སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨ་རིས་གཉོར་བའི་བྱིས་པ་ནི་ཕྱི་གླིང་དུ་ཀྲུང་གོའི་རིག་གནས་སྤེལ་བའི་སྟོབས་ཤུགས་གཙོ་བོ་ཞིག་རེད།
སྤེལ་དུས། 2015-11-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  སྒྲོལ་མ།
  ཉེ་ལམ། མི་རྣམས་ཀྱིས་རིམ་གྱིས་ཨ་རིས་གཉོར་སྐྱོང་བྱས་པའི་ཀྲུང་གོའི་བྱིས་པ་དག་གི་ཐོབ་ཐང་ངོས་འཛིན་གྱི་སྐོར་ལ་དོ་སྣང་བྱེད་ཀྱིན་ཡོད། བྱིས་པ་འདི་དག་ནར་སོན་པ་དང་མཉམ་དུ། རང་གི་ཐོབ་ཐང་ངོས་འཛིན་གྱི་སྐོར་ལ་དོགས་པ་མང་པོ་སྐྱེ་བཞིན་ཡོད། "རང་ཉིད་ཨ་རིར་དང་ཀྲུང་གོ་གཉིས་ལས་གང་ལ་དགའ་ཞེན་ཆེའམ།"ཞེས་པའི་དྲི་བ་འདི་ཁོ་ཚོ་ལ་མཚོན་ན། ཧྭ་མོ་ལེ་ཀྲི་ལ་"འདུག་གམ་ཡང་ན་རྩ་མེད་དུ་གཏོང་བ་ཡིན།"ཞེས་པའི་དྲི་བ་དྲིས་པ་དང་འདྲ་བར་དྲིས་ལན་འདེབས་དཀའ་བའི་འདྲི་གཞི་ཞིག་རེད། 
  ཡིན་ནའང་ལངས་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ཁོ་ཚོའི་དམིགས་བསལ་གྱི་ཐོབ་ཐང་འདིས་ཁོ་ཚོ་ལ་གཞན་ལས་ཁྱད་དུ་འཕགས་པའི་ཆ་རྐྱེན་ཞིག་བསྐྲུན་ཡོད། ཨ་རིར་རམ་ཕྱི་གླིང་དུ་ཀྲུང་གོའི་རིག་གནས་ཁྱབ་བསྒྲགས་བྱེད་པའི་སྐབས་སུ་ཁོ་ཚོ་ཁྱད་དུ་འཕགས་པའི་ཁྱད་ཆོས་ཤིག་ཡོད། ཁོ་ཚོ་ལ་མཚོན་ན་ཐོབ་ཐང་ངེས་ཅན་ཞིག་ངེས་འཛིན་རྒྱུ་ལས། རང་ཉིད་ལ་ཡོད་པའི་ཁྱད་ཆོས་འདི་བེད་སྤྱད་ནས་ཀྲུང་གོ་དང་ཨ་རིའི་བར་རིག་གནས་བརྗེ་རེས་ཀྱི་ཟམ་ཆེན་ཞིག་བསྐྲུན་པ་ནི་ཤིན་ཏུ་གལ་ཆེན་པོ་རེད། 
  ཨ་རི་ནི་ཀྲུང་གོའི་བྱིས་པ་གཉོར་སྐྱོང་བྱེད་པའི་རྒྱལ་ཁབ་ནང་གི་ཁ་གྲངས་ཆེས་མང་ཤོས་རེད།  
  གཉོར་སྐྱོང་བྱས་པའི་ཀྲུང་གོའི་བྱིས་པ་ཞེས་པ་ནི་ཀྲུང་གོའི་ཕ་མས་གཉོར་སྐྱོང་བྱེད་མ་ཐུབ་པའམ་གསོ་མ་ཐུབ་པར་གཡུགས་བཞག་པའི་བྱིས་པ་དག་རྒྱལ་ཁབ་གཞན་གྱི་ཁྱིམ་ཚང་གིས་གཉོར་སྐྱོང་བྱས་པ་ལ་གོ་བ་ཡིན། ཨ་རི་ནི་ཀྲུང་གོའི་བྱིས་པ་གཉོར་སྐྱོང་བྱས་པ་ཆེས་མང་པོའི་རྒྱལ་ཁབ་ཡིན། ད་ལོའི་ཟླ ༤ པའི་ཟླ་སྟོད་ཀྱི་སྙན་ཞུ་ཞིག་ལྟར་ན། ༡༩༩༩ ལོ་ནས་བཟུང་། ཨ་རིས་གཉོར་སྐྱོང་བྱས་པའི་ཀྲུང་གོའི་བྱིས་པ་ཧ་ལམ་ཁྲི ༧.༡ ཙམ་འདུག ༢༠༡༤ ལོར་བྱིས་པ ༢༠༤༠ ལྷག་གཉོར་སྐྱོང་བྱས་ཡོད་ལ། དེས་ཨ་རིའི་ཁྱིམ་ཚང་གིས་རྒྱལ་ཁབ་ཕྱི་ནས་གཉོར་སྐྱོང་བྱས་པའི་བྱིས་པའི་ཁ་གྲངས་ཀྱི ༢/༥ བཟུང་ཡོད། 
