སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་་ཀྱི་མཐོ་རྒྱུགས་སྤྲོད་མཁན་སློབ་མའི་ནང་གི་བརྒྱ་ཆ་བདུན་ཅུ་ཞིང་འབྲོག་པའི་བུ་ཕྲུག་ཡིན་པ།
སྤེལ་དུས། 2014-06-09   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།   རྩོམ་པ་པོ།  འབྲུག་མོས་བསྒྲིགས།

   ● འདི་ལོའི་བོད་ལྗོངས་ནང་ཁུལ་གྱི་མཐོ་རྒྱུགས་རྒྱུགས་ཞུགས་སློབ་མ་༡༩༦༢༥ཡོད་པའི་ནང་ཞིང་འབྲོག་པའི་ཐེམ་ཐོ་ཡིན་པའི་རྒྱུགས་ཞུགས་སློབ་མ་༡༢༡༢༦ཡོད་པ།
    ●
བོད་སྐད་ཡིག་དང་རྒྱའི་སྐད་ཡིག་གི་རྒྱུགས་འབྲས་ཀྱིས་སོ་སོར་མཐོ་རྒྱུགས་སྐད་ཡིག་རྒྱུགས་འབྲས་ཀྱི་བརྒྱ་ཆའི་༥༠ཟིན་པ།
   
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་ཚེས་ཉིན་གློག་འཕྲིན་འབྱོར་གསལ།གསར་འགོད་པར་ཚེས་ཉིན་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ།འདི་ལོའི་བོད་ལྗོངས་ནང་ཁུལ་གྱི་མཐོ་རྒྱུགས་རྒྱུགས་ཞུགས་སློབ་མ་༡༩༦༢༥ཡོད་པའི་ནང་ཞིང་འབྲོག་པའི་ཐེམ་ཐོ་ཡིན་པའི་རྒྱུགས་ཞུགས་སློབ་མ་༡༢༡༢༦ཡོད་པ་དེས་མཐོ་རྒྱུགས་དཀྱུས་མའི་རྒྱུགས་ཞུགས་སློབ་མ་ཡོངས་ཀྱི་བརྒྱ་ཆའི་༧༡ཟིན་ཡོད་པ་རེད།
   
བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་རྒྱུགས་ལེན་ཁང་གི་ཡོན་ཀྲང་ལུའུ་ཧྲི་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན།ལྗོངས་ཡོངས་ཀྱི་རྒྱུགས་ཞུགས་སློབ་མ་༡༩༦༢༥ཁྲོད་མཐོ་རྒྱུགས་དཀྱུས་མའི་རྒྱུགས་ཞུགས་སློབ་མ་༡༦༩༦༡དང་།དམག་མི་དང་ཉེན་རྟོག་པའི་རྒྱུགས་ཞུགས་པ་༧༠༤ཁ་གཏད་མཐོ་རིམ་ལས་རིགས་རིགས་ཀྱི་རྒྱུགས་ཞུགས་པ་༡༩༦༠བཅས་ཡོད་པ་རེད།མཐོ་རྒྱུགས་དཀྱུས་མའི་རྒྱུགས་ཞུགས་སློབ་མའི་ཁྲོད་གྲངས་ཉུང་མི་རིགས་༡༥༡༢༤དང་རྒྱ་རིགས་༡༨༣༧ཡོད་པ་དང་།ཞིང་འབྲོག་པའི་ཐེམ་ཐོ་ཡིན་པའི་རྒྱུགས་ཞུགས་སློབ་མ་༡༢༡༢༦དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོ་ཡིན་པའི་རྒྱུགས་ཞུགས་སློབ་མ་༤༨༣༥ཡོད་ཅིང་།ཞིང་འབྲོག་པའི་བུ་ཕྲུག་གིས་མཐོ་རྒྱུགས་དཀྱུས་མའི་རྒྱུགས་ཞུགས་སློབ་མའི་སྡོམ་འབོར་གྱི་བརྒྱ་ཆའི་༧༡ཟིན་ཡོད་པ་རེད།
   
