སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཚོང་དོན་པུས་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་11མེད་པ་བཟོས།
སྤེལ་དུས། 2014-09-29   ཡོང་ཁུངས། བོད་ལྗོངས་ཉིན་ཚཊ།   རྩོམ་པ་པོ།  རྟ་མགྲིན་གྱིས་བསྒྲིགས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར་ཚོང་དོན་པུའི་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་ཝང་ཞུའེ་ཁུན་གྱིས་མིག་སྔའི་བར་ཚོང་དོན་པུས་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་11མེད་པ་བཟོས་པ་དེས་ཞིབ་མཆན་ཧྲིལ་པོའི་35.5%བཟུང་བ་དང་དེས་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་གསུམ་ཆ་གཅིག་མེད་པ་བཟོས་ནས་གཤམ་སྤྲོད་བྱ་རྒྱུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་བླང་བྱའི་དམིགས་ཚད་དུ་སླེབས་པ་མ་ཟད། སྲིད་འཛིན་ཞིབ་མཆན་མེད་པ་བཟོས་ནས་གཤམ་སྤྲོད་བྱ་རྒྱུའི་དུས་མཚམས་རང་བཞིན་གྱི་ལས་འགན་ཡང་ལེགས་འགྲུབ་བྱས་ཡོད་ཅེས་བཤད་པ་རེད།

ཝང་ཞུའེ་ཁུན་གྱིས་ཚོང་དོན་པུའི་གསར་འགྱུར་གཞུང་ལས་ཁང་གིལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་སྲིད་འཛིན་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའིཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་སོར་བཞག་པའི་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་ཁག་ནི་ཚོང་ཟོག་གལ་ཆེན་ནམ་ཡང་ན་ཚོར་སྣང་སྐྱེན་པའི་ལས་རིགས་དང་དམིགས་བསལ་ཁྱབ་ཁོངས་ཀྱི་དོ་དམ་དང་འབྲེལ་བ་ཡོད་པ་དག་ཡིན་པ་ནི་ཕྱིར་གཏོང་ནང་འདྲེན་ལ་དོ་དམ་བྱ་རྒྱུ་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱ་རྒྱུ་འགན་ལེན་བྱེད་པའི་ཆེད་དུ་ཡིན། ཁྲོམ་རའི་གཙོ་གཟུགས་ཀྱི་རང་ངོས་གཅུན་འདོམས་ལམ་སྲོལ་འཐུས་ཚང་མེད་པ་དང་སྒྲིག་སྲོལ་ཚད་ལྡན་མེད་པའི་གནས་ཚུལ་འོག་སྲིད་འཛིན་ཞིབ་མཆན་ལ་ལ་འཕྲལ་དུ་མེད་པ་བཟོ་རྒྱུ་དང་གཤམ་སྤྲོད་བྱེད་མི་ཐུབ་པས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ཁྲོམ་རའི་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རིམ་བཞིན་སྐུལ་འདེད་གཏོང་དགོས་ཀྱི་ཡོད་ཅེས་བཤད་པ་རེད།

ཁ་བྱང་ཕྱི་མོ། ཚོང་དོན་པུས་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་11མེད་པ་བཟོས།

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060