྤྱིའི་འོས་འགན་བསྒྲུབས་པ་དང་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་ནས་ཚོང་དོན་གྱི་རྩོད་གཞི་ཐུན་མོང་ཐོག་བསལ་བ་དང་སྤུས་ཚད་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ་སྔ་རྗེས་སུ་རྒྱལ་ཁབ་དང་ས་ཁུལ100ལྷག་ཙམ་དང་སྤུས་ཚད་ཞིབ་བཤེར་གྱི་མཉམ་ལས་ཡིག་ཆ་ཁག1023བཞག་པ་དང་། མཐོ་རིམ་གྱི་ཕྱོགས་གཉིས་པོའི་མཉམ་ལས་གྲོས་མོལ་ལམ་སྲོལ་ཁག40བཟོས་པ། ལྷག་པར་དུ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་གཞི་རྩའི་ཆར་འཚམ་པའི་སྤུས་ཚད་ཞིབ་བཤེར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། ཚད་གཞི། ཚད་ལོན་ཞིབ་དཔྱད་གཏན་འཁེལ་གྱི་མ་ལག་བཙུགས་ཡོད་ཅེས་བཤད་པ་རེད།   

   ཀྲི་ཧྲུའུ་ཕིང་གིས་འགག་སྒོ་ནན་པོ་སྲུང་བ་དང་དུས་མཚུངས་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་ཤར་བགྲོད་ལམ་བུ་དང་། ཐད་གཏོང་ཤར་སྐྱོད། ཕྱིར་གཏོང་ཞིབ་བཤེར་མི་བྱེད་པ་སོགས་སྟབས་བདེའི་བྱ་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་ནས་སྤྱིར་བཏང་བཟོ་ལས་ཀྱི་བཟོས་རྫས་ཕྱིར་གཏོང་ཚོང་ཟོག་ལ་ཞིབ་བཤེར་བྱ་རྒྱུ་ཚད་གཞི་ཆེན་པོས་ཉུང་དུ་བཏང་བའམ་ཐ་ན་ཕྱོགས་ཡོངས་ནས་མེད་པ་བཟོས་ཏེ་ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད་ཅེས་བཤད་པ་རེད།  

   ཁ་བྱང་ཕྱི་མོ། སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་ལོ༡༣རིང་སྤུས་ཚད་ཀྱི་ཁྲིམས་འགལ་གྱོད་གཞི་ཁྲི286.9ཞིབ་བཤེར་ཐག་གཅོད་བྱས། 

(རྩོམ་འགན་པ། ལྷ་དབང) 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060