སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དཔའ་རིས་མི་རིགས་སློབ་འབྲིང་སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོའི་སྙིང་བོ་དང་དེའི་བྱེད་ཐབས་སྐོར་རགས་ཙམ་དཔྱད་པ།
སྤེལ་དུས། 2017-11-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཚེ་རིང་སྐྱིད།
          【ནང་དོན་གནད་བསྡུས】སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོར་ཤུགས་སྣོན་བྱས་ཏེ།  སེམས་ཁམས་བདེ་ཐང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་ནི་མཉམ་འཇོག་བྱེད་དགོས་པའི་གནད་དོན་གཙོ་བོ་ཞིག་ཡིན་ལ། གལ་ཏེ་སེམས་ཁམས་བདེ་ཐང་གི་སློབ་གསོའི་གནད་དོན་རེ་རེར་གསལ་པོར་རྟོཊ་རྗེས་སློབ་མ་འཚར་ལོངས་བྱུང་བའི་ཁོར་ཡུག་བཟང་བོ་ཞིག་གསར་བསྐྲུན་བྱེད་ཐུབ་པ་མ་ཟད། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོར་ཤུགས་བསྣན་ནས་གསར་གཏོད་ཀྱི་ནུས་པའང་མཐོར་འདེགས་སུ་གཏོང་ཐུབ་པས།      ད་བཟོད་སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོ་རྒྱུན་ལྡན་ངང་ནས་འཕེལ་རྒྱས་སུ་འགྲོ་བ་དང་རྨང་གཞིའི་་་སློབ་གསོའི་ལས་དོན་ཡང་རྒྱུན་ལྡན་གྱི་ལམ་ཕྲན་དུ་ཞུགས་པར་སྐུལ་སྤེལ་ཐོབ་ངེས།
          【བརྡ་ཆད་གཙོ་བོ 】   སེམས་ཁམས་བདེ་ཐང་།   སློབ་གསོ།  ཀུན་སྤྱོད་སློབ་གསོ།
          དང་པོ།  སེམས་ཁམས་བདེ་ཐང་གི་སློབ་གསོར་གོ་ནོར་བྱུང་ཡོད་པ།
          ལའོ་ཡུང་ལེས་དང་ཏོང་ཆའེ་གཉིས་ཀྱིས་བརྩམས་པའི་སློབ་འབྲིང་སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོ་ཇི་ལྟར་དར་སྤེལ་དུ་གཏོང་བལས་བརྟག་དཔྱད་བྱས་པ་ལྟར་ན།   རང་རྫོང་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཁྲོད་ཕལ་ཆེར་ལྔ་ཆའི་གཅིག་གི་བྱིས་པ་དང་ན་གཞོན་གྱི་སེམས་ཁམས་ལ་ཆུ་ཚད་མི་འདྲ་བའི་ཕྱི་ནང་གི་གནད་དོན་གང་མང་ཞིག་འདུས་ཡོད་་མོད།  འོན་ཀྱང་ད་ལྟའི་སློབ་ཁྲིད་ཀྱི་བྱ་འགུལ་ཁྲོད་སྒེར་སེམས་ཆེ་བ་དང་། བློ་མི་བདེ་བ།  