སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ས་མཐོའི་ཁྱད་ལྡན་ཐོན་རྫས་གློག་རྡུལ་ཚོང་ལས་ཀྱི་དུས་སྐབས་སུ་སླེབས་པ།
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར།   རྩོམ་པ་པོ།  བསྟན་འཛིན།

ཐོག་མའི་འགོ་བརྗོད། ས་མཐོའི་ཁྱད་ལྡན་ཐོན་རྫས་གློག་རྡུལ་ཚོང་ལས་ཀྱི་དུས་སྐབས་སུ་སླེབས་པ། བོད་ལྗོངས་ཀྱི་གང་མགྱོགས་རྒྱལ་ཁབ་རིམ་པའི་ས་མཐོའི་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་བཏོད་རྒྱུ་ཡིན་པ།

དྲ་གྲོགས་ཞིག་གིས་གྲགས་ཅན་གྱི་གློག་རྡུལ་ཚོང་ཁང་ཅིན་ཏུང་ཐོག་ནས་བོད་ཀྱི་སྐམ་ཤ་ཉོ་སྒྲུབ་བྱས་རྗེས་བྲོ་བ་ཡག་པོ་འདུག་ལ་དུས་ཐུང་ནང་ལག་ཏུ་འབྱོར་བས་གྲོགས་པོར་སྦྲགས་ཐོག་ནས་བསྐུར་རྒྱུའི་རྙོག་དྲ་བཟོ་དགོས་མིན་འདུགཅེས་གདེང་འཇོག་བྱས།

ཉེ་སྔོན། ས་མཐོའི་ཁྱད་ལྡན་ཐོན་རྫསལྷ་སའི་ས་གཙང་འཕྲོད་སྦྱོར་བདེ་ཐང་ཐོན་རྫས་ཅིན་ཏུང་ཁྲོམ་རའི་ཐོག་ཐོན་པ་དང་ས་མཐོའི་ཁྱད་ལྡན་ཐོན་རྫས་གློག་རྡུལ་ཚོང་ལས་ཀྱི་དུས་རབས་སུ་སླེབས་འགོ་ཚུགས་པས་འཛད་སྤྱོད་པས་དེ་བས་སྟབས་བདེ་བའི་ཐོག་ནས་རང་བྱུང་དང་སྔོ་ལྗང་གི་ས་མཐོའི་ཁྱད་ལྡན་ཐོན་རྫས་ལོངས་སྤྱོད་བྱས་ཆོག

གསར་འགོད་པསཅིན་ཏུང་གི་བོད་ལྗོངས་ཚོང་ཁང་ནང་ནས་དང་སྐམ་ཤ། བོད་སྤོས། ཁ་ཆེ་ཤ་སྐམ། བོད་སྨན་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་རིགས་བརྒྱ་ལྷག་ཙམ་མཐོང་རྒྱུ་ཡོད་པ་དང་དྲ་གྲོགས་མང་པོའི་གདེང་འཇོག་ལེགས་པོ་ཐོབ་ཡོད་པ་མཐོང་།

ཉེ་བའི་ལོ་འདི་འགའི་རིང་བོད་ལྗོངས་ཀྱིསགཙོ་གནད་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་གསལ་དོད་པ། བཀྲག་མདངས་མཚེར་ས་བཏོད་པབཅས་ཀྱི་རེ་བ་གཞིར་བཟུང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་བཏང་བ་དང་རྒྱལ་ཁབ་རིམ་པའི་ས་མཐོའི་ཞིང་ལས་ཐོན་རྫས་རྟེན་གཞི་གང་མགྱོགས་བཏོད་པས་ཁྱད་ཆོས་མངོན་གསལ་དོད་པའི་ནས་དང་གཡག བོད་ཕག་སོགས་གནས་འབབ་ལེགས་པའི་ཞིང་ལས་ཐོན་རྫས་རྟེན་གཞི་དང་གནས་འབབ་ལེགས་པའི་ཐོན་ལས་ཁུལ་ཞིག་གྲུབ་སྟེ་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ཁེ་ལས་དང་ཟོང་རྟགས་ཐོན་རྫས་མང་པོ་ཐོན་པ་དང་དེ་བས་མང་བའི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་གཅིག་རྗེས་གཉིས་མཐུད་དུ་དེང་རབས་ཀྱི་ཟོག་འདྲེན་རླངས་འཁོར་བརྒྱུད་རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་དང་འཛམ་གླིང་དུ་བསྐྱོད་བཞིན་ཡོད་པ་རེད།

