སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨ་ལི་ཉིག་ཡོག་ཏུ་ཁྲོམ་རར་བཏོན་ཉིན ༣༨% འཕར་ཏེ་འཛམ་གླིང་གི་འབྲེལ་དྲའི་ཀུང་ཟི་ཆེ་ཤོས་གཉིས་པར་གྱུར།
སྤེལ་དུས། 2014-09-21   ཡོང་ཁུངས། ཕིང་ཕའེ་གསར་འགྱུར་དྲ་བ།   རྩོམ་པ་པོ།  ཟླ་བ།

ཁྲོན་བཏོན་གོང་ཚད་ཨ་སྒོར ༩༢.༧ ལྟར་རྩིས་བརྒྱབ་པ་ཡིན་ན།  མ་རྐང་ཁྱོན་ཨ་སྒོར་དུང་ཕྱུར ༢༤.༦༦ ཡོད་པའི་ཨ་ལི་པ་པ(ཨ་ལི་ཞེས་བསྡུ་རྒྱུ)ཡི་ཁྲོམ་རའི་གོང་ཚད་ཨ་སྒོར་དུང་ཕྱུར ༢༢༨༥ རི་བ་ཡོད་པས། འཛམ་གླིང་ཡོངས་ཀྱི་འབྲེལ་དྲའི་ཀུང་ཟི་ལས་ཨང་གཉིས་པ་དང་། ཀྲུང་གོའི་ཨང་དང་པོར་གྱུར་ཡོད། CFP

ཨ་རིའི་ཡུལ་དེའི་དུས་ཚོད་ཟླ ༩ པའི་ཚེས ༡༩ ཉིན་གྱི་ཉིན་གུང ༡༢ ཙམ་དུ།  ཀུན་གྱི་དོ་སྣང་བྱ་ཡུལ་དུ་གྱུར་བའི་ཀྲུང་གོའི་གློག་ཚོང་གི་མངའ་བདག་སྟེ་ཨ་ལི་པ་པ་ཚོགས་སྡེ(NYSE:BABA)ཡིས་ཉིག་ཡོག་གི་དངུལ་འཛིན་ཉོ་ཚོང་ཁང་ནས་བྱང་བུ་དངོས་སུ་བཀལ་ཏེ་ཉོ་ཚོང་འགོ་ཚུགས།

གོང་ཚད་བར་མཐུད་ཡུན་རིང་པོར་བྱས་པ་བརྒྱུད་ནས། ཨ་ལི་པ་པ་ཡི་ཁྲོམ་བཏོན་གོང་ཚད་ཨ་སྒོར ༩༢.༧ གཏན་འཁེལ་བྱས་ཤིང་འགྲེམ་སྤེལ་རིན་གོང་ཨ་སྒོར ༦༨ ཡིན་པ་དང་བསྡུར་ན ༣༦.༣% གྱིས་འཕར་བ་རེད། ཉིན་ཐོག་མར་ཕྱིར་བསྡུའི་གོང་ཚད་ཨ་སྒོར ༩༣.༨༩ ཡིན་འདུག་པས། ༣༨.༠༧%འཕར་བ་རེད།

ཁྲོན་བཏོན་གོང་ཚད་ཨ་སྒོར ༩༢.༧ ལྟར་རྩིས་བརྒྱབ་པ་ཡིན་ན།  མ་རྐང་ཁྱོན་ཨ་སྒོར་དུང་ཕྱུར ༢༤.༦༦ ཡོད་པའི་ཨ་ལི་པ་པ(ཨ་ལི་ཞེས་བསྡུ་རྒྱུ)ཡི་ཁྲོམ་རའི་གོང་ཚད་ཨ་སྒོར་དུང་ཕྱུར ༢༢༨༥ རི་བ་ཡོད་པས། འཛམ་གླིང་ཡོངས་ཀྱི་འབྲེལ་དྲའི་ཀུང་ཟི་ལས་ཨང་གཉིས་པ་དང་། ཀྲུང་གོའི་ཨང་དང་པོར་གྱུར་ཡོད་དེ། ཨ་སྒོར་དུང་ཕྱུར ༣༩༢༣ རི་བའི་ཨ་རིའི་གྷུ་གྷོལ(Google)གྱི་རྗེས་ཏག་ཏག་ཡིན་པ་དང་། ཨང་གསུམ་པ་ནི་ཨ་སྒོར་དུང་ཕྱུར ༡༩༧༨ གྱི Facebook ཡིན།  དེར་མ་ཟད། ཨ་ལི་པ་པའི་ཁྲོམ་རའི་རིན་གོང་ཡང་ཁྲོམ་རར་བཏོན་པའི་ཀྲུང་གོའི་ཀུང་ཟིའི་ནང་གི་བཟོ་ཚོང་ལས་བརྒལ་ཏེ་ཨང་གསུམ་པ་ཆགས་ཡོད་ཅིང་། སྔ་མ་གཉིས་ནི་ཀྲུང་གོའི་འགུལ་འཕྲིན་དང་ཀྲུང་གོའི་རྡོ་སྣུམ་གཉིས་ཡིན།

