སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཀུ་ཤུས་ཟླ༡༠ཚེས༢༡ཉིནiPad mini 3 སྤེལ་རྒྱུ་ཡིན་སྐད་འདུག
སྤེལ་དུས། 2014-09-18   ཡོང་ཁུངས། ཕིང་ཕེ་གསར་འགྱུར་དྲ་བ།   རྩོམ་པ་པོ།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

iPhone 6 དང་Apple Watch ཡི་རྗེས་སུ། ཨ་རིའི་ཀུ་ཤུ་སྤྱི་གཉེར་ཁང་གི་ཐོན་རྫས་ཁྱིམ་རྒྱུད་དུ་སྔར་ལས་མང་བའི་ཚོགས་མི་གསར་བ་བསྡུས་ཡོད།

 ལུའུ་ཐུའུ་གསར་འགྱུར་ཁང་གི་ཚན་རྩལ་ཆ་འཕྲིན་དྲ་ཚུགས Daily Dot ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཀུ་ཤུ་སྤྱི་གཉེར་ཁང་གིས་ཟླ ༡༠ བའི་ཚེས ༢༡ ཉིན་སྤྱི་བསྒྲགས་ཚོགས་འདུ་སྤེལ་ནས། iPad གསར་བ་གཉིས་ཚོང་འགྲེམ་བྱེད་རྩིས་ཡོད་པ་དང་། དུས་མཚུངས་སུMac སྒྲིག་བཟོ་མ་ལག་གི་པར་གཞི་གསར་བ་འགྲེམ་རྩིས་ཡོད་པ་རེད།

གནས་ཚུལ་བསྒྲགས་མཁན་གྱིས་བསྟན་དོན། སྤྱི་གཉེར་ཁང་དེས་རབས་དྲུག་པའི iPad དང་ iPad mini 3 འགྲེམ་རྩིས་ཡོད་ལ། དུས་མཚུངས་སུ་ད་དུང་སྒྲིག་བཟོ་མ་ལག་ OS X YosemiteOS X ཡུའུ་ཧྲི་མའེ་ཏེ་པར་གཞིའགྲེམ་རྒྱུ་རེད། སྒྲིག་བཟོ་མ་ལག་དེ་ལ་སྔར་ལས་ལྷག་པར་མིག་དབང་ལུང་སྤྱོད་ལྡན་པ་རེད།

ཀུ་ཤུ་སྤྱི་གཉེར་ཁང་གི་མགྲིན་ཚབ་པ་ཐུ་ལུའུ་ཏེ་མོ་ལུ་ཡིས་དེའི་ཐད་ལ་དཔྱད་བརྗོད་མ་གནང་།

ཕིང་ཕེ་གསར་འགྱུར་ཁང་གིས་དེའི་ཡར་སྔོན་དུ་གནས་ཚུལ་སྤེལ་དོན། iPad གསར་བ་ལ་དབྱིན་ཚུན ༩. ༧ ཅན་གྱི་འཆར་དངོས་ཡོད་པ་དང་། iPad mini 3 འཆར་ངོས་ལ་དབྱིན་ཚུན ༧.༩ ཡོད་པ་རེད། ད་དུང་གནས་ཚུལ་གཞན་པ་ལས་བསྒྲགས་པ་ལྟར་ན། iPad mini 3 འཆར་ངོས་ཀྱི་ཆེ་ཆུང་མི་འགྱུར་བའི་གནས་ཚུལ་འོག་ཏུ་སྔར་ལས་ཇེ་སྲབ་ཏུ་འགྱུར་བ་རེད།

ཁེ་ཅི་དངུལ་འཛིན (KGI Securities) གྱི་དབྱེ་ཞིབ་མཁན་ཀའོ་མིང་ཁྲི་ཡིས། "ང་ཚོས་དེའི་ཡར་སྔོན་དུ་ཀུ་ཤུ་སྤྱི་གཉེར་ཁང་གིས་ད་ལོར iPad mini པར་གཞི་གསར་བ་མི་འགྲེམ་པར་འདོད་ནའང་། ད་ལྟ་ཀུ་ཤུ་སྤྱི་གཉེར་ཁང་གིས mini སྐོར་ནས་ཀྱང་ཐོན་རྫས་གསར་བ་སྤེལ་རྒྱུ་ཡིན་པར་འདོད།"ཅེས་བཤད།

