སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རི་བོ་རྩེ་ལྔའི་སྲོག་ཆཊ་ཚེ་བླུར་བཏང་རྗེས་ཁག་ཅིག་ཕྱིར་བཟུང་ནས་སླར་འཚོང་གི་ཡོད་ཟེར།
སྤེལ་དུས། 2014-10-04   ཡོང་ཁུངས། ཕིང་ཕེ་གསར་འགྱུར་དྲ་བ།   རྩོམ་པ་པོ།  ཟླ་བ།

གནས་སྐོར་བས་ཚེ་ཐར་ལ་གཏང་རྒྱུའི་འདབ་ཆགས་ཉོ་བཞིན་པའི་ཚུལ།

ཕུག་རོན་དང་ཁང་བྱེའུ། རི་བོང་། ཝ་སོགས་སྲོག་ཆགས་སྐོར་ཞིག་རི་བོ་རྩེ་ལྔའི་དགོན་པའི་ཕྱི་སྐོར་ལམ་ནས་ཐང་ཚོང་གི་གཟེབ་དྲ་ཆེ་ཆུང་དུ་མ་ལས་རྟག་པར་མཐོང་ཐུབ་ཅིང་།  སྲོག་ཆགས་ཆུང་ངུ་དེ་ཚོ་ཡུལ་སྐོར་བར་སྲོག་བླུར་འཚོང་གི་ཡོད། ཕུག་རོན་ཞིགཚེ་ཐརལ་བཏང་ན་སྒོར ༢༠ དང་། ཁང་བྱེའུ་ཞིག་ལ་སྒོར ༡༥-༣༠བར་མི་འདྲ་བར་འདུག

ཟླ ༩ པའི་ཚེས ༣ ཉིན། ཐང་ཚོང(ཁྲོམ་ཚོང་པ)ཞིག་གིས་ངེད་གསར་འགོད་པར་སྨྲས་དོན། ཝ་དང་རི་བོང་། ཕུག་རོན་སོགས་སྲོག་ཆགས་ཁག་ཅིག་ཡུལ་སྐོར་བས་ཉོས་ནས་ཚེ་ཐར་ལ་བཏང་རྗེས་ཀྱང་། ཁོ་ཚོས་སྔར་བཞིན་ཕྱིར་འཛིན་ཐུབ་ཀྱི་ཡོད་ཟེར།

ཝ་ཞིག་ཚེ་ཐར་ལ་གཏོང་བར་གོང་སྒོར་སྟོང་ཕྲག་ཡན་ལ་འཕར་གྱི་འདུག  དུང་དཀར་ཏོག་གི་རྟ་ལམ་ན་ཐང་ཚོང་བྱེད་མཁན་གྱི་བུད་མེད་ཅིག་གིས་ཝ་མོ་ཞིག་བཙོང་བཞིན་པའི་སྒང་རེད་ལ། མོས་ཡུལ་སྐོར་བ་དེར་སྒོར་མོ ༡༨༠༠ དགོས། ད་དུངའདྲ་པར་བླངས་མི་ཆོགཟེར། གཟེབ་དྲ་ཅུང་ཆུང་བས་ཝ་མོ་དེ་གཟེབ་དྲའི་ནང་ལུས་པོ་དྲང་མོར་བྱེད་ཐབས་ཀྱང་མེད་པར། དྲ་མཐའ་ནས་སྐོར་བ་རྒྱག་གིན་འདུག

ཐང་ཚོང་དེས་བཤད་ན། ཝ་དེ་ནི་ཉོས་ནས་ཡོང་བ་ཡིན་ཞིང་། རིན་གོང་ག་ཚོད་སྤྲད་མིན་གླེང་འདོད་ཀྱི་མི་འདུག

ཐང་ཚོང་གིས་ཡུལ་སྐོར་བར་ཝ་མོ་ཚེ་བླུར་འཚོང་བཞིན་པའི་ཚུལ། སྒོར ༡༨༠༠ དགོས་ཟེར།

དུང་དཀར་ཏོག་གི་ཕུག་རོན་འཚོང་མཁན་གྱི་ཐང་ཚོང་གཞན་ཞིག་གིས་ངེད་གསར་འགོད་པར་སྦ་གསང་མེད་པར་སྨྲས་དོན། ཕུག་རོན་དང་ཝ་མོ། རི་བོང་ལྟ་བུའི་སྲོག་ཆགས་འདི་ཚོ་ཚེ་ཐར་ལ་བཏང་རྗེས་ཀྱང་ཁོ་ཚོར་སྔར་བཞིན་ཕྱིར་འཛིན་ཐུབ་ཀྱི་ཡོད་ཅིང་། དེ་ནས་སླར་ཡང་ཡུལ་སྐོར་བར་ཚེ་བླུར་འཚོང་གི་ཡོད་ཟེར། ངའི་ཕུག་རོན་གླས་ནས་ཡོང་བ་ཡིན། གཅིག་ལ་སྒོར ༨ རེ་ཡིན། ཚེ་ཐར་ལ་བཏང་རྗེས་ཚང་མ་ཕྱིར་འཛིན་ཐུབ་པའི་ངེས་པ་མེདཟེར།