བཟོད་སེམས་ཆུང་བ་སོགས་ཀྱི་སྣང་ཚུལ་ཡང་ཧ་ཅང་མང་ལ།  དེ་ལས་ཀྱང་མཉམ་འཇོག་བྱེད་དགོས་པ་ཞིག་ནི་དཔའ་རིས་མི་རིགས་སློབ་འབྲིང་གི་སློབ་མ་སྡོད་སའི་ཁོར་ཡུག་ནི་དམིགས་བསལ་རང་བཞིན་དང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུ་མང་རང་བཞིན་ཅན་ཡིན་པས། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོར་ཤུགས་སྣོན་བྱས་ཏེ།   སེམས་ཁམས་བདེ་ཐང་གི་སློབ་གསོ་མཐོར་འདེགས་སུ་གཏོང་རྒྱུ་དེ་ནི་མི་རིགས་ས་ཁུལ་གྱི་སློབ་གསོ་ལ་ཞུགས་པའི་ལས་ཞུགས་མི་སྣ་དག་གིས་སློབ་གསོའི་བྱ་བའི་ཁྲོད་མཐོང་ཆུང་བྱེད་མི་རུང་བའི་བྱ་བ་གལ་ཆེན་ཞིག་རེད།
          དེང་སྐབས།  བསམ་པའི་གོ་རྟོགས་ཀྱི་སློབ་གསོ་ཇི་ལྟར་ཕན་ནུས་ལྡན་པའི་ངང་ནས་ཁྱབ་བརྡལ་དུ་གཏོང་རྒྱུ་ནི་རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཡིན་པ་དང་་ལྷག་པར་དུ་སློབ་གསོའི་ལས་དོན་གྱི་དཀྱིལ་སྙིང་ཡིན་པ་མ་ཟད།  སློབ་གསོའི་ལས་དོན་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་ན་ངེས་བར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད།  བསམ་པའི་གོ་རྟོགས་ཀྱི་སློབ་གསོའི་ཁྱད་པར་ནི་བསམ་བློའི་སློབ་གསོ་གང་ཞིག་ཡིན་རུང་གནད་དོན་གཙོ་བོ་ནི་སློབ་མའི་རང་སེམས་འཕེལ་རྒྱས་སུ་གཏོང་བ་དང་།  སློབ་མའི་སེམས་ཁམས་གྱི་རེ་འདོད་ལ་ཐུགས་ཁུར་བྱེད་པ་དེ་ཡིན།  སེམས་ཁམས་བདེ་ཐང་སློབ་གསོ་ནི་བསམ་པའི་གོ་རྟོཊ་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། སེམས་ཁམས་བདེ་ཐང་སློབ་གསོས་བསམ་པའི་གོ་རྟོཊ་སློབ་གསོ་དངོས་མཚོན་ཐུབ་ཅེས་བཤད་ནའང་ཆོག དེ་བས་ཕྱོཊ་གང་ཞིག་ནས་བལྟས་ཀྱང་སེམས་ཁམས་བདེ་ཐང་སློབ་གསོ་ནི་རྒྱལ་ཁབ་སློབ་གསོའི་འཆར་གཞིའི་གནས་ཚུལ་ཧྲིལ་བོར་རག་ལས་ཡོད།  ཡིན་ནའང་མིག་སྔར་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ལག་བསྟར་ཁྲོད་སློབ་གསོའི་བྱ་བ་གཉེར་མཁན་མང་པོ་ཞིག་གིས་སེམས་ཁམས་བདེ་ཐང་གི་སློབ་གསོ་ལ་གོ་ནོར་མང་པོ་ཞིག་ཐེབས་ཡོད།
