སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དངུལ་ཁང་གིས་འབྲེལ་དྲའི་དངུལ་རྩའི་རྣམ་པ་བརྗེ་བསྒྱུར་ཐད་ལ་ཧུར་ཐག་གིས་ཁ་གཏད་འཇལ་དགོས།
སྤེལ་དུས། 2014-10-08   ཡོང་ཁུངས། ཀྲུང་གོའི་དཔལ་འབྱོར་དྲ་བ།   རྩོམ་པ་པོ།  དཔལ་མགོན་སྐྱབས།

ཀྲུང་གོ་དང་ཡོ་རོབ་གླིང་གི་རྒྱལ་སྤྱིའི་བཟོ་ཚོང་སློབ་གླིང་དང་ཤིན་ཧྭ་གསར་འགྱུར་ཁང་གི་ནོར་སྲིད་དཔལ་འབྱོར་གཟའ་རེའི་ཚགས་པར་གཉིས་ཀྱིས་མཉམ་འབྲེལ་དུ་སྒྲུབ་པའི༢༠༡༤ལོའི་ཀྲུང་གོའི་དངུལ་ཁང་ལས་རིགས་ཀྱི་ཆེད་མཁས་པའི་དབུ་ཚོགས་གླེང་སྟེགསཉེ་ཆར་པེ་ཅིན་ནས་འཚོགས། ཐེངས་འདིའི་གླིང་སྟེགས་ཀྱི་བརྗོད་བྱ་ལཀྲུང་གོའི་དངུལ་ཁང་ལས་རིགས་ད་ལྟའི་གནས་བབ་དང་བསྟུན་ནས་འགྱུར་ལྡོག་གཏོངཅེས་པ་དེ་ཡིན། ཚོང་ལས་དངུལ་ཁང་དང་ལས་རིགས་མཐུན་ཚོགས། ཞིབ་འཇུག་སྡེ་ཁག་བཅས་ཀྱི་ཆེད་མཁས་པ་ཐེངས་འདིའི་གླེང་སྟེགས་སུ་ཞུགས་ཏེ། མཉམ་གཅིག་ཏུ་གནས་བབ་དང་འཕེལ་ཕྱོགས་གསར་བའི་འོག་གི་ཀྲུང་གོའི་དངུལ་ཁང་ལས་རིགས་ཀྱི་འཐབ་ཇུས་དང་འགྲན་རྩོད་གསར་བར་ཁ་གཏད་འཇལ་བའི་སྐོར་ལ་གླེང་མོལ་བྱས་པ་རེད།

ཚོགས་ཞུགས་མཁན་ཚོས་བསྟན་དོན། འབྲེལ་དྲའི་དངུལ་རྩའི་འགྱུར་ལྡོག་ནི། འཕེལ་ཕྱོགས་གསར་བའི་འོག་ཏུ་རང་རྒྱལ་གྱི་དངུལ་ཁང་ལས་རིགས་ཀྱིས་ངེས་པར་དུ་ཁ་གཏད་འཇལ་དགོས་པ་ཡིན། དེ་ནི་གོ་སྐབས་བཟང་པོ་ཡིན་ལ་འགྲན་རྩོད་ཞིག་ཀྱང་ཡིན། དངུལ་ཁང་ཆེན་པོ་མང་པོ་ཞིག་ལ་མཚོན་ན། སྔོན་ཆད་ཚོང་མགྲོན་ཆེན་པོར་ཁག་འགེལ་བའི་རྣམ་པའི་ཁྲོད་ནས་ཕྱིར་བུད་དེ། དོ་སྣང་བྱ་ཡུལ་གཙོ་བོ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་ཤིང་སྟེ་ཁེ་ལས་ཆུང་འབྲིང་སོགས་ལ་ཁ་གཏད་དགོས། སྤྱི་ཕན་དངུལ་རྩ་འཕེལ་རྒྱས་བཏང་སྟེ། སྔར་ལས་ལྷག་པར་དངུལ་ཁང་གི་རྣམ་པ་བརྗེ་བསྒྱུར་གྱི་འཕེལ་རྒྱས་ཐད་ལ་ཁ་གཏད་འཇལ་དགོས་ཞེས་བསྟན་པ་རེད།

       ཁ་བྱང་ཕྱི་མོ། དངུལ་ཁང་གིས་འབྲེལ་དྲའི་དངུལ་རྩའི་རྣམ་པ་བརྗེ་བསྒྱུར་ཐད་ལ་ཧུར་ཐག་གིས་ཁ་གཏད་འཇལ་དགོས།

(རྩོམ་འགན་པ། ལྷ་དབང)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060