ཟླ ༩ པའི་ཚེས ༣ ཉིན། ནང་སོག་རང་སྐྱོང་ལྗོངས་ནས་ཡོང་བའི་བུ་མོ་ཝང་ལགས་རི་བོ་རྩེ་ལྔ་རུ་སྐོར་འཆམ་ཉིན་གསུམ་བྱས་ཤིང་།  སེམས་ཀྱིས་མ་བཟོད་པར་སྒོར ༡༥ སྤྲད་ནས་ཐང་ཚོང་ལག་གི་བྱ་ཞིག་ཉོས་ཤིང་།  ལག་ཟུང་གིས་ག་ལེར་བཏེགས་ནས་ཐང་ཚོང་ཉེ་འགྲམ་གྱི་ནགས་ཚལ་དེར་བཏང་བྱུང་།  མོས་བཤད་ན། མོས་བྱ་ཞིག་ཚེ་ཐར་ལ་གཏང་རྒྱུའི་བསམ་བློ་དེ་སྔོན་མ་ཐེངས་ཁ་ཤས་ལ་བྱུང་ནའང་འདོད་པ་བཞིན་འགྲུབ་མ་ཐུབ། ད་རེས་དུང་དཀར་ཏོག་དུ་འགོ་བའི་རྡོ་སྐས་ཐོག་ནས། མོས་བུད་མེད་རྒན་པ་ཞིག་གིས་གཟེབ་དྲར་བཅུག་ཡོད་པའི་བྱ་ཞིག་ཉོས་ཤིང་། གཅིག་ནས་མོས་བགྲེས་མོ་འདི་འདྲ་ཞིག་གིས་ཚོང་འདི་གཉེར་བ་ལས་སླ་པོ་མ་རེད་སྙམ་པ་དང་། ཡང་གཅིག་ནས་གཟེབ་ནང་གི་བྱ་དེསྡུག་པ་ལབསམས་པ་རེད།

ཧི་པེ་ནས་ཡིན་པའི་ཡུལ་སྐོར་བ་ཀྲའོ་ལགས་ཀྱིས་དོན་འདིར་འདི་སྙམ་དུ་སེམས་ཏེ། ཐང་ཚོང་གིས་ཏག་ཏག་ཡུལ་སྐོར་བའི་གདུང་སེམས་འདི་བཟུང་ནས། ཚེ་བླུར་ཁ་གཡར་ཏེ་སྒོར་མོ་བཙལ་གྱི་ཡོད་པ་རེད། སེམས་ཁྲལ་གཞན་ཞིག་ནི་སྲོག་ཆགས་འདི་དག་གི་ཡོང་ཁུངས་རེད། གལ་སྲིད་རི་སྐྱེས་སྲོག་ཆགས་བཟུང་ནས་ཡོང་བ་ཡིན་ན། བརྟག་དཔྱད་བྱས་ཏེ། འདི་རིགས་འབྱུང་བ་གཏན་འགོག་བྱ་དགོསཟེར།

ངེད་གསར་འགོད་པས་ཤེས་གསལ་ལྟར་ན།  ཐང་ཚོང་ཚོས་ཡུལ་སྐོར་བར་གཟེབ་དྲའི་ནང་གི་སྲོག་ཆགས་ངོ་སྤྲོད་བྱེད་དུས། ཚང་མ་རི་སྐྱེས་སྲོག་ཆགས་བཟུང་ནས་ཡོང་བ་ཡིན་ཟེར། ཡིན་ཡང་ལྷ་ཁང་ཞིག་གི་ཕྱིའི་ཐང་ཚོང་བ་ཞིག་གིས་སྨྲས་ན། ཁོ་ཚོས་འཚོང་གིན་པ་ཐམས་ཅད་གྲོང་ཁྱེར་ཐེ་ཡོན་གྱི་བྱ་བྱེའུ་མེ་ཏོག་འཚོང་ས་ཞིག་ནས་ཉོས་ཡོང་བ་ཡིན་ཞིང་།  བྱེའུ་རེར་སྒོར ༦ ནས ༡༠ བར་མི་འདྲ་ཟེར་རོ། 

ཁ་བྱང་ཕྱི་མོ། རི་བོ་རྩེ་ལྔའི་སྲོག་ཆཊ་ཚེ་བླུར་བཏང་རྗེས་ཁག་ཅིག་ཕྱིར་བཟུང་ནས་སླར་འཚོང་གི་ཡོད་ཟེར།

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060