          གཅིག   ནོར་འཁྲུལ་དང་པོ་སེམས་ཁམས་ལ་ནད་ཡོད་པའི་མི་མ་གཏོགས་གཞན་རྣམས་ལ་སེམས་ཁམས་བདེ་ཐང་གི་སློབ་གསོ་ཐོབ་མི་དགོས་བསམ།
          སེམས་ཁམས་ལ་ནད་ཡོད་པའི་མི་མ་གཏོགས་གཞན་རྣམས་ལ་སེམས་ཁམས་བདེ་ཐང་གི་སློབ་གསོ་ཐོབ་མི་དགོས་བསམ་པ་དང་།    སློབ་གྲྭ་ལའང་སེམས་ཁམས་སློབ་གསོ་འཛུགས་སྐྲུན་བྱེད་དགོས་དོན་མེད་བསམ་ཡོད་ལ།   དོན་དངོས་སྟེང་སེམས་ཁམས་སློབ་གསོའི་ཁ་གཏད་ས་གཙོ་བོ་ནི་བྱིས་པ་དང་ན་གཞོན་གྱི་སེམས་ཁམས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་གསར་འཛུགས་བྱས་པའི་སློབ་གསོའི་བྱ་འགུལ་ཞིག་ཡིན།    དེའི་དམིགས་ཡུལ་ནི་སློབ་མའི་བསམ་པའི་གོ་རྟོགས་མཐོར་འདེགས་སུ་བཏང་ནས། འོས་མཚམས་ཀྱི་སྒོ་ནས་སློབ་མའི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་དང་གནོད་ཤུགས་གང་མང་ཁ་གཏད་དུ་ལངས་ནས་སེམས་ཁམས་ཇེ་བདེར་གཏོང་བར་སྙོམ་སྒྲིག་བྱེད་པ་ཞིག་ཡིན། འདིའི་སྙིང་བའི་སྟེང་ནས་བཤད་ན།  སེམས་ཁམས་སྟེང་གནད་དོན་བྱུང་བར་སྔོན་འགོག་བྱས་ཏེ།   བསམ་པའི་གོ་རྟོགས་ཇེ་མཐོར་གཏོང་རྒྱུ་ནི་སེམས་ཁམས་བདེ་ཐང་སློབ་གསོའི་རྩ་བའི་དམིགས་ཡུལ་ཡིན།
          གཉིས།    ནོར་འཁྲུལ་གཉིས་པ་རྒྱུགས་འབྲས་བཟང་བའི་སློབ་མའི་སེམས་ཁམས་བདེ་ཐང་ཡིན་བསམ་པ།
          སེམས་ཁམས་བདེ་ཐང་སློབ་གསོའི་ཁ་གཏད་ས་གཙོ་བོ་ནི་སློབ་མ་ཁ་ཤས་ཞིག་གི་ཆེད་དུ་ཡིན་ལ།    དཔེར་ན།   མིག་སྔར་སློབ་གྲྭ་ཆུང་འབྲིང་ཁྲོད་རྒྱུན་དུ་སློབ་སྦྱོང་གི་རྒྱུགས་འབྲས་ཞན་པ་དང་སྒྲིག་ལམ་ལའང་བཟང་རྒྱུ་མེད་པའི་སློབ་མ་ནི་སེམས་ཁམས་བདེ་ཐང་མིན་པའི་སློབ་མར་གོ་ཡོད་མོད།  འོན་ཀྱང་དོན་དངོས་སྟེང་སེམས་ཁམས་བདེ་ཐང་མིན་པ་ནི་དེ་དག་མ་ཡིན་པར་སློབ་གྲྭ་ལས་སློབ་སྦྱོང་ལ་ཧ་ཅང་བཟང་བའི་ཕུལ་བྱུང་སློབ་མ་ཡིན་ཟེར་བ་དག་ནི་སེམས་ཁམས་གནད་དོན་ཆེས་ཆེ་བའི་སློབ་མ་ཡིན། ཆིན་ཧྭ་སློབ་གྲྭ་ཆེན་མོའི་ཐལ་གྱི་དུག་ཕོག་པའི་དོན་རྐྱེན་དང་།     དབུལ་ཕོངས་ས་ཁུལ་གྱི་སློབ་མའི་དྲན་ཤེས་འཁྲུག་པའི་དོན་རྐྱེན་ཚང་མ་འདིའི་ཕྱོགས་ཀྱི་དཔེ་བཟང་པོ་ཞིག་ཡིན་ལ།     