སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༢༠༡༤ ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སྟེང་མཉམ་དུ་གྲོས་འདོན་དང་འཆར་བཀོད་བྱས།
སྤེལ་དུས། 2014-08-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་པ་པོ།  བཀྲ་འདུལ་གྱིས་བསྒྱུར།

  ཟླ་བརྒྱད་པའི་གངས་ལྗོངས་མཐོ་སྒང་དུ། ཉི་འོད་དྲོད་ཁོལ་ལྡན་ཞིང་རི་ཚོགས་ཀྱིས་ལྗང་མདོག་གི་ལྭ་བ་གྱོན་ཡོད། མཛེས་སྡུག་ལྡན་པའི་ལྷ་ས་ཡིས་ཆེས་སྤྲོ་སྐྱིད་ལྡན་པའི་དུས་ཚིགས་འདིའི་ནང་ཕྱོགས་བཞིའི་མགྲོན་པོ་ཡིད་འགུག་བྱས་ཡོད། ཚེས་བཅུ་གཉིས་ནས་བཅུ་གསུམ་བར་དུ། ༢༠༡༤ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་གཟབ་རྒྱས་ངང་ལྷ་ས་ནས་འཚོག་འགོ་བརྩམས། ཚོགས་རའི་རྣམ་པ་ནི་སྟོན་འགོའི་མཐོ་སྒང་གི་རང་བྱུང་ཁམས་དང་འདྲ་བར་འཆམ་མཐུན་གྱིས་ཁེངས་འདུག  

  ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི༢༠༡༤ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ནི། བོད་ལྗོངས་མངའ་ཁོངས་ནས་སྒྲུབ་པའི་ལྗོངས་ཕྱི་ནང་གི་མི་སྣ་མང་པོ་ཞུགས་ཤིང་། བོད་ལྗོངས་ཀྱི་འཕེལ་རྒྱས་བརྗོད་བྱ་གཙོ་བོ་བྱས་པའི་རྒྱལ་སྤྱིའི་རིང་བཞིན་ཅན་གྱི་རིག་གཞུང་བྱ་འགུལ་གཅིག་རེད།  

  བོད་མིའི་གཏམ་དཔེ་ལཐག་རིང་མགྲོན་པོ་སླེབས་དུས། མེ་ཏོག་སྣ་བརྒྱ་གྲོལ་འགྲོ། སྐུ་ཉིད་གནས་འདིར་ཕེབས་པས། བསོད་ནམས་རླུང་རྟ་རྒྱས་བྱུངཟེར་ལ། ཀྲུང་གོ་དང་ཨ་རི། དབྱིན་ཇི། འཇར་པན་སོགས་རྒྱལ་ཁབ་སུམ་བཅུའི་དཔོན་པོ་དང་ཤེས་ཡོན་པ། སྤྱི་ཚོགས་ལས་རིགས་ཁག་སོ་སོའི་འཐུས་མི་བརྒྱ་ལྷག་ལྷ་སར་འཛོམས་ནས། བོད་ལྗོངས་ཀྱི་འཕེལ་རྒྱས་གོ་སྐབས་དང་འདེམས་གསེས་སྐོར། བོད་ལྗོངས་ཀྱི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ལམ་བུདངབོད་ལྗོངས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོངབོད་ལྗོངས་ཀྱི་སྐྱེས་ཁམས་དང་ཁོར་ཡུག་སྲུང་སྐྱོངཞེས་པ་བཅས་གྲོས་གཞི་བྱས་ཏེ། དངོས་ཡོད་དོན་མཐུན་དང་འཛུགས་སྐྲུན་རང་བཞིན་ཅན་གྱི་བསམ་འཆར་བཏོན་ནས། བོད་ལྗོངས་ཀྱི་འཕེལ་རྒྱས་ཐད་ལ་མཉམ་དུ་གྲོས་འདོན་དང་འཆར་བཀོད་བྱས་པ་རེད།  

  ཐེངས་འདིའི་གླེང་སྟེགས་ཀྱིས་ཚོགས་ཞུགས་པ་ཚོར་བོད་ལྗོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཇེ་ཟབ་བཏང་། རྒྱལ་ཁབ་སོ་སོའི་འཐུས་མི་ཚོས་རང་ཉིད་དངོས་ཀྱི་མྱོང་ཚོར་བརྒྱུད་ནས། དོན་དངོས་དང་མཐུན་པའི་བོད་ལྗོངས་ངོ་མ་ལ་རྒྱུས་ལོན་བྱས། ཕྱི་སོག་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་གི་གཙོ་འཛིན་ཧྲུའུ་ཨེར་ཧྭ་ཡིས་གསར་འགོད་པར་བཤད་རྒྱུར། དེ་ནི་ཁོ་རང་ཐེངས་དང་པོར་བོད་ལྗོངས་སུ་སླེབས་པ་ཡིན་པས། དངོས་སུ་རང་བྱུང་ཡུལ་ལྗོངས་མཛེས་སྡུག་ལྡན་ཞིང་ལོ་རྒྱུས་རིག་གནས་ཡུན་རིང་ལྡན་པ་ཚོར་མྱོང་བྱུང་ལ། བོད་ལྗོངས་མི་དམངས་ཀྱི་འཚོ་བའི་གནས་ཚུལ་ངོ་མ་མཐུང་བྱུང་། མཚོ་བོད་ལྕགས་ལམ་ཤར་གཏོང་བྱུང་ནས་ལོ་ངོ་བརྒྱད་ཀྱི་རིང་ལ་བོད་ལྗོངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་གནམ་ས་བླ་འོག་བསྒྱུར་བ་ལྟ་བའི་འགྱུར་ལྡོག་བྱུང་ཡོད་པས། ཁོ་རང་ལ་བག་ཆགས་ཟབ་མོ་བཞག་བྱུངཞེས་བཤད། ཁོང་གིས་ཡང་། མཚོ་བོད་ལྕགས་ལམ་ཤར་གཏོང་བྱུང་བ་ནི། མིའི་རིགས་ཀྱི་འཛུགས་སྐྲུན་ལོ་རྒྱུས་སྟེང་གི་གྲུབ་འབྲས་རླབས་ཆེན་ཞིག་ཡིན་པས། ཕྱི་སོག་རྒྱལ་ཁབ་ཀྱིས་ལྕགས་ལམ་འཛུགས་སྐྲུན་ཐད་ནས་ཀྲུང་གོ་ལ་སློབ་སྦྱོང་མང་པོ་བྱེད་དགོསཞེས་བཤད་པ་རེད།  

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070