སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཱ་ཡོན་ཐེངས་དང་པོར་དྲ་བ་དང་འཕྲད་དུས་ཇི་ལྟ་བུ་ཞིག་ཡིན་ནམ།
སྤེལ་དུས། 2014-09-22   ཡོང་ཁུངས། ཕིང་ཕེ་གསར་འགྱུར་དྲ་བ།   རྩོམ་པ་པོ།  ཟླ་བ།

༡༩༩༥ལོར་མཱ་ཡོན་ཨ་རིར་ཕྱིན་དུས་ཨ་ཧོ་སྟངས་དཔྱལ་གྱི་མཉམ་པར། སི་ཡ་ཐོ་རུ་ཨ་ཧོ་ཡི་བུ་མོའི་མག་པས་མཱ་ཡོན་འབྲེལ་དྲྭ་ཐོག་དང་པོར་ངོ་སྤྲད།

ད་ལྟ་མཱ་ཡོན་གྱིས་རང་གི་ལག་ཟུང་ལ་བརྟེན་ནས་བཙུགས་པའི་ཨ་ལི་པ་པ་ཉིག་ཡོག་དངུལ་འཛིན་ཉོ་ཚོང་ཁང་ནས་ཁྲོམ་རར་བཏོན་པར་ཨ་རི་ནས་རྟེན་འབྲེལ་ཞུ་བཞིན་པའི་སྒང་ཡིན་ཞིང་། ཁོ་པ་རང་ཉིད་མཆོངས་ཐེངས་གཅིག་གིས་ཀྲུང་གོའི་ཕྱུག་བདག་དང་པོའི་ཁྲི་ལ་བཞུགས་པ་རེད།

འདི་དག་ཐམས་ཅད་ཀྱི་དབུ་ཚུགས་ས་ནི་ཏག་ཏག་ལོ ༡༩ སྔོན་གྱི་ཨ་རི་ནས་བྱུང་བ་རེད། ལོ་དེར་མཱ་ཡོན་གྱིས་ཨ་རིའི་མངའ་རིས་རྡོག་པས་ཐོག་མར་མནན་པ་དང་། དེས་ཁོ་མི་གཅིག་གི་མི་ཚེ་བསྒྱུར་བ་མ་ཟད། ཀྲུང་གོའི་འབྲེལ་དྲྭའི་ཁ་སྟབས་ཀྱང་བསྒྱུར།

ཨ་ལི་པ་པ་བཙན་རྒྱལ་དབུ་ཚུགས་པའི་དུས་ནི ༡༩༩༥ ཡིན་འོས།

༡༩༩༥ ལོའི་ཀྲུང་གོར་མཚོན་ན་ད་དུང་ཡང་དུས་རབས་ཀྱི་ཚོན་མདངས་སྟུག་པོ་ཞིག་གིས་གཡོགས་ཡོད་དེ། ཕྱུག་པོ་ཆགས་དགོས་ན་སྔོན་ལ་ལམ་ལས་དགོསབརྗོད་གཞི་ཡིན་པའི་ལོ་དེར། མཱ་ཡོན་གྱི་ཕ་ཡུལ་ཧང་ཀྲོའུ་ཡང་དེ་དང་འདྲ་སྟེ། ཧྲང་ཧའེ་ནས་ཧང་ཀྲོའུ་བར་གྱི་ད་ལྟའི་མྱུར་འགྲོས་གཞུང་ལམ་དེའང་ལོ་དེར་ལས་འགོ་ཚུགས།