གླེང་བར་འོས་པ་ཞིག་ནི། ཨ་ལི་པ་པ་ཡི་སྐར་མ ༡༤༣ རིང་གི་གོང་གཅོད་དུས་ཚོད་ཀྱིས་ཉིག་ཡོག་ཉོ་ཚོང་ཁང་གི་ལོ་བཅུའི་ཉོ་ཚོང་ཟིན་ཐོ་བསྐྲུན་ཡོད། ཐེངས་སྔ་མའི་ཟིན་ཐོ་སྐྲུན་མཁན་ནི Twitter  ཡིན།  ༢༠༡༣ ལོའི་ཟླ ༡ པའི་ཚེས ༧ ཉིན Twitter ཉིག་ཉོ་ཚོང་དུ་ཞུགས་ཤིང་།  ཁྲོན་བཏོན་ཉིན་ཐོག་མར ༧༣ % འཕར་བ་དང་། སྐབས་ཐོག་དེར་གོང་གཅོད་ལ་ཆུ་ཚོད་སྐར་མ ༧༩ བཏང་།

ཁྲོམ་བཏོན་རིན་གོང་འཕར་སྟབས།  ཨ་ལི་པ་པ་ཚོགས་སྡེ་གསར་འཛུགས་མཁན་ནམ་རྐང་བདག་ལྷན་ཚོགས་ཀྱི་ཀྲུའུ་ཞི་མཱ་ཡོན་སོགས་དོ་དམ་རིམ་པའི་གོང་ཐང་ཡང་ཆེར་འཕར་བ་རེད། དེ་དག་ལས་མཱ་ཡོན་ལ་ཨ་ལི་རུ་ཨ་སྒོར་དུང་ཕྱུར ༡.༩༣ མ་རྐང་ཡོད་པ་ལས། ཁྲོམ་བཏོན་གོང་ཚད་ཨ་སྒོར ༩༢.༧ ལྟར་བརྩིས་པ་ཡིན་ན་ཁྲོམ་རའི་རིན་གོང་ཨ་སྒོར་དུང་ཕྱུར ༡༧༩ ཡིན། དེར་མ་ཟད། དངུལ་སྟེར་ནོར་མ་ཀུང་ཟིའི་མ་རྐང་གི་ཕྱེད་ཀ་ཙམ་མཱ་ཡོན་གྱིས་བཟུང་ཡོད་པས། ཨ་ལི་ཁྲོམ་རར་བཏོན་རྗེས་མཱ་ཡོན་གྱི་མི་སྒེར་རྒྱུ་ནོར་རྐྱང་པར་ཨ་སྒོར་དུང་ཕྱུར ༢༦༨ ལ་བསླེབས་ཚར་ཡོད་པར་བརྟེན།  ཀྲུང་གོའི་ཕྱུག་བདག་གི་གྲལ་མགོ་བཟུང་ཡོད་པར་ཐེ་ཚོམ་མེད་པ་རེད།

