སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ནོར་པེལ་བྱ་དགའ་ཐོབ་མཁན་ལྔའི་མིག་ལམ་གྱི་མ་འོངས་པའི་འཛམ་གླིང་དཔལ་འབྱོར་གྱི་དཀའ་ངལ།
སྤེལ་དུས། 2014-09-24   ཡོང་ཁུངས། ཕང་ཕའེ་དྲ་བ།   རྩོམ་པ་པོ།  ཤ་བོ།

     ༡ ཆའོ་ཀྲིཨ་ཁའོ་ལའོ་ཧྥོའི་ལྟ་བ། གོ་ལའི་ཧྲིལ་བོའི་དྲོད་འགྱུར།  

    ཨ་རིའི་སྐད་བརྡ་རིག་པ་སྨྲ་བ་དང་མིའི་རིགས་རིག་པ་སྨྲ་བ་ཇའེ་མུའུ ལིཧྥོ་ཧྥུའུ་ཡིས་དུས་རབས༢༠པའི་ལོ་རབས༢༠བར་གསར་རྟོགས་བྱུང་བ་ནི། སྐད་ཆའི་འགྲེལ་བརྗོད་ཀྱིས་མི་རྣམས་ཀྱི་བསམ་བློ་ལ་ཤུགས་རྐྱེན་ཐེབས་པ་དང༌སྐད་ཆ་འཆད་སྟངས་ཀྱིས་མི་རྣམས་ལ་དཀའ་རྙོག་མང་བོ་ཞིག་བསྐྱལ་འོང༌། སྐད་བརྡ་རིགས་པའི་གནས་སྟངས་འདིས་འཛམ་གླིང་ཧྲིལ་བོར་དཀའ་ངལ་གྱིགནས་སུ་བསྐྱལ་ཡོད་པ་རེདརྒྱལ་ཁབ་སོ་སོའི་འབྲེལ་ཡོད་འགོ་ཁྲིད་ཀྱིསའདིའི་ཐད་ནས་གཏམ་བརྗོད་གལ་ཆེན་སྤེལ་ཡོད། ཡིན་ན་ཡང་གོ་ལ་ཧྲིལ་བོའིགནམ་གཤིས་དྲོད་འགྱུར་གྱི་གོམ་སྟབས་འདི་སུས་ཀྱང་འགོག་ཐབས་མེད་པརགྱུར་བ་དང༌། མིག་སྔར་གྱི་གོ་ལ་ཧྲིལ་བོའི་གནམ་གཤིས་དྲོད་འགྱུར་གྱི་གནསབབ་ལ་མི་སྒེར་དང་སྲིད་གཞུང་གིས་དོ་ཁུར་བྱེད་པ་ཁོ་ནས་མི་འདང༌།  

    སའི་གོ་ལའི་རླུང་ཁམས་ཆེན་པོ་ནི་གྱོན་པ་ཞིག་དང་འདྲ་བར་ང་ཚོར་བར་མེད་དུ་བསྐོར་ཡོད། དེས་ཉི་འོད་ཀྱི་དྲོད་ནུས་ཆ་སྙོམས་ཀྱིས་ས་ངོས་སུ་གཏོངཀྱིན་ཡོད་ལ། ལོ་རེ་ནས་ལོ་རེར་སའི་གོ་ལའི་རླུང་ཁམས་ཆེན་པོའི་རིམ་པ་ཇེམཐུག་དང་ཇེ་ལྕི་རུ་འགྲོ་བཞིན་མཆིས། སྤྱི་ལེ༥༠ཙམ་གྱི་འགྲོ་ལམ་ཐུང་ངུ་ཞིགལ་བསྐྱོད་སྐབས། རྡོ་སྣུམ་སྤྱི་རྒྱ༣ཙམ་མཁོ་བ་དང་འདྲ་བར་སའི་གོ་ལའི་རླུངཁམས་ཆེན་པོར་དབྱང་གཉིས་ཐཱན་འགྱུར་ལའང་པངཚད་གཞི་ཞིག༡༠༠སྣོནཀྱིན་ཡོད་པ་རེད།  

    འདི་ལྟར་ཞིབ་རྩིས་རེར་བརྒྱབ་ཚེཨ་རི་ཡོངས་ཀྱི་ཁྱིམ་ཚང་གིས་གཟའའཁོར་རེར་དབྱང་གཉིས་ཐཱན་འགྱུར་པང༡༨༠༠ཕྱིར་གཏོང་བྱེད་བཞིན་མཆིས། འཛམ་གླིང་ཡོངས་ཀྱི་ཕྱིར་གཏོང་གི་ཚད་གཞི་མཐོན་པོར་འགྲོ་བཞིན་ཡོད་པའི་གནས་བབ་འདི་རྟོགས་ཚེ། གོ་ལ་ཧྲིལ་བོའི་གནམ་གཤིས་དྲོད་འགྱུར་གྱི་འབྱུངརྐྱེན་ཡང་ལས་སླ་བོར་རྟོགས་ཐུབ་པ་རེད།  

    གནས་སྟངས་འདི་འདྲའི་འོག  ང་ཚོས་གོ་ལའི་ཉེན་གནས་འདི་སེལཐབས་བྱས་ཡོད། འོན་ཀྱང་དོན་དངོས་སུ་ང་ཚོ་མི་རྣམས་ཀྱིས་གོ་ལ་ཧྲིལ་བོའིགནམ་གཤིས་དྲོད་འགྱུར་གྱི་གནས་བབ་ལ་དོ་ཁུར་བྱས་པ་ཁྱོན་ནས་མི་འདང༌ལོ་ངོ༢༠སྔོན་གྱི་དགུང་ཁའི་སྤྲོ་ཚོགས་ཤིག་གི་སྟེང༌། མིང་དུ་གྲགས་པའི་གནམརིག་མཁས་ཆེན་ཞིག་གིས་གོ་ལ་ཧྲིལ་བོར་དྲོད་འགྱུར་གྱི་གནས་བབ་འདི་གསལ་བརྗོད་བྱས། ཁོས་ཚན་རིག་གི་ལམ་ནས་གནས་ཚུལ་འདི་དོན་དངོས་ཡིན་པརབདེན་དཔང་ཞིབ་གསལ་ཞིག་བྱས་ཡོདགོ་ལ་ཧྲིལ་བོའི་གནམ་གཤིས་དྲོདའགྱུར་གྱི་གནས་སྟངས་གསལ་བརྗོད་དང་དྲིལ་སྒྲོག་བྱས་ཏེ། འཛམ་གླིང་གི་མིབུ་ཡོད་དོ་ཅོག་གིས་ཧུར་ཐག་གིས་གནད་དོན་སེལ་བྱེད་ཀྱི་ཐབས་ལམ་ལེགསཔོ་ཞིག་སྤྱོད་དགོས་ལ། ངེས་པར་དུ་སྲིད་གཞུང་ཡིན་ན་ཡང་འདྲཁྲིམསའཛུགས་ལག་བསྟར་བྱེད་དགོས། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060