སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༢༠༡༤ལོའི་ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའ་ཧྥ་རན་སིའི་དཔལ་འབྱོར་རིག་པ་བ་རེམ་ཐི་རོར་ལ་ཐོབ།
སྤེལ་དུས། 2014-10-13   ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་འབུམ་རྒྱལ།

༢༠༡༤ལོའི་ཟླ༡༠པའི་ཚེས༡༣ཉིན་གྱི་དགོང་མོའི་ཆུ་ཚོད༧པའི་སྟེང་དུ་ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་འཛམ་གླིང་སྤྱི་ལ་བསྒྲགས་པ་དང་། ཧྥ་རན་སིའི་དཔལ་འབྱོར་རིག་པ་བ་རེམ་མཱ་ཟེར་ཐི་རོར(Jean Tirole)གྱིས་ཚོང་རའི་སྟོབས་ཤུགས་དང་དོ་དམ་ཀྱི་དབྱེ་ཞིབ་གྲུབ་འབྲས་ལ་བརྟེན་ནས་ད་ལོའི་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རེམ་མཱ་ཟེར་ཐི་རོར་ནི༡༩༥༣ལོའི་ཟླ༨པའི་ཚེས༩ཉིན་སྐྱེས་ཤིང་། ཧྥ་རན་སིའི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བ་ཞིག་ཡིན། ཁོང་གིས་ཐོན་ལས་རྩ་འཛུགས་དང་། ཐབས་ཇུས་སྨྲ་བ། དངུལ་ཁང་དང་དངུལ་རྩ། དཔལ་འབྱོར་དང་སེམས་ཁམས་རིག་པ་སོགས་ལ་ཞིབ་འཇུག་བྱེད། ཁོང་ནི་རམ་ཡཱ་ཁོ་ལཱ་ཧྥུན་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཡིན། ༡༩༨༡ལོར་མཱ་ཁུལ་རྩིས་ཚན་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་བསླབ་གནས་བླངས། ༡༩༨༤ལོ་ནས་༡༩༩༡ལོའི་བར་དུ་མཱ་ཁུལ་རྩིས་ཚན་སློབ་ཆེན་ནས་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བའི་ཕྱག་ལས་གནང་།

ཁོང་ནི་འཛམ་གླིང་དཔལ་འབྱོར་རིག་པ་གྲགས་ཆེན་ལས་ཨང་གཉིས་པར་བགྲངས་ཡོད།(༡༩༩༠-༢༠༠༠) ད་ལྟ་ཧྥ་རན་སིའི་ཐྲི་ལི་ཚི་སློབ་ཆེན་གྱི་དཔལ་འབྱོར་ཞིབ་འཇུག་ཚན་ཁག་གི་འགོ་གཙོའི་འགན་བཞེས་ཡོད་པ་དང་། ད་དུང་ཕ་རི་སི་སློབ་ཆེན་དང་། མཱ་ཁུལ་རྩིས་ཚན་སློབ་ཆེན་གྱི་ཞོར་ལས་དགེ་རྒན་ཆེན་མོ་བའི་འགན་བཞེས་ཡོད། དེ་སྔོན་སྔ་གཞུག་ཏུ་ཧྭ་ཝར་རྡི་སློབ་གྲྭ་ཆེན་མོ་དང་། སི་ཐཱན་ཧྥི་སློབ་གྲྭ་ཆེན་མོ་སོགས་ཀྱི་གདན་ཞུས་དགེ་རྒན་ཆེན་མོ་བའི་ཕྱག་ལས་གནང་། ༡༩༨༤ལོ་ནས་ད་ལྟའི་བར་དུ་ཚད་ལེན་དཔལ་འབྱོར་རིག་པའི(Econometrica)དུས་དེབ་ཀྱི་གཙོ་སྒྲིག་པ་ཡིན།  དེ་མིན་ད་རུང་ཕི་ན་སི་དཔལ་འབྱོར་དོ་དམ་ཞིབ་འཇུག་གླིང་གི་རིག་གཞུང་ཨུ་ཡོན་ཡིན།

རེམ་ཐི་རོར་གྱིས་དཔལ་འབྱོར་རིག་པ་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་དཔྱད་རྩོམ༡༨༠ལྷག་དང་གསུང་རྩོམ༨བརྩམས་ཡོད། དེར《ཐོན་ལས་རྩ་འཛུགས་གཞུང་ལུགས》དང་《ཐབས་ཇུས་སྨྲ་བ།》《སྲིད་གཞུང་གི་ཉོ་སྒྲུབ་དང་སྒྲིག་སྲོལ་ཁྲོད་ཀྱི་སྐུལ་སློང་གཞུང་ལུགས།》《དངུལ་ཁང་གི་གཟབ་ནན་དོ་དམ།》  《གློག་འཕྲིན་འགྲན་རྩོད།》《 དངུལ་རྩའི་ཉམས་ཉེན། ངེས་མེད་རང་བཞིན་དང་རྒྱལ་སྤྱིའི་དངུལ་ལོའི་སྒྲིག་གཞི།》《ཀུང་སིའི་དངུལ་རྩའི་གཞུང་ལུགས།》སོགས་ཡོད།

ཁ་བྱང་ཕྱི་མོ། ༢༠༡༤ལོའི་ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའ་ཧྥ་རན་སིའི་དཔལ་འབྱོར་རིག་པ་བ་རེམ་ཐི་རོར་ལ་ཐོབ།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060