ཨ་ལི་པ་པ་ཡིས་ཟླ ༩ པའི་ཚེས ༦ ཉིན IPO གོང་ཚད་རྐང་ཤོག་གཅིག་ལ་ཨ་སྒོར ༦༠ ནས་ཨ་སྒོར ༦༦ བར་ཡིན་པ་ཐོག་མར་བསྒྲགས་མོད།  སྐོར་བཤད་གནང་དུས་དོ་སྣང་ཆེར་སྤྲད་པར་བརྟེན།  ཟླ ༩ པའི་ཚེས ༡༥ ཉིན་ཨ་ལི་ཡིས་གོང་ཚད་ཇེ་མཐོར་བཏང་ཞིང་། མཐར་འགྲེམ་སྤེལ་བྱེད་དུས་ཨ་སྒོར ༦༨ ལ་གཏན་འཁེལ་བྱས།  དེར་བརྟེན་ཨ་ལི་པ་པས་ཨ་སྒོར་དུང་ཕྱུར ༢༡༧.༧ གྱི་བསྲེས་དངུལ་ཁ་གྲངས་ཀྱིས་ཨ་རིའི་ལོ་རྒྱུས་སྟེང་གིIPO(ཐོག་མར་ཁྲོམ་བསྒྲགས་རྐང་བསྡུ)ཆེ་ཤོས་སུ་གྱུར།

ཨ་རིའི་ཡུལ་དེའི་དུས་ཚོད་ཟླ ༩ པའི་ཚེས ༡༩ ཉིན། ཨ་ལི་པ་པ་ཡི་སྐུ་མགྲོན་འཐུས་ཚབ ༨ ཀྱིས་ཉིག་ཡོག་དངུལ་འཛིན་ཉོ་ཚོང་ནས་ཁྲོམ་འདོན་ཅོང་བརྡ་བརྒྱབ།

སྤྱིར་བཏང་བྱས་ནས། ཉོ་ཚོང་དངོས་གཞིའི་གོང་གི་ཁྲོམ་འདོན་ཅོང་བརྡ་དེ་མཱ་ཡོན་གྱིས་རྒྱག་གིས་དགོས་ཀྱང་། ཁོས་སྐལ་བ་འདི་ཨ་ལི་པ་པའི་སྐུ་མགྲོན་བརྒྱད་ལ་སྤྲད་པ་རེད།  ཅོང་རྡུང་མཁན་གྱི་སྐུ་མགྲོན་བརྒྱད་ཀྱིས་ཨ་ལ་པ་པའི་སྐྱེ་ཁམས་མ་ལག་གི་མཉམ་ཞུགས་མཁན་དག་གི་འཐུས་ཚབ་བྱས་ཡོད་དེ། ཁོང་ཚོ་ནི།

ཨོ་རྩལ་ཨང་དང་པོ་བླངས་མྱོང་ཞིང་ད་ལྟ་ཐའོ་པའོ་ཚོང་ཁང་གཉེར་མཁན་གྱིས་ལོ་ལི་ཧྲི།

ཨ་ལི་པ་པའི་མངའ་འོག་གི་གླེང་སྟེགས་ནས་ནར་སོན་པའི་སྤྲིན་ཞབས་ཞུ། ༩༠ རྗེས་ཀྱི་སློབ་ཆེན་པ་ཧང་པི་ཅི།

ཐའོ་པའོ་གཟུགས་བཟང་མའམ་སེམས་སྦུག་དོག་ནད་ཕྲུ་གུའི་དགེ་རྒན་ཡིན་པའི་ཧི་ཉིང་ཉིང་།

ཡུལ་མིའི་སྣེ་ཁྲིད་ནས་གློག་ཚོང་འཕེལ་རྒྱས་གཏོང་མཁན་གྱི་ཞིང་པ་ཚོང་པ་ཝང་ཀྲི་ཆང་།

གློག་ཚོང་ལ་བརྟེན་ནས་མཚོ་སྔོན་སི་ཁྲོན་ས་ཡོམ་བསྐྱར་གསོའི་སྣེ་ཁྲིད་མཁན་ཕྱི་ལོག་ལས་བཏོད་མཁན་ཝང་ཧྲུའུ་ཅོན།

ཐའོ་པའོ་རྟེན་མཛོད་ཁངཡོད་པའི་ལོ་བཅུའི་སྐུ་མགྲོན་ཧུའུ་ཆའོ་ལི།

མྱུར་སྦྲག་སྐྱེལ་ཞོར་དབུལ་ཕོངས་ས་ཁུལ་ལ་གོས་རྙིང་དཔེ་རྙིང་བསྡུས་ནས་ཞིང་གྲོང་དཔེ་མཛོད་ཁང་འཛུགས་མཁན་གྱི་བྱ་མ་རྟ་ཏིག་ལི་གོ