ཨ་མེ་རི་ཁའི་ཁྱིམ་ཚང་དག་ལ་མཚོན་ན། ཀྲུང་གོའི་བྱིས་པ་གཅིག་གམ་གཉིས་གསུམ་གཉོར་སྐྱོང་བྱས་ཡོད་པ་ནི་ཧ་ཅང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། པཱོ་ཐཱི་ལན་ཀྲི་སློབ་ཆེན་གྱི་དགེ་རྒན་འབུམ་རིམས་པ་ལི་ཧྥུའུ་ཡིས་བཅར་འདྲི་བྱེད་སྐབས། "ངའི་ཤེས་པའི་གྲོགས་པོ་མང་པོ་ཞིག་གིས་ཀྲུང་གོའི་བྱིས་པ་གཉོར་སྐྱོང་བྱས་ཡོད་ལ། ཁོ་ཚོའི་ནང་མང་ཤོས་ཀྱིས་ཀྲུང་གོའི་རྒྱལ་ནང་གི་དྭ་ཕྲུག་སྟེ་གཙོ་བོ་བུ་མོ་དག་གཉོར་སྐྱོང་བྱས་ཡོད། "ཅེས་ཟེར། 
  དེ་ཡང་ཕྱི་གླིང་དུ་ཀྲུང་གོའི་རིག་གནས་དར་ཁྱབ་ཆེ་རུ་སོང་བ་དང་མཉམ་དུ་ཨ་རིའི་མི་མང་པོ་ཀྲུང་གོའི་རིག་གནས་ལ་སྤྲོ་བ་ཆེ་རུ་འགྲོ་བཞིན་འདུག ཀྲུང་གོ་ལ་མཚོན་ན་རྒྱལ་ཁབ་དག་གི་ནང་མི་གྲངས་མང་པོའི་གྲས་ཡིན་ལ། ལོ་རེ་རེར་དྭ་ཕྲུག་ཇེ་མང་ནས་ཇེ་མང་རེད། དེ་མིན་རྒྱལ་ཁབ་གཞན་དང་བསྡུར་ན་གཉོར་སྐྱོང་གི་སྒྲིག་གཞི་དང་<<བྱིས་པ་གཉོར་སྐྱོང་བཅའ་ཁྲིམས།>>་སོགས་ཀྱི་མ་ལག་ཆ་ཚང་བ་མ་ཟད་རིན་གོང་ཀྱང་ཅུང་དམའ། དེའི་རྐྱེན་གྱིས་ཨ་རིའི་ཁྱིམ་ཚང་མང་པོས་ཀྲུང་གོའི་བྱིས་པ་གཉོར་སྐྱོང་བྱེད་ཀྱིན་ཡོད། 
  ནར་སོན་པའི་གོ་རིམ་ཁྲོད་ཀྲུང་གོའི་རིག་གནས་དང་ཁ་འབྲལ་མི་ཐུབ། 
  རྒྱལ་ཁབ་ཕྱི་རུ་བྱིས་པ་འདི་དག་ལ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡོད་པའི་ཆེད་དུ། རྒྱལ་ཁབ་ཕྱིའི་ཁྱིམ་ཚང་ལེགས་འདེམས་བྱེད་པའི་དུས་སུ་གཞན་དང་བསྡུར་ན་ཅུང་ནན་ཏན་བྱེད་ཀྱི་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ཀྲུང་གོའི་བྱིས་པ་གཉོར་སྐྱོང་བྱས་པའི་ཨ་རིའི་ཁྱིམ་ཚང་དག་གི་ནང90%འབྱོར་འབྲིང་གྲལ་རིམ་གྱི་འཚོ་བའི་ཆུ་ཚད་ཡིན་ལ། ཁྱིམ་ཚང་ལ་གཞིས་ཁང་ཡོད་པ་མ་ཟད་བྱིས་པ་ལའང་རང་ཉིད་ཀྱི་ཉལ་ཁང་ཡོད། འཚོ་བའི་ཆུ་ཚད་ཅུང་མཐོ་བ་དག་འདེམས་ཀྱི་ཡོད། 