གཞུང་ལམ་ལས་པ་དེས་ཕྱི་རྒྱལ་གྱི་མ་རྩ་འཇོག་མཁན་མང་པོ་ཞིག་བཀུགས་ཡོང་ཞིང་། དེའི་ནང་ཨ་རི་བ་ཞིག་ཡོད་པ་སའི་གོ་ལའི་སྣེ་གཞན་ཞིག་ནས་ཧང་ཀྲོའུ་རུ་འཕུར་ཡོང་སྟེ་ལམ་བཟོ་རྒྱུའི་སྐོར་སྲིད་གཞུང་དང་གྲོས་མོལ་བྱས། རྣམ་གྲངས་དེ་ཕྱིས་སུ་ཡག་པོ་མ་བྱུང་རུང་། དེས་མཱ་ཡོན་ཨ་རིར་ཁྲིད་ཕྱིན་པ་རེད།

སྐབས་དེར་ཨ་རིའི་ཚོང་པ་དེས་ཧང་ཀྲོའུ་ནས་ཧྥུ་དབྱང་བར་མྱུར་འགྲོས་གཞུང་ལམ་བཟོ་རྒྱུའི་ཐད་ཧང་ཀྲོའུ་སྲིད་གཞུང་དང་མཉམ་ལས་བྱ་རྩིས་རེད་མོད། གྲོས་མོལ་ལ་གཅིག་བྱས་ཤིང་། ཨ་རིའི་མ་དངུལ་དོན་ཐོག་ཏུ་མ་འཁྱོལ་བས། མཐར་ཕྱོགས་གཉིས་ཀ་ནས་འབྲེལ་མ་གནད་དོན་བྱུང་བར་འདོད་པས་སྐད་སྒྱུར་བ་ཡག་པོ་ཅིག་བཙལ་དགོས་པར་སྙམ་ནས། མཱ་ཡོན་གདན་འདྲེན་ཞུས་པ་རེད། སྐབས་དེར་ཁོ་རང་ཧང་ཀྲོའུ་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དབྱིན་ཡིག་དགེ་རྒན་ཡིན་ཞིང་། ཁྲིད་ཞོརཡུལ་དེའི་ཆེད་ལས་ལོ་ཙཱའི་ལས་ཁུངས་སྔ་ཤོས་ཏེ་ཧེ་པོ་ལོ་ཙཱ་གླིང་བཙུགས་པས། སྐད་གྲགས་ཅུང་ཟད་ཡོད།  གྲོས་མོལ་བྱས་རིང་ལ། ཕྱི་རྒྱལ་གྱི་ཚོང་པས་ཤང་ཀང་ཕྱོགས་ནས་མ་དངུལ་ཆོག་མཆན་མ་བཀོད་པར་བཤད་པས། མཱ་ཡོན་ཤང་ཀང་དུ་ཕྱིན་ཅིང་། ཡང་ཤང་ཀང་ཕྱོགས་ཀྱིས་མ་དངུལ་ཨ་རི་ནས་བཀག་པར་བཤད་པས། མཱ་ཡོན་ཨ་རི་ལ་ཕྱིན་པ་རེད།

ཨ་རིར་སླེབས་མ་ཐག་ཡིན་པའི་མཱ་ཡོན་གྱིས་བག་ཡངས་པའི་འཚོ་བ་རོལ་ནས་བསྡད་པ། ཕྱིས་སུ་ཁོའི་ལག་རོགས་ཀྱིསའདི་ནི་མཱ་ཡོན་ནོཞེས་པ་རུ་ལཱ་སི་ཝེ་ཀ་ས་ཡི་ཐོག་སོའི་ཡང་རྩེར་བསྡད་པ་འདི་ལྟར་བྲིས་ཡོད་དེ། འཁོར་འཐེབ་མནན་མ་ཐག་ཡང་རྩེའི་སྒོ་དེ་མ་ཐག་ཕྱེ་ཡོང་། ཤེལ་སྒོ་རྩེག་མ་གཅིག་མིན་ལྷག་མེད། ཉལ་ཁྲིའི་སྟེང་བསྡད་ན་ནམ་མཁའི་སྐར་ཚོགས་ཁྲ་ལམ་མེར་མཐོང་ཐུབ