ཐེན་མའོ(天猫)བརྒྱུད་ནས་སྲེའུ་ཀྲུང་གོར་འཚོང་མཁན་གྱི་ཨ་རིའི་ཞིང་བདགPeter Verbrugg

མི་འདི་བརྒྱད་པོས་འཆར་གཞི་འདི་ཡོད་པ་མི་ཤེས་ཏེ། ཁོ་ཚོས་ལྟ་སྐོར་སྐུ་མགྲོན་དུ་གདན་དྲངས་པ་རེད་སྙམ་གྱི་ཡོད།

ཉིན་དེར་མཱ་ཡོན་གྱིས་ད་དུང་ཨ་ལི་པ་པའི་རྐང་བདག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་ཁྲོང་ཞིན་དང་། ལག་བསྟར་དབུ་བཞུགས་ལོའུ་ཡའོ་ཞི་མཉམ་དུ།  ཨ་ལི་པ་པའི་ལས་ཀ་བར་བརྙན་ལམ་ནས་སྐད་ཆ་སྨྲས། མཱ་ཡོན་གྱིས་ཨ་ལིའི་ལས་དོན་ཆེད་ལག་རྗེས་འཇོག་མཁན་ལ་ཐུགས་རྗེ་ཆེ་ཞུས་པ་དང་། དེ་རིང་ཨ་ལི་ཀུང་ཟི་རླུང་རྟག་རྒྱུག་པོ་འདུག  སང་ཉིན་ནས་བཟུང་ང་ཚོའི་ལམ་ཀ་སྔར་བར་དཀའ་ཚེགས་ཆེན་པོ་ཡོད། དེ་རིང་ང་ཚོས་བསྡུས་པ་འདི་དངུལ་མ་རེད། ང་ཚོས་བསྡུས་པ་ཡིད་ཆེས་རེད། མི་ཚང་མས་ང་ཚོ་ལ་བཅངས་པའི་ཡིད་ཆེས་རེདཅེས་སྨྲས་བྱུང་། ཁོ་ཚོའི་ལས་ཀྱི་གྱོན་ཆས་ཀྱང་ཨ་ལི་པ་པ་ཡིས་ཐའོ་པའོ་ཚོང་ཁང་ནས་མངགས་བཟོ་བྱས་པ་ཡིན་ཞིང་ཁྱོན་ཁྲི ༡༣ བཟོས། མདུན་ལརྨི་ལམ་ཡིན་གཅིག་ཡོད་དགོསཞེས་དང་། རྒྱབ་ཏུབརྒྱ་ལ་མངོན་འགྱུར་བྱུང་བ་ཡིན་ནཞེས་བྲིས་འདུག

མཱ་ཡོན་གྱི་ད་རེས་མཉམ་ལས་པ ༢༧ ཁྲོན་འདོན་ཅོང་བརྡའི་མཛད་སྒོ་རུ་ཁྲིད་ཡོད་ཅིང་།  ལྷག་མ་གཉིས་ཏེ་ཨ་ལིའི་ཁྲོམ་རའི་དབུ་བཞུགས་ཝང་ཧྲའེ་དང་ཨ་ལིའི་དངུལ་རྩ་ཕྲན་ཆུང་གི་ཞབས་ཞུའི་ཚོགས་སྡེ་ཡི་རྒྱལ་ནང་ལས་ཀའི་སྤྱི་ཁྱབ་པ་ཏེ་ཧྲན་གཉིས་རྟེན་གཞི་ཧང་ཀྲོའུ་རུ་བདག་གཉེར་བྱ་རུ་བཅུག་ཡོད།  ཟླ ༩ པའི་ཚེས ༡༩ ཡི་མཚན་མོར། ཨ་ལི་པ་པ་ཡི་ཧང་ཀྲོའུ་སྤྱི་ཁྱབ་པུའུ་རུ་གློག་འོད་ལམ་མེར་ལས་བཟོ་བ་ཁྲི་ལྷག་གིས་ལྭ་བ་རིགས་འདྲ་གྱོན་ཏེ་ཁྲོན་འདོན་ཐད་གཏོང་ལ་ལྟ་བཞིན་ཡོད།  ཁོ་ཚོའི་ངོས་ནས་བཤད་ན་འདི་ནི་རྒྱུ་ནོམ་པའི་དགའ་སྟོན་ཐེངས་ཤིག་ཡིན།