  བྱིས་པ་གཉོར་སྐྱོང་བྱས་པའི་ཨ་རིའི་ཁྱིམ་ཚང་གི་ཕ་མའི་རིག་གནས་ཆུ་ཚད་དང་དཔལ་འབྱོར་ཆུ་ཚད་མཐོ་ལ། དེ་མིན་མི་རྒྱུད་དཀར་པོའི་རིགས་ཀྱི་ཕ་མ་དང་ཡ་གླིང་གི་བྱིས་པའི་བར་མི་རྒྱུད་ཐད་ནས་མངོན་གསལ་གྱི་ཁྱད་པར་ཆེན་པོ་ཡོད། ཁོ་ཚོས་ཆུང་དུས་ནས་་བྱིས་པ་ལ་རང་ཉིད་གཉོར་སྐྱོང་བྱས་པ་ཡིན་པའི་གནས་ཚུལ་གསལ་བཤད་བྱེད་ཀྱི་ཡོད་ལ། དེ་དང་མཉམ་དུ་བྱིས་པ་དག་ལ་ཆུང་དུས་ནས་ཀྲུང་གོའི་རིག་གནས་ལ་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་པ་དང་། རྒྱ་ཡིག་དང་རྒྱ་སྐད་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད།  
  ལི་ཧྥུའུ་ཡིས"ངའི་ཉེ་འགྲམ་གྱི་ཨ་རིའི་ཕ་མ་མང་པོ་ཞིག་རང་ཉིད་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ། ཁོ་ཚོས་རང་གིས་གཉོར་སྐྱོང་བྱས་པའི་ཀྲུང་གོའི་བྱིས་པར་སློབ་གསོ་གཏོང་བའི་གོ་རིམ་ཁྲོད། མི་ཉུང་བ་ཞིག་གིས་བྱིས་པ་དང་མཉམ་དུ་ཀྲུང་གོའི་དུས་ཆེན་རོལ་བའམ་བྱིས་པ་ལ་ཀྲུང་གོའི་ཟ་མ་བཟའ་རུ་འཇུག་པ། ཀྲུང་གོའི་ཟ་མ་གཡོ་བསྐོལ་བྱེད་པ། ཀྲུང་གོའི་གནའ་རབས་ཀྱི་མིང་གྲགས་ཅན་གྱི་རྩོམ་རིག་བརྩམས་ཆོས་ཀློག་ཏུ་འཇུག་པ་དང་། རྒྱ་ཡིག་ཀྱང་སློབ་ཏུ་འཇུག བྱིས་པ་འདི་དག་ལ་ཆུང་དུས་ནས་ཀྲུང་གོའི་རིག་གནས་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཡོད། "ཅེས་བཤད། 
  འདི་དག་གིས་ཨ་རིས་གཉོར་སྐྱོང་བྱས་པའི་བྱིས་པ་དག་ལ་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་བྱུང་བ་མ་ཟད། ཀྲུང་གོའི་རིག་གནས་ཁོ་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་དུ་གྱུར་ཡོད། 
  བདེ་ཐང་ངང་ནར་སོན། མ་འོངས་པའི་རེ་བ། 
  ཐོབ་ཐང་ངོས་འཛིན་སྐོར་གྱི་གནད་དོན་ནི་བྱིས་པ་འདི་དག་ནར་སོན་པའི་གོ་རིམ་ཁྲོད་དང་། ཡང་ན་ནར་སོན་པའི་རྗེས་སུ་ད་དུང་འཕྲད་དགོས་པའི་དཀའ་གནད་ཅིག་རེད། བརྟག་དཔྱད་བྱས་པ་ཞིག་གཞིར་བཟུང་ན། གཉོར་སྐྱོང་བྱས་པའི་བྱིས་པའི་ནང་གི ༣/༤ ཡིས་རང་ཉིད་ཀྲུང་གོའི་མི་ཡིན་པར་འདོད་ལ། ༡/༤ ཙམ་གྱིས་རང་ཉིད་ཨ་རིའི་མི་ཡིན་པར་འདོད་ཀྱིན་ཡོད། 
  གནད་དོན་འདི་ཐག་གཅོད་བྱེད་དགོས་ན། ཨ་རིའི་ཁྱིམ་བདག་དང་ཨ་རིར་སྡོད་པའི་ཀྲུང་གོ་བའི་མཉམ་འབྲེལ་རྩ་འཛུགས། ཨ་རིར་ཡོད་པའི་ཀྲུང་གོའི་རིག་གནས་སློབ་གསོ་ལས་ཁུངས་དག་གིས་མཉམ་དུ་འབད་པ་བྱེད་དགོས། ཐོག་མར། ཨ་རིའི་ཁྱིམ་བདག་དག་གིས་དཀའ་གནད་འདི་ལ་གཡོལ་ཐབས་བྱས་མི་ཆོག