རྟེན་འབྲེལ་འགྲིག་པ།

ཉི་མ་སྐྱིད་པོ་དེ་ཡུན་རིང་པོ་འཁྱོལ་མེད། ཟླ་གཅིག་གིས་རྗེས་སུ་མཱ་ཡོན་གྱིས་རང་ཉིད་གཞན་གྱི་གཡོ་འོག་ཏུ་ཚུད་པ་མ་ཟད། ད་དུང་བཟང་བཙོན་དུ་བཅུག་ཡོད་མེད་དོགས་པ་ཟོས།

སྒྲུང་ལྟ་བུའི་བྱུང་རིམ་འདི་ཕྱིས་སུ་མཱ་ཡོན་གྱི་བཅར་འདྲིའི་སྐབས་སུའང་ཐེངས་མང་པོ་གླེང་མྱོང་ནའང་། དེའི་ལོ་རབས་མ་ག་མོག་གེར་ལུས། ཨ་རིའི་ནོར་དཔལ་དུས་དེབཧྥོ་ཁི་སིརུ་འཁོད་དོན།  མཱ་ཡོན་ཐེངས་དང་པོར་ཨ་རིའི་མངའ་སྡེ་ཁ་ལེ་ཕོར་ཉི་ཡའི་མ་རི་པུ་མཚོ་འགྲམ་དུ་ཡོང་ཞིང་། ཁོསFred”རུ་འབོད་པའི་ཨ་རི་བ་ཞིག་གི་ལག་ནས་ཆད་དངུལ་ལེན་རྩིས་བྱས་མོད། Fred ཡིས་ཁས་ལེན་མ་བྱས། དེ་མ་ཟད། ཁོས་ད་དུང་མཱ་ཡོན་མཚོ་འགྲམ་གྱི་གཞིས་བྲང་དུ་བཟང་བཙོན་བྱས་ཤིང་། མཱ་ཡོན་ལ་འཇིགས་བསྐུལ་ཏེ་ཁོ་དང་མཉམ་འབྲེལ་གྱིས་ཀྲུང་གོའི་ཕྱོགས་མགོ་སྐོར་དགོས་ལུགས་མཱ་ཡོན་ན་རེ། ཁོ་ཐ་ན་ངའི་མདུན་ནས་དཀྲུམ་མདའ་ངོམ་གྱི་འདུག འདི་ང་ལ་འཇིགས་སྐུལ་བཞིན་པ་གསལ་པོ་རེད

ཞི་དྲག་གི་ཐབས་ཅི་སྤྱད་ཀྱངFredཡིས་མཱ་ཡོན་གྱི་བློ་ཁ་བསྐོར་མ་ཐུབ་པས། མཐར་མཱ་ཡོན་བདེ་འཚམས་ངང་གནས་དེར་གྱེས།

འབྲེལ་དྲྭ་དང་འཕྲད་ལུགས།

སྟབས་ཡག་པ་ཞིག་ལ། མཱ་ཡོན་ཕྱིར་རྒྱལ་ནང་དུ་མ་ལོག་གོང་ཁོའི་མི་ཚེ་སྒྱུར་བྱེད་ཀྱི་ཐག་གཅོད་གཅིག་བྱས་པ་ནི། ཁོས་ཨ་རིའི་གྲུ་ཁའི་གྲོང་ཁྱེར་ཏེ་སི་ཨ་ཐོ་ལ་རུ་འགྲོ་བའི་གནམ་གྲུའི་སྤ་སེ་ཉོས་པ་དེ་རེད།