གླེང་འོས་པ་ཞིག་ནི། ཁྲོམ་ལ་མ་བཏོན་གོང་གི་སྔ་ནུབ། ཉིག་ཡོག་ཉོ་ཚོང་ཁང་གིས་གཞི་ཁྱོན་ཆེན་པོསཨ་ལིའི་མདོགཏུ་བརྗེས་ཏེ་ཨ་རིའི་ལོ་རྒྱུས་ཐོག་གི་མཉམ་བསྲེས་གཞི་རྒྱ་ཆེས་ཆེ་བའིIPOའདི་ལ་གྲབས་བསུ་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། IPOཤིན་ཏུ་འགངས་ཆེན་རིགས་ཡོད་དུས་མ་གཏོགས་འདི་ལྟ་བུའི་སྟ་གོན་བྱེད་ཀྱི་མེད་པ་རེད། ལས་ཀ་བདེ་བླག་ཏུ་འགྲུབ་ཆེད། ཉིག་ཡོག་ཉོ་ཚོང་ཁང་གིས་སོ་སོར་ད་ལོའི་ཟླ ༧ པ་དང་།  ཟླ ༩ པར་ལད་མོའི་ཚོད་ལྟ་ཐེངས་གཉིས་བྱས་ཏེ་ཉོ་ཚོང་ཁང་གི་མ་ལག་གིས་ཐེག་མིན་ལ་བརྟག་པ་རེད། ཉིག་ཡོག་ཉོ་ཚོང་ཁང་གི་འགྲན་ཡ་ནཱ་སི་ཏ་ཁི་ཡིས་དེ་སྔོན Facebook ཁྲོམ་རར་འདོན་དུས་ལག་རྩལ་གྱི་གནད་དོན་གྱིས་བར་ཆད་བྱུང་བ་སྟེ། སྐབས་དེར་ཉོ་ཚོང་རེ་ཞུ་མང་དྲགས་ནས་ཉོ་ཚོང་མ་ལག་ཆུ་ཚོད་ཁ་ཤས་ཀྱིས་འགོར་འགྱངས་ཤོར་བ་རེད།

ཨ་ལི་པ་པ་ཚོགས་སྡེའི་རྐང་བདག་ལྷན་ཚོགས་ཀྱི་ཀྲུའུ་ཞི་མཱ་ཡོན་གྱི་ཉིན་དེའི་གཏམ་བཤད།

ལྷན་རྒྱས་སྐུ་ཁམས་བཟང་། ངས་དེ་རིང་ནི་ལམ་ཚད་རྡོ་རིང་བཙུགས་པ་ལྟ་བུའི་ཉིན་མོ་ཞིག་རེད་བསམ་གྱི་ཡོད། དངོས་འབྲེལ་བྱས་ན་སྐད་ཆ་མང་པོ་ལབ་རྒྱུ་ཡོད། ཡིན་ནའང་དེ་རིང་ཡང་ག་ནས་ཤོད་དགོས་པ་ཧ་གོ་གི་མི་འདུག  སེམས་ལ་བཀའ་དྲིན་དང་དྲིན་གསོས་ཁེངས་འདུག  ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན།  ཨ་ལི་པ་པར་མཉམ་ཞུགས་གནང་མཁན་དང་དེ་རིང་ཡང་ཨ་ལི་པ་པར་འབད་བརྩོན་བྱེད་མཁན་གྱི་ལས་གྲོགས་རྣམ་པ་དང་། སྐུ་མགྲོན་རྣམ་པ། རྐང་བདག་རྣམ་པར་བཀའ་དྲིན་ཞུ་རྒྱུ་རེད།

