སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱུད་རྒྱུ་སྤོར་སྒྱུར་མིན་པའི་བརྡ་ཁྱབ་ནི་ཚོང་ལས་ཀྱི་ཁྱབ་ཁོངས་ཡིན་པ་ལས་བཟའ་ཆས་དང་འབྲེལ་བ་མེད།
སྤེལ་དུས། 2014-10-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  གཡས་རྒྱན།

རྒྱུད་རྒྱུ་སྤོར་སྒྱུར་དང་འབྲེལ་ཡོད་ཀྱི་རྩོད་གླེང་ནི་ཀྲུང་གོའི་དྲ་ལམ་ཁག་ན་ཕར་སྐུར་ཚུར་སྐུར་གྱི་ཚུལ་དུ་གནས་ཤིང་། ཉེ་ཆར་ཚོང་ལས་པ་ཁག་གཅིག་གིས "རྒྱུད་རྒྱུ་སྤོར་སྒྱུར་མ་ཡིན་པ" ཚོང་ལས་ཀྱི་དམིགས་འབེན་དུ་བཅངས་ནས་དྲིལ་སྒྲོག་བྱེད་བཞིན་ཡོད།            ཚེས ༡༣ ཉིན་ཀྲུང་གོ་ཞིང་ལས་པུའུ་ཡི་སྤྱི་ཁྱབ་དཔལ་འབྱོར་མཁས་པ། གསར་འགྱུར་སྙན་སྒྲོན་པ་པི་མའི་ཅ་ཡིས།  "རྒྱུད་རྒྱུ་སྤོར་སྒྱུར" དང "རྒྱུད་རྒྱུ་སྤོར་སྒྱུར་མ་ཡིན་པ" དེ་གཉིས་དབར་གྱི་ཚོང་དོན་འགྲན་རྩོད་ཀྱི་རྒྱབ་ལྗོངས་ནི། ཁེ་ལས་དབར་གྱི་ཁེ་ཕན་གྱི་འཐབ་རྩོད་ཡིན་པ་ལས། ངོ་བོའི་ཆ་ནས་རྒྱུད་རྒྱུ་སྤོར་སྒྱུར་བཟའ་ཆས་ཀྱི་བདེ་ཐང་རང་བཞིན་དང་འབྲེལ་བ་མེད་པའི་ལྟ་ཚུལ་བཏོན།

ཉེ་བའི་ལོའི་ནང་།  རྒྱུད་རྒྱུ་སྤོར་སྒྱུར་བཟའ་ཆས་བདེ་ཐང་རང་བཞིན་གྱི་གནད་དོན་ཐད་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ནས་དོ་སྣང་བྱེད་བཞིན་ཡོད་ཅིང་། ཚེས ༡༣ ཉིན་ཀྲུང་གོའི་གསར་འགྱུར་དྲ་བའི་གསར་འགོད་པས་བཅར་འདྲི་བྱེད་སྐབས། པི་མའི་ཅ་ནས། སྐྱེ་དངོས་ཀྱི་ལག་རྩལ་གསར་པ་འདི་ཀྲུང་གོར་འཕེལ་རྒྱས་བྱུང་ཚུལ་ནི་ཀྱག་ཀྱོག་ཅན་ཞིག་རེད་ཟེར་ཆོག་ལ། འདི་འདྲའི་བཤད་ཡམས་ཅན་གྱི་ཁོར་ཡུག་འདིར།  ཁེ་ལས་ལ་འགའ་རེས་འཛད་སྤྱོད་པ་ཁ་ཤས་ཀྱིས་རྒྱུད་རྒྱུ་སྤོར་སྒྱུར་གྱི་ལག་རྩལ་ལ་ཆ་རྒྱུས་ཟབ་པོ་མེད་པ་དང་དེར་དོགས་སེམས་འཆང་བཞིན་པའི་གོ་སྐབས་དེ་སྤྱད་ནས། རང་གི་ཁེ་ཕན་གཙིགས་སུ་བཟུང་བ་ལས་ཁྲོམ་རའི་སྒྲིག་ལམ་ལ་སྣང་འཇོག་མི་བྱེད་པར། "རྒྱུད་རྒྱུ་སྤོར་སྒྱུར་མ་ཡིན་པ"ཚོང་ལས་ཀྱི་དམིགས་སར་བཟུང་ནས་དྲིལ་སྒྲོག་བྱེད་པ་རེད། བྱ་བ་འདི་རིགས་ནི་བརྡ་ཁྱབ་ཁྲིམས་སྲོལ་སོགས་འབྲེལ་ཡོད་ཁྲིམས་སྲོལ་ལས་འགལ་བ་རེད། དེའི་མཇུག་འབྲས་ཀྱིས་ལས་རིགས་དབར་གྱི་འགྲན་རྩོད་ཀྱི་རྣམ་པ་མགོ་རྔ་མེད་པར་འགྱུར་བས་མི་ཚད། མང་ཚོགས་ནས་རྒྱུད་རྒྱུ་སྤོར་སྒྱུར་གྱི་ལག་རྩལ་ལ་འཇིགས་སྣང་ཇེ་ཆེར་འབྱུང་བར་བྱེད་ཅེས་བཤད།