དེ་བས་སེམས་ཁམས་བདེ་ཐང་སློབ་གསོའི་བྱ་བ་ནི་མི་ཡོངས་ཀྱི་བྱ་བ་ཞིག་ཡིན་པ་དང་།   སེམས་ཁམས་བདེ་ཐང་སློབ་གསོ་སློབ་མ་ཡོངས་ལ་ཁ་གཏད་ན་སྙིང་བོ་དང་རིན་ཐང་ཡོད་པས།  ད་བཟོད་དོན་དངོས་ཀྱི་བསམ་པའི་གོ་རྟོསག་ཀྱི་སློབ་གསོའི་ངོ་བོ་མངོན་ཐུབ།  
          གསུམ།  ནོར་འཁྲུལ་གསུམ་པ་ཀུན་སྤྱོད་སློབ་གསོའི་བྱ་བས་སེམས་ཁམས་བདེ་ཐང་སློབ་གསོའི་ཚབ་བྱེད་པ།
          སེམ་ཁམས་བདེ་ཐང་སློབ་གསོའི་བྱ་བ་ནི་ཀུན་སྤྱོད་སློབ་གསོའི་བྱ་བ་ཞིག་ཡིན།  དོན་དངོས་སྟེང་ཀུན་སྤྱོད་སློབ་གསོའི་བྱ་བ་ནི་ཆུ་ཚད་ངེད་ཅན་ཞིག་གི་སྟེང་ནས་བཤད་ན་སེམས་ཁམས་་་་་་སློབ་གསོ་ལག་བསྟར་བྱེད་པ་ཡིན་མོད།   འོན་ཀྱང་སེམས་ཁམས་བདེ་ཐང་སློབ་གསོ་སློབ་གྲྭའི་བྱ་བའི་ཁྲོད་ཀྱི་གོ་ནུས་ཀུན་སྤྱོད་སློབ་གསོའི་རང་ངོས་ནས་བསྡུར་ན་ཁྱད་པར་ཆེན་པོ་ཞིག་ཡོད།  སེམས་ཁམས་བདེ་ཐང་སློབ་གསོ་དེ་སློབ་གྲྭའི་ནང་བསླབ་ཚན་ཞིག་ཡིན་པ་མ་ཟད།   ཁོར་ཡུག་དང་རེ་བ་ཞིག་ཡང་ཡིན་ཞེས་བཤད་ཆོག་ལ།  སེམས་ཁམས་བདེ་ཐང་སློབ་གསོ་ནི་བསླབ་ཚན་དེ་ཆེད་གཉེར་དགེ་རྒན་གྱི་འགན་འཁུར་ཡིན་ལ། སློབ་གྲྭ་ཡོངས་ཀྱི་དགེ་རྒན་ཚང་མའི་འགན་འཁུར་ཡང་ཡིན་ལ།   ད་དུང་སྤྱི་ཚོཊ་ཡོངས་དང་ལྷག་པར་དུ་སློབ་མའི་ཁྱིམ་བདག་དག་ལ་ཡང་སེམས་ཁམས་བདེ་ཐང་སློབ་གསོ་ནི་མེད་དུ་མི་རུང་བའི་བྱ་བ་ཅིག་ཡིན་པ་ལས།   ཀུན་སྤྱོད་སློབ་གསོའི་རེ་བའི་སེམས་ཁམས་བདེ་ཐང་སློབ་གསོའི་ཚབ་བྱེད་མི་རུང་ལ།  ལྷག་པར་དུ་འགྲིག་མ་འགྲིག་ཙམ་གྱིས་སློབ་མར་བཟང་ངན་གྱི་དབྱེ་བ་འབྱེད་པའི་ལྟ་བ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད།
          གཉིས་པ།  སེམས་ཁམས་བདེ་ཐང་སློབ་གསོའི་བྱ་བར་མཉམ་འཇོག་བྱེད་དགོས་པའི་སྐོར།
          ཡུན་རིང་པོའི་སློབ་འབྲིང་སློབ་མའི་སེམས་ཁམས་གསབ་ཁྲིད་དང་སློབ་གསོའི་བྱ་བའི་ཉམས་མྱོང་ལྟར་ན་དཔའ་རིས་མི་རིགས་སློབ་འབྲིང་གི་སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོའི་བྱ་བར་མཉམ་འཇོག་བྱེད་དགོས་པ་གཤམ་གསལ་ལྟར་ཡིན་པར་སྙམ།