ཤེས་རྟོགས་བྱུང་བར་གཞིགས་ན།བོད་ཀྱི་མཐོ་རྒྱུགས་སྤྲོད་མཁན་སློབ་མ་ཡང་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་སྤྲོད་མཁན་སློབ་མ་གཞན་དག་དང་འདྲ་བར་ཉིན་གཉིས་ཀྱི་རྒྱུན་སྲོལ་རྒྱུགས་ཚན་ནང་ཞུགས་དགོས་པ་ལས་གཞན་ད་དུང་ཚེས་ཉིན་གྱི་སྔ་དྲོར་བོད་ཀྱི་གྲངས་ཉུང་མི་རིགས་རྒྱུགས་ཞུགས་སློབ་མ་མང་ཆེ་བ་བོད་སྐད་ཡིག་གི་ཡིག་རྒྱུགས་ནང་དུ་ཡང་ཞུགས་དགོས་ལ་བོད་སྐད་ཡིག་གི་རྒྱུགས་འབྲས་དང་རྒྱའི་སྐད་ཡིག་གི་རྒྱུགས་འབྲས་ཀྱིས་སོ་སོར་མཐོ་རྒྱུགས་སྐད་ཡིག་རྒྱུགས་འབྲས་སྡོམ་འབོར་གྱི་བརྒྱ་ཆའི་༥༠ཟིན་གྱི་ཡོད་པ་རེད།
     
བོད་སྐད་ཡིག་རྒྱུགས་གཞི་ནི་བོད་ཀྱི་མཐོ་རྒྱུགས་ཁྲོད་ཀྱི་བོད་རང་གིས་བཏོན་པའི་རྒྱུགས་ཚན་ཞིག་ཡིན་ལ་༢༠༡༣ལོར་བོད་ཀྱིས་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་ཁྲིད་འཐབ་ཕྱོགས་ནས་ཕུལ་བྱུང་རྐང་འཛིན་བོད་སྐད་ཡིག་དགེ་རྒན་སྐོང་འཐེན་བྱས་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་བོད་སྐད་ཡིག་གི་མཐོ་རྒྱུགས་རྒྱུགས་ལེན་རྩ་གནད་དང་པོ་དང་རྒྱུགས་ལེན་གསལ་བཤད་རྩོམ་སྒྲིག་བྱས་པ་རེད།འདི་ལོར་བོད་ཀྱིས་མཐོ་རྒྱུགས་རྒྱུགས་གཞི་འདོན་པའི་ལས་དོན་གྱི་བླང་བྱ་ལྟར་མཐོ་རྒྱུགས་ཀྱི་བོད་སྐད་ཡིག་གི་རྒྱུགས་གཞི་འདོན་པའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།
    
ལུའུ་ཧྲི་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན།བོད་ལྗོངས་ནང་ཁུལ་དུ་ཡིག་རྒྱུགས་ས་ཚིགས་༢༣དང་རྒྱུགས་ར་༧༦༤བཙུགས་ཡོད་པ་ཚང་མ་རྒྱལ་ཁབ་སློབ་གསོ་ཚད་གཞི་ཅན་གྱི་ཡིག་རྒྱུགས་ས་ཚིགས་དང་རྒྱུགས་ར་ཡིན་ལ་རྒྱུགས་ཞུགས་སློབ་མའི་བསྡད་ས་ཚང་མ་རྩིས་འཁོར་ལ་བརྟེན་ནས་ཕན་ཚུན་སྣོལ་སྒྱུར་བྱས་པ་ཡིན་པ་མ་ཟད་ད་དུང་མཐོ་རྒྱུགས་སྐོར་ཞིབ་ཚོགས་ཆུང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་དང་།རྒྱུགས་ལེན་སྒྲིག་འཛུགས་ལག་བསྟར།རྒྱུགས་གཞིའི་གསང་སྲུང་བདེ་འཇགས།རྒྱུགས་ལེན་བདེ་འཇགས་སྲུང་སྐྱོང་སོགས་ལ་གཙོ་གནད་ཐོག་ལྟ་ཞིབ་བྱེད་རྒྱུ་ཡིན་པ་རེད།   

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070