དེ་རིང་ཉིན་མོར་བྱུང་བའི་དོན་དག་ཡོད་ཚད་ཀུན་གྱི་མི་ཚེའི་ནང་དོན་སྙིང་ཤིན་ཏུ་ཆེན་པོ་ཡོད་པའི་ཡིད་ཆེས་ང་ལ་ཡོད།  ཏོག་ཙམ་ནས་ཅོང་རྡུང་ཆོ་གའི་སྐབས་ལ། ཚང་མས་ཅོང་རྡུང་མཁན་གྱི་སྐུ་མགྲོན་བརྒྱད་པོ་དོ་སྣང་ཡོད་པ་ཞུ་རྒྱུ་ཡིན།  ང་ཚོས་ལོ ༡༥ འབད་པ་བྱས་པའི་དམིགས་ཡུལ་དེ་ཁོ་ཚོ་སྟེགས་བུ་འདིའི་ཐོག་འགྲེང་དུ་འཇུག་རྒྱུ་དང་། ང་ཚོས་ལོ ༡༥ འབད་པ་བྱས་པའི་དམིགས་ཡུལ་དེ་ཁོ་ཚོར་འབྲས་བཟང་ཐོབ་ཆེད་ཡིན། དེའི་རྒྱུ་མཚན་ཡང་ཁོ་ཚོའི་དོན་འགྲུབ་པ་ཡིན་ན། གཞི་ནས་ང་ཚོའི་དོན་ཡང་འགྲུབ་སྲིད་པ་ཡིན།

དེ་རིང་ཨ་ལི་རླུང་རྟ་རྒྱུག་པའི་ཀུང་ཟི་ཞིག་རེད།  ང་ཚོའི་ཀུང་ཟིའི་རླུང་རྟ་དེ་སྐུ་མགྲོན་ནས་ཡོང་བ་རེད། རླུང་རྟ་དེ་འབྲེལ་དྲ་ནས་ཡོང་བ་རེད།  རླུང་རྟ་དེ་ཀྲུང་གོ་ནས་ཡོང་བ་རེད། རླུང་རྟ་དེ་ང་ཚོ་མི་རེ་རེའི་འབད་བརྩོན་ལས་ཡོང་བ་རེད།  དེའི་སྟབས་ཀྱིས་མ་འོངས་པའི་ལོ ༡༥ །  མ་འོངས་པའི་ལོ ༨༧ ནང་ང་ཚོས་དུས་རབས་འདི་ལ་བཀའ་དྲིན་ཞུ་དགོས། འབྲེལ་དྲར་བཀའ་དྲིན་ཞུ་དགོས། ཀྲུང་གོར་བཀའ་དྲིན་ཞུ་དགོས། ཁེ་ལས་ཆུང་འབྲིང་ལ་བཀའ་དྲིན་ཞུ་དགོས།སྒྲིག་མཆན། ཨ་ལིའི་མ་འོངས་པའི་ལོ ༨༧ གྱི་ཁུངས་ནི། ཟླ ༩ པའི་ཚེས ༡༠ ཉིན་མཱ་ཡོན་གྱིས་རང་གི་ལོ ༥༠ ཡི་སྐྱེས་སྐར་རོལ་དུས་བརྗོད་དོན། རང་གི་ཀུང་ཟིརང་གི་ལོ་གྲངས་ཀྱི་ལྡབ་གཉིས་དང་དེའི་ཁར་ལོ་གཉིསལ་གསོན་རྒྱུའི་རེ་བ་བཅངས་ཡོད་ཟེར། གལ་ཏེ་ད་དུང་ལོ ༡༠༢ ལ་གནས་དགོས་ན། ༡༩༩༩ ལོར་བཙུགས་པའི་ཨ་ལི་པ་པ་ཡིས་དུས་རབས་གསུམ་འཕྲེད་དུ་བརྒལ་རྒྱུ་རེད།

མཐའ་མར་ཚང་མས་རྒྱུན་འཁྱོངས་བྱས་པ་བརྒྱུད་ནས་འུ་ཅག་གི་སྐྱེ་ཁམས་མ་ལག་སྔར་བས་འཐུས་ཚང་ཞིང་སྔར་བས་ལེགས་པའི་རེ་བ་ཡོད། ངས་བསམ་ན་དེ་རིང་གི་བཤད་མི་ཚར་བའི་བཀའ་དྲིན་དེ་དྲིན་གསོ་བའི་ཐབས་ཤེས་ཉག་གཅིག་ནི། ལག་ལེན་ཏུ་འདེབས་རྒྱུ་དང་། བཏབ་ནས་དེ་བས་ལེགས་པ་བཟོ་རྒྱུ་དེ་རེད།

