
ཧྥོབ་སི་ཡིས ༢༠༡༣ ལོའི་འཛམ་གླིང་ཡོངས་ནས་རྒྱུ་དངུལ་ཐེར་འབུམ་བརྒལ་བའི་ཕྱུག་བདག་ཚོའི་མིང་ཐོ་བཀྲམས་པ་ལས། མེག་སེ་ཁོ་གློག་འཕྲིན་མངའ་བདག་ཁཱ་ལོ་སི་ཟི་ལེམ(Carlos Slim Helú)གྱིས་བསྟུད་མར་ལོ་གསུམ་གྱི་རིང་ལ་འཛམ་གླིང་ཕྱུག་ཆེན་གྱི་ཅོད་པན་ཁྱེར་བ་དང་། ཁོའི་རྒྱུ་དངུལ་རྐྱང་རྐྱང་ལ་ཨ་སྒོར་དུང་ཕྱུར ༧༣༠ ཡོད་འདུག
འཛམ་གླིང་དཔལ་འབྱོར་ཉམས་ཆག་ཐེབས་ཀྱིན་པའི་སྒང་ཡིན་རུང་། རྒྱུ་དངུལ་ཐེར་འབུམ་ལས་བརྒལ་བའི་མི་གྲངས་དེ་ལས་ལྡོག་སྟེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སུ་སླེབས་ཡོད། ཟླ ༩ པའི་ཚེས ༡༧ ཉིན་སྤེལ་བའི་བརྟག་དཔྱད་གསར་ཤོས་ཤིག་ལས། ༢༠༡༤ ལོར་འཛམ་གླིང་གི་ཕྱུག་ཆེན་རྒྱུ་ནོར་ཨ་སྒོར་ཐེར་འབུམ་བརྒལ་བ ༡༥༥ གསར་སྣོན་བྱུང་བས། སྤྱིའི་མི་གྲངས་གོང་དུ་འཕར་ཏེ་ཟིན་ཐོ་མཐོ་ཤོས་དེ་མི ༢༣༢༥ ལ་སླེབས་ཤིང་། ན་ནིང་ལས ༧% གྱིས་འཕར་བ་རེད།
རྒྱུ་ནོར་ཞིབ་འཇུག་ལས་ཁུངསWealth-Xདང་སུའེ་ཙེར་མཉམ་འབྲེལ་དངུལ་ཁང(UBS)ནས་ཉིན་དེར“ཐེར་འབུམ་ཅན་ཡོངས་བཤེར”(Wealth-X and UBS Billionaire Census)བསྒྲགས་པའི་འབྲས་བུ་ལྟར་ན། རྒྱུ་ཆེན་ཐེར་འབུམ་ཅན་ནི་ཕོ("ཐེར་འབུམ་སྤྲོ་སྐྱིད་གླིང"གི༨༨%ཕོ་ཡིན)དང་། ལོ ༦༣ ། ཕྲུ་གུ་གཉིས་ཡོད་པ། རྒྱུ་ནོར་སྒོར་དུང་ཕྱུར ༣༡ ཡོད་པ་བཅས་སོ། ། ཁོ་ཚོའི་ནང་གི་ཕྱེད་ཀའི་ཡན་ནི་རང་ཉིད་ཀྱིས་འབད་རྩོལ་བྱས་པ་ལས་ཕྱུག་པོར་གྱུར་བ་དང་། དེའི་འཕྲོ་མ་རྣམས་ནི་རྒྱུ་ནོར་རྒྱུན་འཛིན་བྱས་པའམ། ཡང་ན་རྒྱུན་འཛིན་དང་རང་གི་འབད་རྩོལ་ལ་བརྟེན་པ་རེད་འདུག
ཕྱུག་བདག་ཐེར་འབུམ་ཅན་གྱི་ཟེར་བ་ནི་རྒྱུ་དངུལ་རྐྱང་པ་ཨ་སྒོར་དུང་ཕྱུར ༡༠ ལས་བརྒལ་བར་ཟེར། ད་ལོར་འཛམ་གླིང་ཐེར་འབུམ་ཕྱུག་བདག་གི་མི་གྲངས་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་རེག་པ་དང་བསྡེབས་ནས་ཁོ་ཚོའི་སྤྱིའི་མ་དངུལ་ཡང ༡༢% ཀྱིས་ཇེ་མཐོར་སོང་སྟེ་ཨ་སྒོར་ཁྲི་དུང་ཕྱུར ༧.༣ ལ་བསླེབས་ཡོད་ཅིང་། ཡང་སྙན་ཞུ་ལྟར་ན། དངུལ་རྩ་དང་། དངུལ་ཁང་། མ་གཏོང་། ཁང་སའི་ལས་རིགས་བཅས་ནི་ཕྱུག་བདག་འདུ་ལོང་ཆེ་ས་ཡིན་འདུག