           གཅིག   སློབ་མའི་འཚར་ལོངས་བྱུང་བར་ཕན་པའི་ཁོར་ཡུག་བཟང་བོ་ཞིག་འཛུགས་སྐྲུན་བྱེད་དགོས་པ་དང་།   སློབ་མའི་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས།
          ༡ ཡུན་རིང་བའི་འཆམ་མཐུན་མིན་པའི་དགེ་སློབ་གྱི་འབྲེལ་བ་དེ་བཅོས་བསྒྱུར་བྱེད་དགོས་པ་དང་།    མི་གཙོའི་རིང་ལུགས་སློབ་གསོའི་དགོངས་པ་ནས་འགོ་བཙུགས་ཏེ།  སློབ་མར་སློབ་གྲྭ་ལས་རྒྱུན་ལྡན་གྱི་མིའི་འབྲེལ་བའི་རྩ་བའི་ཉམས་མྱོང་དང་ཤེས་བྱ་ཐོབ་ཏུ་འཇུག་དགོས།
          ༢ སློབ་མ་ལ་རྩ་བའི་སེམས་ཁམས་རིག་པའི་རྒྱུན་ཤེས་སློབ་གསོ་གཏོང་བ་ལག་བསྟར་བྱས་ནས།  སེམས་ཁམས་ཀྱི་ངོ་བོ་དང་།  ཁྱད་ཆོས།  ཆོས་ཉིད་སོགས་རྒྱུས་ལོན་བྱེད་དུ་འཇུག་དགོས་པ་དང་།   བསླབ་ཟིན་པའི་སེམས་ཁམས་རིག་པའི་ཤེས་བྱ་དག་བཀོལ་སྤྱོད་བྱས་ནས་རང་ཉིད་ཀྱི་སེམས་ཁམས་སྣང་ཚུལ་ལ་ཐོག་མའི་དབྱེ་ཞིབ་བྱེད་དགོས་པ་དང་།   སེམས་ཁམས་ལ་ཚོད་འཛིན་དང་སྙིང་སྟོབས་ལ་སྦྱོང་བརྡར་བྱེད་པའི་བྱ་ཐབས་ལྟར།   ཚན་རིག་ཤེས་རྟོགས་ཀྱིས་རང་ཉིད་ཀྱི་སེམས་ཁམས་ལ་ཚོད་འཛིན་བྱེད་དགོས།
          ༣ སློབ་མར་སྡུག་མྱོང་བའི་སློབ་གསོ་བཏང་ནས་བཟོད་བསྲན་གྱི་ནུས་པ་མཐོར་འདེགས་དགོས།   ཆ་རྐྱེན་ཡོད་པའི་འོག་སློབ་གྲྭ་དང་ས་ཁུལ་ནས་སྡུག་མྱོང་བའི་སློབ་གསོ་གཏོང་བའི་ཁོར་ཡུག་ངེས་ཅན་ཞིག་འཛུགས་སྐྲུན་བྱས་ཏེ།   སློབ་མ་ལ་སློབ་གསོ་གཏོང་དགོས།
          ༤ སེམས་ཁམས་སློབ་གསོ་ལ་སློབ་སྦྱོང་བྱས་ཏེ།  ཡང་དག་པའི་སློབ་སྦྱོང་གི་ཀུན་སློང་དང་།   ཚན་རིག་ངོས་འཛིན་གྱི་སློབ་སྦྱོང་གི་བྱེད་ཐབས།  སློབ་སྦྱོང་བྱེད་པའི་གོམས་སྲོལ་ལེགས་པོ་ཞིག་འཇོག་པ་སོགས་ལ་གསོ་སྐྱོང་བཟང་པོ་བྱེད་དགོས།