སི་ཨ་ཐོ་རུ་འབྱོར་རྗེས། མཱ་ཡོན་གྱིས་རང་གི་ལས་གྲོགས་སམ་ཧང་ཀྲོའུ་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་ཕྱི་རྒྱལ་དགེ་རྒན་པེལ་ཨ་ཧོར་བཙལ་ནས་རྙེད། ཨ་ཧོར་ཡོད་པའི་དབང་གིས་མཱ་ཡོན་གྱིས་འབྲེལ་དྲྭ་ཟེར་བ་ཡོད་པ་ཤེས་རྟོགས་བྱུང་།  ༡༩༩༤ ལོའི་སྨད་དུ་པེལ་ཕྱིར་ཨ་རིར་ཡེ་ཤུ་འཁྲུངས་སྐོར་རོལ་དུ་ཕྱིན། ཕྱིར་ཧང་ཀྲོའུ་རུ་ལོག་རྗེས། ཁོས་མཱ་ཡོན་ལ་ཨ་རིའི་ནས་མཐོང་པའི་གསར་བཟོ་དོད་པོ་སྟེ་འབྲེལ་དྲྭའི་སྐོར་ས་བཤད་རྡོ་བཤད་བྱས། དངོས་འབྲེལ་བྱས་ན་ཁོས་ཀྱང་དྲ་རྒྱ་ཏོག་ཙམ་ཡང་ཧ་གོ་གི་མེདམཱ་ཡོན་གྱིས་འདི་སྐད་ཟེར། དེ་ལྟ་ནའང་། པེལ་གྱི་སྐད་ཆར་ངར་གྱིས་ཁེངས་ཤིང་། ཉན་མཁན་མཱ་ཡོན་གྱི་སེམས་པའང་ཚ་སོབ་སོབ་བྱུང་།

སི་ཨ་ཐོ་རུ། ཨ་ཧོར་གྱིས་མཱ་ཡོན་ཁྲིད་ནས་བུ་མོའི་མག་པའི་ལས་ཀ་བྱེད་སའི་དྲ་རྒྱའི་ཀུང་ཟིར་ཕྱིན། དེ་ནི་སི་ཨ་ཐོ་ཡིISP(འབྲེལ་དྲྭའི་ཞབས་ཞུ་མཁོ་སྤྲོད་མཁན)ཐོག་མ་དེ་ཡིན་འདུག་ཅིང་། མཱ་ཡོན་འདི་ལྟར་ཧོབ་སྟེ་འབྲེལ་དྲྭར་འཕྲད་པས་རེ་ཞིག་འཚབ་སྣང་ཡང་སྐྱེས།

ངས་གློག་ཀླད་ལ་རེག་མི་ཕོད། བཅག་པ་ཡིན་ན་གོང་མཐོན་པོ་ཡིན་པ་རེད ལོ་མང་པོའི་རྗེས་སུ་མཱ་ཡོན་གྱིས་སྐབས་དེའི་འཆར་སྣང་ཝ་ལེར་དྲན་གྱི་འདུག

༡༩༩༥ ལོར་སྒེར་གྱི་གློག་ཀླད་ནིརྒྱས་སྤྲོསཆེ་བར་རྩི་སྟེ། ལྷུ་ཆས་འབྲིང་ཙམ་ཡིན་པའི་གློག་ཀླད་གཅིག་ལ་ཧ་ལམ་ཨ་སྒོར ༡༠༠༠ དགོས། འབྲེལ་དྲྭ་ནི་དེ་བས་ཀྱང་གསར་ལ་དཀོན་པས་ཀྲུང་གོར་དེ་དུས་མེད། རྒྱ་མཚོའི་ཕར་རྒྱབ་ཀྱི་ཨ་རིར་མཚོན་ནའང་ཅ་དངོས་འདི་གཉིས་མི་ཀུན་གྱིས་སྤྱོད་ཐུབ་ཀྱི་མེད།  ༡༩༩༥ ལོ་འབྲེལ་དྲྭ་འདི་ས་རྒོད་ཅིག་དང་འདྲ། དེང་སང་གླིང་བཞི་ཁ་ལོ་སྒྱུར་གྱིན་པའི Google ཡང་དེ་དུས་མིང་ཙམ་ཡང་མེད་དེ། གསར་འཛུགས་མཁན་གཉིས་ཀྱིས་ཕན་ཚུན་ལ་ངོའང་ཤེས་མེད།