ལོ་ལྟར་ཇེ་ཆེར་འགྲོ་བཞིན་པའི་ཐེར་འབུམ་ཅན་གྱི་དཔུང་སྡེ་ལས་ད་ལོར་ཨ་རིར་གསར་སྣོན་མི ༥༧ ཡོད་པས། གསར་སྣོན་སྤྱིའི་སུམ་ཆའི་གཅིག་ཡན་ཟིན་ལ། ཀྲུང་གོར་གསར་པ ༣༣ འདུག ས་ཆའི་ཐད་ནས། ཡོ་རོབ་མེ་གླིང་བྱང་མ་ལས་བརྒལ་ཏེ་ཐེར་འབུམ་ཅན་གྱི་འདུ་གནས་སུ་གྱུར་ཡོད་དེ། ཁྱོན་མི ༧༧༥ འདུག འོན་ཏེ་ཡ་གླིང་གི་ཐེར་འབུམ་ཅན་གྱི་འཕར་ཚད་མཐོ་ཤོས་ཡིན་འདུག་སྟེ་ན་ནིང་ལས ༡༨.༧% ལས་མང་། ཡ་གླིང་ལ་ཐེར་འབུམ་ཅན་གསར་པ ༥༢ དང་། ལ་ཐིང་མེ་གླིང་ཀ་ལི་པེ་མཚོ་རུ་གསར་པ ༤༢ མཆིས། ཧྥེ་གླིང་གི་ཐེར་འབུམ་ཅན་གྱི་སྤྱིའི་རྒྱུ་ནོར་ཡར་འགྲོ་བཞིན་ཡོད་ཀྱང་། མི་གྲངས་མར་ལྷུང་གིན་འདུག དེའི་རྒྱུ་མཚན་གཙོ་བོ་ནི་སྤྱི་ཚོགས་དང་ཆབ་སྲིད་ཟིང་ཆ་ཆེ་བས་རེད་འདུག་ལ། གནས་ཚུལ་དེ་འདྲ་དབུས་ཤར་ས་ཁུལ་དུའང་བྱུང་འདུག
སྐྱེས་པ་ཐེར་འབུམ་ཅན་ལས་བཅུ་ཆའི་དགུ་ཡན་ཆོད་ཆང་ས་བརྒྱབ་ཟིན་ཞིང་། ༦%གཉེན་འཐོར་བ་དང་། ༣%ཕོ་ཧྲེང་། ༢%ཡུགས་ཕོ་རེད། ཡང་བུད་མེད་ཐེར་འབུམ་ཅན་དག་ཏུ་གཉེན་སྒྲིག་ཟིན་པ ༦༥% དང་། གཉེན་འཐོར ༡༠% ། མོ་ཧྲེང ༤% ། ཡུགས་མོ ༢༡% ཡོད་འདུག
༢༠༡༤ ལོའི་ཟླ ༦ ཡན་ཆོད་དུ། འཛམ་གླིང་གི་ཐེར་འབུམ་ཅན་ཆེས་མང་བའི་རྒྱལ་ཁབ་ཨ་རི་ཡིན་ཞིང་མི ༥༧༡འདུག དེའི་འཕྲོར་ཀྲུང་གོ་དང་དབྱིན་ཇི་རིམ་བཞིན་ཨང་གཉིས་པ་དང་གསུམ་པ་སྟེ། སོ་སོར་མི ༡༩༠ དང ༡༣༠ འདུག འདས་ཟིན་པའི་ལོ་གཅིག་གི་ནང་རྒྱ་གར་གྱི་ཐེར་འབུམ་ཅན་གྱི་གྲངས་ཀ ༣% གྱིས་ཇེ་ཉུང་དུ་ཕྱིན་ཏེ་མི ༡༠༠ ཡིས་ཨང་དྲུག་པ་ཟིན་འདུག
ཁ་བྱང་ཕྱི་མོ། འཛམ་གླིང་དུ་ཕྱུག་བདག་ཐེར་འབུམ་ཅན ༢༣༢༥ རུ་བུད་ཅིང་། ཀྲུང་གོ་ཨ་རིའི་རྗེས་ཏག་ཏག་རེད།
(རྩོམ་འགན་པ། རྟ་མགྲིན)