སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་གི་སྐབས་གཉིས་པའི་སྙན་ངག་གྱེར་འདོན།
སྤེལ་དུས། 2013-11-25   ཡོང་ཁུངས། ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།   རྩོམ་པ་པོ།  འབྲུག་མོས་བསྒྲིགས།

    བགྲང་གཞི་དུས་ཀྱི་འཁོར་འགྲོས་ལས་དངུལ་མདོག་གི་འཛིན་མས་དར་དཀར་ཀྱི་གོས་ལྭ་བཀླུབས་པའི་དུས་འདིར།   ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་དཔྱོད་ཁང་དང་བོད་ཡིག་དགེ་རྒན་རྣམ་པས་རྒྱ་ཆེའི་སློབ་གྲོགས་ཡོངས་ལ་སློབ་སྦྱོང་གི་ཁ་དབུགས་དྭངས་མ་ཞིག་བསྐྲུན་རྒྱུ་དང་།    བོད་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་སླད། ༢༠༡༣ལོའི་ཟླ༡༡ཚེས༢༢ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་སྟེང་།མི་རིགས་མཐུན་སྒྲིལ་དང་།    སྤྱི་ཚོགས་འཆམ་མཐུན།     དཔལ་དོན་གྲུབ་རྒྱལ་གྱི་རྗེས་དྲན་བཅས་བརྗོད་གཞི་བྱས་ཏེ་དམའ་འབྲིང་ཚན་སྐོར་གྱི་སློབ་གྲོགས་ཡོངས་ལ་སྙན་ངག་གྱེར་འདོན་གྱི་བྱ་འགུལ་བདེ་ལེགས་ངང་ལམ་ལྷུང་བྱུང་ཟིན་ལ།   དགེ་སློབ་ཡོངས་ཀྱི་འབད་འབུངས་མཐའ་འཁྱོལ་དང་སྦྲགས་ཏེ་ལོ་རིམ་དགུ་བའི་འཛིན་གྲྭ་དང་པོ་དང་གཉིས་པ་ལྔ་པ་བཅས་ལ་རིམ་པར་ཨང་དང་པོ་དང་གཉིས་པའི་བྱ་དགའ་ཐོབ།     སྣེ་ཁྲིད་དགེ་རྒན་སྙིང་རྒྱལ་འབུམ་དང་དཀོན་མཆོག་དོན་གྲུབ། བཀྲ་ཤིས་འཚོ་བཅས་ལ་མཛུབ་སྟོན་གྱི་བྱ་དགའ་ཐོབ། ལོ་རིམ་བརྒྱད་པའི་འཛིན་གྲྭ་གསུམ་པ་དང་། ལོ་རིམ་དགུ་པའི་འཛིན་གྲྭ་གསུམ་པ།     ལོ་རིམ་བདུན་པའི་འཛིན་གྲྭ་ལྔ་པ་བཅས་ལ་ཨང་གསུམ་པའི་བྱ་དགའ་ཐོབ། ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་ནས་སློབ་གྲོགས་ཡོངས་ཀྱི་སྤོབས་པ་དང་སྙིང་་་སྟོབས། སློབ་སྦྱོང་གི་འདུ་ཤེས་སོགས་ལ་སྔར་ན་མེད་པའི་ངེས་ཤེས་ཟབ་མོ་ཐོབ་པའོ།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060