 འདི་ལོའི་ཟླ་བ་གསུམ་པར་ང་ཚོ་བོད་ལྗོངས་ཀྱི་ཁེ་ལས༤༥ལས་གྲུབ་པའི་སྐབས་དགུ་ཅུ་པའི་རྒྱལ་ཡོངས་ཀྱི་མངར་ཆ་དང་ཨ་རག་ཚོང་ཟོག་གི་བརྗེ་རེས་ཚོགས་འདུ་ཁྲེན་ཏུར་སྤེལ་བ་དང་བརྒྱུད་འཚོང་ཁང་བརྒྱ་ཕྲག་དང་འདོད་མོས་གན་འཇོག་བྱུང་ཞིང་གན་རྒྱའི་ཚོང་ཟོག་མངགས་ཐོའི་མ་དངུལ་སྒོར་དུང་ཕྱུར་ལས་བརྒལ་བ་རེད་ཅེས་བོད་རང་སྐྱོང་ལྗོངས་ཁྱད་ལྡན་ཐོན་རྫས་ལས་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་ཝང་ཡུང་གིས་བརྗོད་པ་དང་བོད་ཀྱི་ཟོང་རྟགས་འཛམ་གླིང་དུ་སྐུལ་འདེད་གཏོང་ཆེད་བོད་རང་སྐྱོང་ལྗོངས་ཀྱིས་༢༠༡༣ལོར་ཆེད་མངགས་བོད་ལྗོངས་ཡུལ་ཐོན་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་མ་རྐང་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད་འདི་ལོ་ཁྲེན་ཏུར་བོད་ལྗོངས་ཀྱི་ཡུལ་ཐོིན་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་གི་དངོས་གཟུགས་ཚོང་ཁང་འགོ་བརྩམས་པས་མ་འོངས་པར་བོད་སྐྱོར་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཚང་མར་དངོས་གཟུགས་ཚོང་ཁང་ཁྱབ་སྤེལ་གཏོང་རྒྱུ་མ་ཟད་གཅིག་སྡུད་དྲ་ཐོག་ཚོང་གཉེར་གྱི་སྟེགས་བུ་བསྐྲུན་རྒྱུ་ཡིན་པ་རེད།

 འདི་ལོ་ལྷ་གཞིས་ལྕགས་ལམ་བཤར་གཏོང་ཐུབ་པ་དང་ལྕགས་ལམ་དབོར་འདྲེན་དེ་བས་སྟབས་བདེ་རུ་ཕྱིན་ཡོད་པ་དང་དྲ་ཐོག་ཉོ་སྒྲུབ་ཀྱིས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་དང་འཛད་སྤྱོད་པ་རྣམས་ཀྱི་བར་ཐག་དེ་བས་ཉེ་དུ་སོང་བ་དང་སྲིད་གཞུང་གིས་ད་དུང་རོགས་རམ་བྱས་ཏེ་ཐོན་རྫས་ངོ་སྤྲོད་སྦྲེལ་ཟམ་བཙུགས་པས་ང་ཚོས་ངེས་པར་དུ་གོ་སྐབས་འདི་དག་དམ་འཛིན་བྱ་དགོསཅེས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཁྲེང་ཐང་བཟའ་བཅའ་ཕྱོགས་བསྡུས་ཚད་ཡོད་ཀུང་སིའི་འགན་འཁུར་བ་སྐལ་བཟང་གིས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་ས་མཐོའི་གཅེས་ནོར་འབྲིའི་འོ་མ་དེ་ཤང་ཀང་དང་ཨའོ་མོན་གྱི་ཁྲོམ་རར་ཚོང་གཉེར་བྱེད་བཞིན་ཡོད་པ་དང་བོད་ལྗོངས་ཀྱི་ནས་ཀྱི་སྦི་རག་དེ་རྒྱལ་ནང་གི་ཁྲོམ་རར་བྲིན་ཁ་རྒྱུགས་པོ་ཡོད་པ་མ་ཟད་ལེགས་གྲུབ་ལྡན་པའི་སྒོ་ནས་ཨ་མེ་རི་ཁ་དང་ཉི་ཧོང་། ཁ་ན་ཏ་སོགས་ཕྱི་རྒྱལ་གྱི་ཁྲོམ་རར་ཚོང་གཉེར་བྱེད་བཞིན་ཡོད་པས་བོད་ཀྱི་ཟོང་རྟགས་ཡིན་པའི་ས་མཐོའི་ཡུལ་ཐོན་ཐོན་རྫས་རིམ་གྱིས་ཁྲོམ་རའི་ནང་དར་ཁྱབ་འགྲོ་བཞིན་ཡོད་པ་རེད།

   ཁ་བྱང་ཕྱི་མོ། ས་མཐོའི་ཁྱད་ལྡན་ཐོན་རྫས་གློག་རྡུལ་ཚོང་ལས་ཀྱི་དུས་སྐབས་སུ་སླེབས་པ། 

(རྩོམ་འགན་པ། ལྷ་དབང)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060