སླེབས་ལ་ཉེ་བའི་གུང་གསེང་དུས་སྟོན་མང་པོར་དམིགས་ནས། ཀུ་ཤུ་ཡིས་རབས་རྗེས་མའི iPad སྤྱི་བསྒྲགས་བྱེད་པའི་དུས་ཚོད་ཟླ་བ ༡༠ བའི་ཟླ་དཀྱིལ་དུ་གཏན་ཁེལ་བྱས་ཏེ། ཐོན་རྫས་སྔར་ལས་ཕུན་སུམ་ཚོགས་པ་དང་འཛད་སྤྱོད་མཁན་ཡིད་འགུག་བྱེད་པའི་ཆེད་ཡིན་པ་རེད།

ཀུ་ཤུ་སྤྱི་གཉེར་ཁང་གིས་ད་ལོའི་དུས་ཚིགས་གཉིས་ཀྱི་རིང་དུ་iPad ཁྲི ༡༣༣༠ ཕྱིར་ཚོང་བྱས་ཡོད་ལ། དེའི་ཡར་སྔོན་དུ་དབྱེ་ཞིབ་མཁན་གྱིས་ཚོད་རྩིས་བྱས་པའི་ཁྲི ༡༤༠༠ ལས་ཉུང་བ་རེད།

ས་གནས་དེ་གའི་དུས་ཚོད་ཟླ ༩ ཚེས ༡༧ ཉིན། འཆར་ངོས་སྟེང་གི iPhone 6 དང་ 6 Plus དངོས་སུ་ཚོང་རར་བཀྲམ་པའི་ཡར་སྔོན་དུ། ཀུ་ཤུ་སྤྱི་གཉེར་ཁང་གིས་པར་གཞི་གསར་བའི iOS8 མ་ལག་སྤྱི་བསྒྲགས་བྱས། འོན་ཀྱང་དེ་དང་དུས་མཚུངས་སུ། ཀུ་ཤུ་སྤྱི་གཉེར་ཁང་གིས་ཀྱང་། HealthKit མཉེན་ཆས་སྟེགས་བུར་གནད་དོན་ཡོད་པ་དང་། གནས་སྐབས་སུ iOS8 མ་ལག་སྟེང་ནས་བཀོལ་སྤྱོད་བྱེད་མི་ཐུབ་པ་སྤྱི་བསྒྲགས་བྱས།

HealthKit སྟེགས་བུ་ཡིས་ app མཉེན་ཆས་སྣ་ཚོགས་སྟེང་གི་ཁྲག་གནོན་དང་ལུས་པོའི་ལྗིད་ཚད་སོགས་བདེ་ཐང་གཞི་གྲངས་ཕྱོགས་བསྡུས་བྱེད་ཐུབ། གཅིག་བསྡུས་བྱས་རྗེས་སྨན་པ་ཚོར་བརྟག་དཔྱད་བྱེད་པར་མཁོ་འདོན་བྱེད། ཁྲག་མངར་དཔྱད་ཆས་སོགས་སྒྲིག་ཆས་iPhone སྟེང་འབྲེལ་མ་ཐག གཞི་གྲགས་དེ HealthKit སྟེགས་བུའི་སྟེང་དུ་བརྒྱུད་སྤྲོད་ཐུབ་པ་རེད།

ཚེས་བཅུ་བདུན་ཉིན།  ཀུ་ཤུའི་མགྲིན་ཚབ་པས་གློག་འཕྲིན་སྤེལ་བ་བརྒྱུད། "ང་ཚོས་མཉེན་ཆས་བསྐྱར་བཟོའི་ལས་ཀ་སྤེལ། ཟླ་འདིའི་ཟླ་མཇུག་ཡར་སྔོན་དུ HealthKit ཚོང་འགྲེམ་བྱེད་རྩིས་ཡོད།"ཅེས་བཤད། ཀུ་ཤུ་སྤྱི་གཉེར་ཁང་གིས་ད་དུང་ཀུ་ཤུ་ཚོང་ཁང་གི་ HealthKit འབྲེལ་བའི་སྟེགས་བུ་སྐོར་ཞིག་གི་བདེ་ཐང་དོ་དམ་མཉེན་ཆས་གནས་སྐབས་སུ་ཚོང་སྟེགས་ལས་མར་ལེན་པ་རེད།

 

ཁ་བྱང་ཕྱི་མོ། ཀུ་ཤུས་ཟླ ༡༠ བའི་ཚེས ༢༡ ཉིན iPad mini 3སྤེལ་རྒྱུ་ཡིན་སྐད་འདུག

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060