          དེ་ལས་གཞན།   སློབ་མ་ལ་རང་ཉིད་ཕྱོགས་གང་ཞིག་ནས་བཟང་བ་དང་ཕྱོགས་གང་ཞིག་ནས་ཞན་པའམ་མི་ལོངས་པ་སོཊ་གསལ་བོར་ཁྲིད་ནས་ཤེས་སུ་འཇུག་དགོས་པ་ལས།  ཡིད་ཆོས་བརྟན་པོ་ཞིག་དང་རང་ཉིད་ཀྱི་རྣམ་པ་ལེགས་པོ་ཞིག་བཟོ་བ་ལ་གསོ་སྐྱོང་བྱེད་དགོས།   དེ་མིན་འཁྲིག་སྤྱོད་སེམས་ཁམས་ཀྱི་ཤེས་བྱའི་སློབ་གསོ་རྒྱུད་ནས་སློབ་མ་དག་གིས་ཕོ་མོའི་འདུ་ཤེས་དང་ཕོ་མའོ་འབྲེལ་བ་ཤེས་རྟོགས་བྱུང་དུ་བཅུག་ནས་རྒྱུན་ལྡན་ངང་ཕོ་མོའི་བར་དུ་འབྲེལ་འདྲིས་བྱེད་དུ་འཇུག་དགོས།
          གཉིས།    སེམས་ཁམས་ལ་དགོས་གལ་ཆེ་བའི་བརྟག་དཔྱད་ལག་བསྟར་བྱེད་དགོས་པ།
          སེམས་ཁམས་ལ་དགོས་གལ་ཆེ་བའི་བརྟག་དཔྱད་ལག་བསྟར་བྱས་ཏེ།  འཐུས་ཚང་གཟབ་ནན་གྱི་དབྱེ་ཞིབ་བྱས་བ་བརྒྱུད་ནས་སློབ་མ་ཉུང་ཤས་ཞིག་གི་སེམས་ཁམས་ལ་དངོས་ནས་གནད་དོན་ཡོད་པ་ཐག་གཅོད་བྱས་རྗེས།   སློབ་མ་དེའི་སེམས་ཁམས་ལ་གསོ་བཅོས་བྱེད་དགོས་ལ།  དཔེར་ན་སློབ་སྦྱོང་གི་ཐབས་ཇུས་ཀྱིས་ཁྲིད་སྟོན་བྱས་པ་རྒྱུད་ནས་སེམས་ཁམས་ལ་ཕོག་པའི་གནད་དོན་ཏེ།   ལུས་སེམས་ལ་ན་ཚ་དང་ཕོ་མོའི་སེམས་ཁམས་ཀྱི་གནད་དོན་སོགས་སྙོམ་སྒྲིག་བྱེད་པའམ་མེད་པར་གཏོང་བ་ལྟ་བུའོ།  ཡིན་ན་འང་དངོས་སུ་ལག་བསྟར་བྱེད་དུས་མིས་བཟོས་པའི་རྒྱུ་རྐྱེན་གང་མང་ཞིག་གི་བར་ཆད་ལ་ཉམས་འཇོག་བྱེད་དགོས་ལ། བརྟག་དཔྱད་ཀྱི་མཇུག་འབྲས་ཀྱང་ཡང་དག་གིས་ངོས་འཛིན་དང་ཐག་གཅོད་བྱེད་དགོས།
          གསུམ།  མི་མངོན་པའི་ནུས་པ་དེ་གསར་འབྱེད་བྱེད་ཐུབ་པ།
          སློབ་མའི་སེམས་ཁམས་ཀྱི་མི་མངོན་པའི་ནུས་པ་གསར་འབྱེད་བྱས་ཏེ།   སློབ་མའི་གསར་གཏོད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས།
          གསུམ་པ།   དཔའ་རིས་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ནས་སེམས་ཁམས་བདེ་ཐང་སློབ་གསོ་ཅི་ལྟར་ལག་བསྟར་བྱེད་པ། སློབ་གྲྭ་ནི་ཐད་ཀར་སེམས་ཁམས་བདེ་ཐང་སློབ་གསོ་བྱ་ཡུལ་གྱི་ས་གནས་གཙོ་བོ་ཡིན་པའི་ཆ་ནས།   སེམས་ཁམས་བདེ་ཐང་སློབ་གསོའི་ཁྲོད་མེད་དུ་མི་རུང་བའི་ས་གནས་གཙོ་བོར་གྱུར་ཡོད།    དཔའ་རིས་མི་རིགས་སློབ་འབྲིང་གི་གཤམ་གྱི་བྱེད་ཐབས་དེ་དག་བཀོལ་ནས་སློབ་གྲྭའི་སེམས་ཁམས་བདེ་ཐང་སློབ་གསོའི་བྱ་བ་བདེ་བླག་ངང་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་བྱས་ན་་་་ལེགས་སྙམ།