དུས་སྐབས་ཤིག་ལ། སྨྱན་སྦྱོར་ནང་ཞིང་ལས་ཐོན་རྫས་ཁག་ཅིག་གིས་བརྡ་ཁྱབ་ནང་དུ་རང་གི་ཐོན་རྫས་དག་རྒྱུད་རྒྱུ་སྤོར་སྒྱུར་མ་ཡིན་པའི་ཐོན་རྫས་ཡིན་ཚུལ་བསྒྲགས་ཀྱང་། ཁོ་ཚོས་རྒྱུད་རྒྱུ་སྤོར་སྒྱུར་མ་ཡིན་པའི་ནུས་པ་དེར་ཚན་རིག་དང་ཚོད་ལྟའི་གཞི་གྲངས་གང་ནས་ཀྱང་ཁུངས་འདྲེན་ས་མེད། དེ་ནི་དོན་དུ་ཚོང་ལས་ཀྱི་ཕྱི་ཐུམ་ཀྱིས་བཏུམས་པ་ཞིག་ཡིན། པི་མའི་ཅ་ཡིས།  ཀྲུང་གོར་རྒྱུད་རྒྱུ་སྤོར་སྒྱུར་ཚོང་ལས་ཅན་གྱི་སྐྱེ་དངོས་འདེབས་འཛུགས་མེད་པའི་ལས་སྣོན་ཐོན་རྫས་ཀྱི་ཐོག་ཏུ་རྒྱུད་རྒྱུ་སྤོར་སྒྱུར་མ་ཡིན་པའི་ཚོང་རྟགས་བཀོད་པ་དག་གིས། འཛད་སྤྱོད་པ་གོལ་སར་ཁྲིད་པ་མ་ཟད། ལས་རིགས་ཁག་གི་ཚུལ་མིན་འགྲན་རྩོད་འཕེལ་དུ་འཇུག་པ་རེད་ཅེས་དང་། པི་མའི་ཅ་ནས། ཚོང་པའི་མིག་ཟུང་ལྡིར་གྱིན་པའི་རྒྱུད་རྒྱུ་སྤོར་སྒྱུར་མ་ཡིན་པའི་ཚོང་ལས་ཀྱི་གླགས་དེ། ད་ཆ་ཁྲོམ་རའི "བདེ་ཐང་གི་སྒྲིག་གཞི" གཏོར་བརླག་ཏུ་གཏོང་བའི་ཉེན་ཁ་ཞིག་ལ་གྱུར་ཡོད་ལ། དེ་བས་ཀྱང་བརྡ་ཁྱབ་ཁྲིམས་སྲོལ་ལས་འགལ་བའི་བྱ་སྤྱོད་རེད་ཅེས་བཤད།  པི་མའི་ཅ་ཡིས། ཚོང་ལས་ཀྱི་འཐབ་རྩོད་ནི་འདི་འདྲ་བས། ལས་རིགས་དབར་གྱིས་འདྲ་མཉམ་ཐོག་འགྲན་རྩོད་བྱེད་པའི་ཁྲོམ་རའི་ཁོར་ཡུག་མེད་བརླག་ཏུ་བཏང་བས་མ་ཚད། རྒྱུད་རྒྱུ་སྤོར་སྒྱུར་དང་འབྲེལ་བའི་བཤད་ཡམས་འགོས་ཁྱབ་ཏུ་འགྲོ་བར་འགུལ་ཤུགས་སླེབས་པ་དང་རྒྱུད་རྒྱུ་སྤོར་སྒྱུར་ལག་རྩལ་གྱི་ཉེར་སྤྱོད་དང་ཞིབ་འཇུག་ལ་བཀག་རྒྱ་འདྲ་མིན་བཟོ་བཞིན་པའི་ངོས་འཛིན་བྱེད།