དེར་བརྟེན་ངས་ཉིག་ཡོག་ཉོ་ཚོང་ཁང་དུ་ཡོད། དེ་རིང་མི་ཚང་མས་ཉིག་ཡོག་ཉོ་ཚོང་ཁང་འདི་ང་ཚོའི་བཅུ་གཅིག་གཉིས་ལྟ་བུ་རེད་ཟེར། མི་གྲངས་མེད་ཅིག་གིས་འདིའི་དོན་དཀའ་ལས་བརྒྱབ་ཅིང་རིན་དོད་ཕུལ་ཡོད་པ་རེད། སང་ཉིན་ནས་བཟུང་ང་ཚོའི་ལམ་བུ་སྔར་ལས་དཀའ་ཚེགས་ཆེ། འཛམ་བུ་གླིང་གིས་ང་ཚོའི་རང་གི་དམ་བཅའ་འབོར་གྱི་ཡོད་མེད་ལ་བལྟས་བསྡད་ཡོད་པ་རེད། དེ་རིང་ང་ཚོས་བསྡུས་པ་དེ་དངུལ་མ་རེད། ང་ཚོས་བསྡུས་པ་ཡིད་ཆེས་རེད། མི་ཚང་མས་ང་ཚོ་ལ་བཅངས་པའི་ཡིད་ཆེས་རེད། སྐུ་མགྲོན་གྱི་ཡིད་ཆེས་རེད། དུས་རབས་ཀྱི་ཡིད་ཆེས་རེད། མ་རྩ་གཏོང་མཁན་གྱི་ཡིད་ཆེས་རེད། དེའི་ཕྱིར་ངས་ཚང་མས་ཡིད་ཆེས་འདི་ལ་ཞེ་མི་ཁྲེལ་ཞིང་རང་གི་སེམས་ཁོང་གི་ཉིན་ཐོག་མ་ནས་ཡོད་པའི་རྨི་ལམ་ལ་ཞེ་མི་ཁྲེལ་བའི་རེ་བ་ཡོད།

དེའི་སྟབས་ཀྱིས། སླར་ཡང་ཚང་མར་བཀའ་དྲིན་ཆེ་ཞུ། གཉེན་ཉེ་ཚང་མ་ལ་བཀའ་དྲིན་ཆེ། གལ་སྲིད་ཁྱོད་ཀྱི་ཁྱིམ་གྱི་གཉེན་ཉེ་མེད་ན། ཁྱོད་ཀྱི་སྐུ་ལྕམ་མེད་ན། ཁྱོད་ཀྱི་སྐུ་ཞབས། ཁྱོད་ཀྱི་ཨ་ཕ་ཨ་མ། ཁྱོད་ཀྱི་བྱིས་པའི་རྒྱབ་སྐྱོར་མེད་པ་ཡིན་ན། ང་ཚོ་དེ་རིང་གི་འདི་ལ་སླེབས་ཐུབ་ཀྱི་མ་རེད། དེའི་ཕྱིར་སྔོན་མ་ནང་བཞིན་ང་ཚོ་ཨ་ལི་པ་དག་འགྲོ་སའི་ལམ་ཐག་རིང་པོ་རེད། དེང་ཕྱིན་ང་ཚོར་ཞུགས་མཁན་ཡང་ཤིན་ཏུ་མང་པོ་ཡོད་ངེས་ལ། ང་ཚོར་འབྲལ་མཁན་ཡང་མང་པོ་ཡོད་ངེས། ཡིན་ནའང་། དོན་ཅི་ཞིག་བྱུང་བ་ཡིན་ནའང་། ཕུགས་འདུན་བརྟན་པོ་གྱིས། འགན་ཁྲི་བརྟན་པོ་གྱིས། ང་ཚོས་འགྲིག་བསྡད་ཡོད་བསམ་པའི་དོན་དག་རྒྱུན་འཁྱོངས་གྱིས། ཚང་མར་ཐུགས་རྗེ་ཆེ་ཞུ། མཚན་བདེ་ལེགས། ཏོག་ཙམ་ནས་ཅོང་རྡུང་དུས་མཇལ་ཡོང་།

   ཁ་བྱང་ཕྱི་མོ། ཨ་ལི་ཉིག་ཡོག་ཏུ་ཁྲོམ་རར་བཏོན་ཉིན ༣༨% འཕར་ཏེ་འཛམ་གླིང་གི་འབྲེལ་དྲའི་ཀུང་ཟི་ཆེ་ཤོས་གཉིས་པར་གྱུར།

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060