ཨ་རིའི་ཁྱིམ་བདག་གིས་གཉོར་སྐྱོང་བྱས་པའི་བྱིས་པར་རང་ཉིད་ཀྱི་བྱུང་ཚུལ་བཤད་པའི་འོས་འགན་ཡོད་པ་མ་ཟད། བྱིས་པ་དང་མཉམ་དུ་དཀའ་གནད་འདི་སེལ་དགོས། དེ་མིན་བྱིས་པ་འགའ་ཤས་ཤིག་རང་གི་ཕ་མ་དང་མཉམ་དུ་ཀྲུང་གོར་སོང་ནས་རང་གི་རྒྱུད་བཙལ་གྱིན་ཡོད། དོན་དངོས་ལྟར་ན། རང་གི་རྒྱུད་བཙལ་ན་བྱིས་པ་འདི་དག་རྒྱལ་ཁོངས་གཞན་ནས་ནར་སོན་པའི་གོ་རིམ་ཁྲོད་རང་རློམས་ཚད་ཇེ་མཐོར་འགྲོ་ཐུབ། དེ་མིན་ཨ་རིར་སྡོད་པའི་ཀྲུང་གོ་བའི་རྩ་འཛུགས་དག་གིས་ཀྱང་ཧུར་བརྩོན་གྱིས་རང་གི་ནུས་པ་འདོན་སྤེལ་བྱེད་དགོས།  ལི་ཧྥུའུ་ཡིས"ང་རང་བསྡད་ཡོད་པའི་ཨི་ལི་ཀཱང་ཀྲིག་པཱོ་ཐི་ལན་གྲོང་ཁྱེར་ལ་མཚོན་ན། བྱིས་པ་གཉོར་སྐྱོང་བྱས་ཡོད་པའི་ཁྱིམ་ཚང་དག་གིས་མཉམ་དུ་ཚོགས་པ་ཞིག་བཙུགས་ཡོད་ལ། ཚོགས་པ་འདི་བརྒྱུད་ནས་བྱིས་པ་འདི་ཚོར་གྲོགས་པོ་གསར་བ་ངོ་ཤེས་པའི་གོ་སྐབས་བསྐྲུན་ཡོད་ལ།  ཕ་མ་དག་ལ་ཡང་ཕན་ཚུན་བར་ཉམས་མྱོང་བརྗེ་རེས་བྱེད་པའི་གོ་སྐབས་འདུག"ཅེས་ཟེར། 
  དེ་ཡང་མ་འོངས་པའི་བྱ་བ་དང་སློབ་གསོའི་སྐོར་གྱི་གནད་དོན་ལ་མཚོན་ན། ཁུང་ཙི་སློབ་གླིང་ནང་སློབ་སྦྱོང་བྱས་ཏེ། ཨ་རི་དང་ཀྲུང་གོ་བར་གྱི་རིག་གནས་འབྲེལ་འདྲིས་སྐོར་གྱི་བྱ་བ་སྒྲུབ་པ་ནི་གདམ་ཀ་བཟང་བོ་ཞིག་རེད། ལི་ཧྥུའུ་ཡིས་བཤད་རྒྱུར། “འབྲེལ་ཡོད་ཚོགས་པ་དག་ལ་མཚོན་ན་རང་འགུལ་གྱིས་ཁུང་ཙི་སློབ་གླིང་དང་འདྲ་བའི་སློབ་གསོའི་ལས་ཁུངས་དང་འབྲེལ་བ་བྱས་ཏེ། བྱིས་པ་འདི་དག་ལ་ཆུང་དུས་ནས་ཀྲུང་ཧྭའི་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་ཆགས་དགོས་པ་མ་ཟད་ཀྲུང་གོར་བརྩེ་འདང་ཆགས་སུ་འཇུག་དགོས། བྱིས་པ་འདི་དག་ཨ་རིའི་འབྱོར་འབྲིང་ཁྱིམ་ཚང་གི་སློབ་གསོའི་མཁའ་དབུགས་ཁྲོད་ནར་སོན་བྱུང་བ་ཡིན་པས། ཀྲུང་གོ་དང་ཨ་རིའི་འབྲེལ་འདྲིས་སྐོར་གྱི་བྱ་བ་སྒྲུབ་པར་གཞན་ལས་ཁྱད་དུ་འཕགས་པའི་དགེ་མཚན་ཡོད། "ཅེས་བཤད།

  ཁ་བྱང་ཕྱི་མོ།  ཨ་རིས་གཉོར་བའི་བྱིས་པ་ནི་ཕྱི་གླིང་དུ་ཀྲུང་གོའི་རིག་གནས་སྤེལ་བའི་སྟོབས་ཤུགས་གཙོ་བོ་ཞིག་རེད། 
(རྩོམ་འགན་པ། བསྟན་འཛིན)

                       
                                                                                        
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070