སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཚོ་སྔོན་ཞིང་ཆེན་མདོ་ལའི་དམངས་སྤྱོད་གནམ་ཐང་སྐྲུན་རྒྱུའི་ཆོག་མཆན་ཐོབ་པ།
སྤེལ་དུས། 2014-09-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ནོར་བུ།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་ལའི་དམངས་སྤྱོད་གནམ་ཐང་གསར་སྐྲུན་བྱེད་རྒྱུའི་མཆན་འགོད་ཆོག་མཆན་ཐོབ་ཡོད་པ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།   མདོ་ལའི་གནམ་ཐང་དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནས་ཤར་ངོས་ཀྱི་སྤྱི་ལེ༣༥ཡས་མས་སུ་གནས་ཡོད་པ་དང་།   འཛུགས་སྐྲུན་རྣམ་གྲངས་དེར་སྨི༣༤༠༠ཡོད་པའི་རྒྱུག་ལམ་གཅིག་དང་།  སྨི་ངོས་སྙོམས་གྲུ་བཞི་མ༣༠༠༠ཡོད་པའི་མཁའ་འགྲུལ་ས་ཚིགས་ཀྱི་ཐོག་བརྩེགས་ཁང་གཅིག་དེ་བཞིན་གནམ་གྲུ་འབབ་སྟེགས་བཞི་བཅས་ཚུད་ཡོད་པ་རེད།    ཁྱོན་མ་དངུལ་སྒོར་དུང་ཕྱུར༡༢.༠༣བཏང་བ་དང་།  མིག་སྔར།  དུས་མཚམས་གོང་མའི་ལས་དོན་འགོ་ཚུགས་ཟིན་པ་རེད།   

ངོ་སྤྲོད་བྱས་པར་གཞིགས་ན།   མདོ་ལའི་གནམ་ཐང་སྐྲུན་པ་དེས་མཚོ་སྔོན་ཞིང་ཆེན་གྱི་མཁའ་འགྲུལ་དྲ་བའི་བཀོད་སྒྲིག་དང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་འགྲོ་རྒྱུ་ཡིན་པ་དང་།   ས་གནས་དེ་གའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ནུས་ཐོན་རྒྱུ་ཡིན་པ་རེད

ཁ་བྱང་ཕྱི་མོ། མཚོ་སྔོན་ཞིང་ཆེན་མདོ་ལའི་དམངས་སྤྱོད་གནམ་ཐང་སྐྲུན་རྒྱུའི་ཆོག་མཆན་ཐོབ་པ།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060