མཱ་ཡོན་གྱིས་སྐྱོན་ཤོར་ན་སྐྱིན་ཚབ་འཇལ་དཀའ་བར་ཞེད་ནའང་གྲོགས་པོས། ག་རེ་ཤེས་འདོད་ན་དེ་གཏགས་ཆོག་ཅེས་སྐུལ་མ་ཡང་ཡང་བྱས་པས། མཱ་ཡོན་གྱིས་ཧ་ཅང་སེམས་ཆུང་སྒོས་ཕབ་གཞུང་དུ་སྐྱེས་པ་ནས་བཟུང་གཏགས་པའི་ཐ་སྙད་ཐོག་མbeer”ཞེས་པ་བྲིས་པ་དང་། འཇར་མན་སྦི་རག་དང་ཨ་རིའི་སྦི་རག ཉི་ཧོང་སྦི་རག་སོགས་འཆར་ངོས་སུ་ཤར་ཡང་། ཀྲུང་གོའི་སྦི་རག་མི་འདུག་པས། ཁོས་ཡངChinese”གཏགས་མོད། དེའི་སྐོར་གྱི་བཙལ་འབྲས་ཅི་ཡང་མ་ཤར།

མཱ་ཡོན་ལ་དེ་མུར་བློ་ཞིག་སྐྱེས་པ་སྟེ། ཁོས་གྲོགས་པོར་ཧེ་པོ་ལོ་ཙཱ་གླིང་ལ་དྲ་བ་སྟབས་བདེ་ཞིག་བཟོ་རུ་བཅུག་ཅིང་། སྟེང་དུ་གོང་ཚད་དང་ཁ་པར། ཡིག་ཟམ་བཅས་བཞག  ཧེ་པོ་ལོ་ཙཱ་གླིང་ཞོགས་པར་དྲ་བར་བཞག  ཉིན་གུང་མཱ་ཡོན་རྒྱ་སྲང་དུ་ཕྱིན་ནས་ཕྱིར་ལོག་དུས། མཱ་ཡོན་ལ་ཁ་པར་ཞིག་སླེབས་ཤིང་། ཡི་གེ་ལྔ་འབྱོར་བ་ཤེས། དེའི་ནང་གི་ཡི་གེ་གཅིག་ཏུ་ཧེ་པོ་ལོ་ཙཱ་གླིང་ནི་འབྲེལ་དྲྭའི་སྟེང་ཀྲུང་གོའི་ཀུང་ཟི་དང་པོ་དེ་ཡིན་པས་མཱ་ཡོན་དང་མཉམ་ལས་བྱ་འདོད་འདུག་ཅེས་བྲིས་ཡོད།

མཱ་ཡོན་གྱིས་ལམ་སེང་ཚོང་ལམ་ཞིག་རྙེད་པ་ཤེས།

ཨ་ལ་ལ། འདི་རྗེས་མ་ཡག་པོ་ཡོང་སྲིདམཱ་ཡོན་གྱིས་རང་ལ་དེ་སྐད་སྨྲས། དུས་དེར་ཁོ་ལོ་སུམ་ཅུ་ལས་ཡོལ་ཟིན་ཞིང་། རང་གིས་ལས་ཀ་གཉེར་བར་བསམ་བློ་གཏོང་སྒང་ཡིན།

བདུན་གཉིས་ཀྱི་རྗེས་སུ། མཱ་ཡོན་ཕྱིར་རྒྱལ་ནང་དུ་ལོག  ཆས་སྒམ་དུ་གློག་ཀླད་གཅིག་ཇེ་མང་དུ་ཕྱིན་འདུག

ཁ་བྱང་ཕྱི་མོ། མཱ་ཡོན་ཐེངས་དང་པོར་དྲ་བ་དང་འཕྲད་དུས་ཇི་ལྟ་བུ་ཞིག་ཡིན་ནམ།

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060