ཁྲོམ་རའི་མག་མོག་མེད་པར་བཟོ་བ་དང་ཁྲོམ་རའི་ཁོར་ཡུག་སྒྲིག་ལམ་ཅན་དུ་གཏོང་ཆེད། ཉེ་ཆར་ཀྲུང་གོ་བཟོ་ཚོང་ཚན་པས་རྒྱུད་རྒྱུ་སྤོར་སྒྱུར་མ་ཡིན་པའི་བརྡ་ཁྱབ་ཀྱི་ལྟ་བཤེར་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། བརྡ་ཁྱབ་ཀྱི་ནང་དུ་རྒྱུད་རྒྱུ་སྤོར་སྒྱུར་མ་ཡིན་པའི་ཐོན་རྫས་ནི་བདེ་ཐང་དང་བདེ་འཇགས་ཡིན་ཚུལ་བརྗོད་མི་ཆོག་པ་བཟོས་ཡོད། པི་མའི་ཅ་ཡིས། གོང་གི་སྒྲིག་ལམ་འདིས་ཁྲོམ་རའི་བྱ་བ་སྒྲིག་ལམ་ཅན་དུ་གཏོང་བ་དང་། འཛད་སྤྱོད་ལ་སྣེ་ཁྲིད་ལེགས་པོ་བྱེད་པ། འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་སྐྲུན་པ་སོགས་ཕྱོགས་ཡོངས་ལ་དཔེ་སྟོན་རང་བཞིན་གྱི་ནུས་པ་ཐོན་ཐུབ་ཅེས་བཤད།

པི་མའི་ཅ་ཡིས་གསར་འགོད་པར། ད་ཕན་འཛམ་གླིང་ཚན་རིག་ཀྱི་སྡེར། ཞིབ་འཇུག་གང་ཞིག་གིས་རྒྱུད་རྒྱུ་སྤོར་སྒྱུར་བཟའ་ཆས་ཀྱིས་མིའི་ལུས་ཕུང་ལ་གནོད་པ་ཡོད་ཅེས་བརྗོད་མེད། དོན་དངོས་ཐོག  རྒྱུད་རྒྱུ་སྤོར་སྒྱུར་གྱི་བདེ་འཇགས་དཔྱད་པ་བརྒྱུད། བདེ་འཇགས་དཔང་ཡིག་ཐོབ་པ་ཤིག་ཡིན་ཚེ།  ཁྲོམ་རར་སྟོན་པའི་རྒྱུད་རྒྱུ་སྤོར་སྒྱུར་བཟའ་ཆས་དེ་བདེ་ཐང་ཡིན་ཞེས་བཤད།

པི་མའི་ཅ་ནས། ད་ཆ་ཀྲུང་གོས་ཧུར་བརྩོན་དང་ཟབ་ནན་ངང་ཆེད་དུ་རྒྱུད་རྒྱུ་སྤོར་སྒྱུར་གྱི་སྐྱེ་དངོས་གསར་རིགས་ཀྱི་གསོ་སྤེལ་རྣམ་གྲངས་གཙོ་ཆེན་གྱི་ལག་བསྟར་བྱ་བར་སྐུལ་བཞིན་ཡོད་པས། དེ་རྗེས་ནས། ཞིང་ལས་པུའུ་སོགས་འབྲེལ་ཡོད་ཚན་པས་རྒྱུད་རྒྱུ་སྤོར་སྒྱུར་གྱི་ཞིང་ལས་ཐོན་རྫས་ཞིབ་འཇུག་དང་འདོན་སྤེལ། ཐོན་སྐྱེད་ཀྱི་ལྟ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཁེ་ལས་ཀྱིས་ཞིང་ལས་ཀྱི་རྒྱུད་རྒྱུ་སྤོར་སྒྱུར་གྱི་སྐྱེ་དངོས་དང་རྒྱུད་རྒྱུ་སྤོར་སྒྱུར་བཟའ་ཆས་ཐོན་སྐྱེད་བྱེད་སྐབས། འཛད་སྤྱོད་པས་རང་མོས་ལྟར་རང་འདེམས་བྱེད་བདེ་བའི་ཆེད་དུ། ངེས་པར་དུ་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཚོང་རྟགས་སྒྲུབ་དགོས།

ཁ་བྱང་ཕྱི་མོ། རྒྱུད་རྒྱུ་སྤོར་སྒྱུར་མིན་པའི་བརྡ་ཁྱབ་ནི་ཚོང་ལས་ཀྱི་ཁྱབ་ཁོངས་ཡིན་པ་ལས་བཟའ་ཆས་དང་འབྲེལ་བ་མེད།

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060