          ༡  སྔར་ཡོད་པའི་ཆ་རྐྱེད་དང་དགེ་རྒན་གྱི་ཆུ་ཚད་ལ་བརྟེ་ནས་རྒྱ་ཆེ་བའི་དགེ་རྒན་དཔུང་ཁག་ཁྲོད་ཧུར་བརྩོན་གྱིས་སེམས་ཁམས་རིག་པའི་ཤེས་བྱ་ཁྱབ་གདལ་དུ་གཏོང་དགོས་པ་དང་།   ནུས་ཤུཊ་ཡོད་དགུས་དགེ་རྒན་ཡོངས་ལ་བྱིས་པ་དང་ན་གཞོན་གྱི་སེམས་ཁམས་ཤེས་བྱ་སློབ་སྦྱོང་བྱེད་དུ་བཅུག་ནས་སེམས་ཁམས་རིག་པ་དེ་དངོས་ཐོག་བདེན་འཚོལ་གྱིས་དགེ་ཐོན་སློབ་ཁྲིད་ཀྱི་ཁྲིད་སྟེགས་སྟེང་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ལག་ལེན་ཁྲོད་ལག་བསྟར་བྱེད་དུ་འཇུག་དགོས།
          ༢  ཆ་རྐྱེན་བཟང་བའི་སློབ་གྲྭས་སེམས་ཁམས་བློ་འདྲི་ཁང་བཙུགས་ཆོག་ལ།  དེ་དང་འབྲེལ་ཡོད་ཀྱི་ཆེད་ལས་མི་སྣ་གདན་དྲངས་ཏེ་སློབ་མ་ལ་སེམས་ཁམས་གནད་དོན་སྐོར་ནས་འབྲེལ་ཡོད་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ་སློབ་མའི་སེམས་ཁམས་བདེ་ཐང་གི་རྒྱུ་སྤུས་ཇེ་ལེགས་སུ་འགྲོ་བར་རོགས་རམ་བྱེད་དགོས།
          ༣ སློབ་གྲྭའི་འགོ་ཁྲིད་དང་།  དགེ་རྒན།  སློབ་གྲྭའི་ཕྱི་རོལ་གྱི་ཆེད་ལས་མི་སྣ་སོགས་མཉམ་འབྲེལ་བྱས་ནས་དུས་ལྟར་སེམས་ཁམས་རིག་པའི་ཤེས་བྱའི་འཆད་ཁྲིད་དང་སྦྱོང་བརྡར་གྱི་བྱ་འགུལ་སྤེལ་དགོས།
          ༤  སློབ་གྲྭའི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཕན་ནུས་ཡོད་པའི་སེམས་ཁམས་བདེ་ཐང་ཤེས་བྱ་མང་པོ་བསྲེས་ནས།སེམས་ཁམས་བདེ་ཐང་སློབ་གསོ་དང་སློབ་གྲྭའི་ཉིན་རྒྱུན་སློབ་ཁྲིད་བྱ་འགུལ་གཉིས་མཉམ་འདྲེས་གཅིག་གྱུར་བྱེད་དགོས།
          ༥ སློབ་གྲྭ་ཡོངས་དང་ཡང་ན་ས་གནས་རང་བཞིན་གྱིས་ཁྱིམ་བདག་སློབ་གྲྭ་གསར་འཛུགས་བྱས་ཏེ་ཁྱིམ་བདག་གིས་མཉམ་འབྲེལ་དང་རྒྱབ་སྐྱོར་ཐོབ་ཏུ་བཅུག་སྟེ།    སྤྱི་ཚོགས་ཡོངས་ཀྱིས་སེམས་ཁམས་བདེ་ཐང་སློབ་གསོའི་གནད་དོན་འདི་ལ་མཐོང་ཆེན་བྱེད་དུ་འཇུག་དགོས།   སློབ་མའི་འཕེལ་རྒྱས་ལ་ཕན་ནུས་ཡོད་པའི་ཁྱིམ་ཚང་ཁོར་ཡུག་གི་རྣམ་པ་ཞིག་གསར་སྐྲུན་བྱས་ཏེ་་་་་་སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོའི་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་བཟང་པོ་ཞིག་གསར་བསྐྲུན་བྱེད་དགོས།
          གང་ལྟར།      བསམ་པའི་གོ་རྟོགས་ཀྱི་སློབ་གསོའི་བསམ་བློ་ཉིན་རེ་བཞིན་མིའི་སེམས་སུ་ཞུགས་པ་དང་སྒྲིག་གཞི་ཉིན་རེ་བཞིན་འཐུས་ཇེ་ཚང་དུ་འགྲོ་བ་དང་བསྟུན་ནས།   རང་རྒྱལ་གྱི་སློབ་གསོའི་རྨང་གཞིའི་ལས་དོན་ཡང་རྒྱུན་ལྡན་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུར་ཞུགས་ལ།      སེམས་ཁམས་བདེ་ཐང་སློབ་གསོས་བསམ་པའི་གོ་རྟོགས་སློབ་གསོའི་རྩ་བའི་ངོ་བོ་མངོན་པ་མ་ཟད།  བསམ་པའི་གོ་རྟོགས་སློབ་གསོའི་རྩ་བའི་ཐབས་ལམ་ཡང་ལག་ལེན་བྱས་ཡོད།    གཞན་ཞིག་ནས་བཤད་ན།  ནན་ཏན་གྱིས་སེམས་ཁམས་བདེ་ཐང་སློབ་གསོའི་བྱ་བ་སྒྲུབ་ཚེ།  ད་བཟོད་སློབ་མའི་བསམ་པའི་གོ་རྟོགས་མཐོར་འདེགས་སུ་གཏོང་ཐུབ་པ་ལས་བསམ་པའི་གོ་རྟོགས་སློབ་གསོ་ཡང་དོན་དངོས་ཀྱིས་མངོན་འགྱུར་འབྱུང་ཐུབ་ལ།  འདི་ནི་སེམས་ཁམས་བདེ་ཐང་སློབ་གསོ་དེ་བསམ་པའི་གོ་རྟོགས་ཀྱི་སློབ་གསོ་ལག་བསྟར་བྱེད་པའི་བྱ་བའི་ཁྲོད་དེའི་གོ་གནས་ཀྱི་རྩ་བའི་སྙིང་བསྡུས་ཡིན་པ་ལས།   དགེ་རྒན་ཚོས་ངེས་བར་དུ་སྒྲུབ་དགོས་པའི་འོས་འགན་གཙོ་བོ་ཞིག་ཀྱང་ཡིན།
          དཔྱད་གཞིའི་ཡིག་ཆ།
          ༡  ལའོ་ཡུང་ལེས་དང་ཏོང་ཆའེ་གཉིས་ཀྱིས་བརྩམས་པའི་སློབ་འབྲིང་སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོ་ཇི་ལྟར་དར་སྤེལ་དུ་གཏོང་བ
          ༢ ཧྲིན་ཁུ་ཧྥེས་བརྩམས་པའི་སློབ་མའི་འཚར་ལོངས་བྱུང་པའི་སེམས་ཁམས་ལ་ཕན་ནུས་ཡོད་པའི་ཁོར་ཡུག་བཟང་པོ་ཞིག་གསར་བསྐྲུན་བྱེད་དགོས་པ།
          ༣ ལའོ་ཡུང་ལེས་དང་ཏོང་ཆའེ།       བང་ཁྲིན་ཆོན་གསུམ་གྱིས་བརྩམས་པའི་སློབ་གྲྭའི་སེམས་ཁམས་བདེ་ཐང་སློབ་གསོའི་ནང་དོན།
          ༤ གོ་ལའེ་ཞིན་གྱིས་བརྩམས་པའི་སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོ་ཇི་ལྟར་དར་སྤེལ་དུ་གཏོང་བ།
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716