སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཐོ་རྒྱུགས་བཅོས་བསྒྱུར་བྱས་རྗེས་རྒྱུགས་སྤྲོད་པས་ཡིན་གཅིག་ཤེས་དགོས་པའི་དོན་བྱ༧
སྤེལ་དུས། 2014-09-05   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་པ་པོ།  ཟླ་བས་བསྒྱུར།

༡། མཐོ་རྒྱུགས་ལ་རིག་ཚན་རྩིས་ཚན་མི་བཀར་བར། སྐད་ཡིག་རྩིས་རིག་ཕྱི་ཡིག+རང་འདེམས་ཁྲིད་ཚན།

རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བསྒྱུར་བཅོས་ལག་བསྟར་བསམ་འཆརདུ།  སློབ་མའི་རྒྱུགས་འབྲས་ཧྲིལ་པོ་ནི་གཅིག་གྱུར་མཐོ་རྒྱུགས་ཀྱི་སྐད་ཡིག་དང་རྩིས་རིག  ཕྱི་ཡིག་གསུམ་གྱི་ཁར་མཐོ་འབྲིང་གི་སྦྱོང་ཚན་ཆུ་ཚད་རྒྱུགས་གཞི༣བསྣན་ཏེ་གྲུབ་པ་ཡིན་ལ།  གཅིག་གྱུར་མཐོ་རྒྱུགས་སུ་ཡོད་པའི་སྐད་ཡིག་དང་རྩིས་རིག  ཕྱི་ཡིག་གི་ཁྲིད་ཚན་དང་སྐར་ཚད་ལ་འགྱུར་བ་མེད་ཅིང་། རིག་ཚན་དང་རྩིས་ཚན་མི་དབྱེ། ཕྱི་སྐད་ཀྱི་ཁྲིད་ཚན་ལ་རྒྱུགས་ལེན་གོ་སྐབས་ཐེངས་གཉིས་ཡོད། སྤྱིའི་སྐར་གྲངས་སུ་བརྩི་བའི་མཐོ་འབྲིང་སྦྱང་ཚན་ཆུ་ཚད་ཡིག་ཚད་ཀྱི་ཁྲིད་ཚན་ནི་སློབ་མས་རྒྱུགས་སྤྲོད་སའི་མཐོ་སློབ་ཀྱི་རེ་བ་དང་རང་གི་ཁྱད་ཆོས་གཞིར་བཟུང་ནས། བསམ་བློ་ཆབ་སྲིད་དང་ལོ་རྒྱུས། ས་ཁམས། དངོས་ལུགས། རྫས་འགྱུར། སྐྱེ་དངོས་སོགས་ཁྲིད་ཚན་དག་ལས་རང་མོས་ལྟར་བདམས་ཆོག

༢། ཕྱི་སྐད་དང་སྦྱང་ཚན་ཆུ་ཚད་ཡིག་ཚད་ཀྱི་ཁྲིད་ཚན་ཡིག་ཚད་ཐེངས་གཉིས་ལ་བཏང་ཆོག

རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བསྒྱུར་བཅོས་ལག་བསྟར་བསམ་འཆརདུ།  ཕྱི་སྐད་ཁྲིད་ཚན་ལ་ཡིག་ཚད་ཐེངས་གཉིས་བཏང་ཆོག  སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ལི་མིན་ན་རེ།  མཐོ་འབྲིང་སྦྱང་ཚན་ཆུ་ཚད་ཡིག་ཚད་ཀྱི་ཁྲིད་ཚན་དག་བསླབས་ཚར་མ་ཐག་རྒྱུགས་ལེན་ཆོག་ཅིང་།  ཁྲིད་ཚན་གཅིག་ལ་རྒྱུགས་ཐེངས་གཉིས་གཏང་རྒྱུའི་གོ་སྐབས་སྤྲོད་རྒྱུ་ཡིན།  འདི་ལྟར་བྱས་ན་སློབ་མའི་རྒྱུགས་ལ་གྲ་སྒྲིག་དང་རྒྱུགས་བླངས་རྗེས་ཀྱི་སེམས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ།

༣། མི་གྲངས་མང་བའི་ཞིང་ཆེན་དང་དབུས་ནུབ་ཁུལ་ཞིང་ཆེན་ཁག་གི་སློབ་མ་བསྡུ་ཚད་ཇེ་མང་དུ་གཏང་རྒྱུ།

རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བསྒྱུར་བཅོས་ལག་བསྟར་བསམ་འཆརདུ། དབུས་ནུབ་ཁུལ་དང་མི་གྲངས་མང་བའི་ཞིང་ཆེན་གྱི་མཐོ་རྒྱུགས་སློབ་བསྡུའི་ཚད་ཇེ་མཐོར་གཏང་རྒྱུ།  འབྱུང་སའི་སློབ་མའི་གྲངས་ཀ་དང་སློབ་སྒྲུབ་ཆ་རྐྱེན། སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་སོགས་ཕྱོགས་ཡོངས་ལ་བལྟས་ཏེ། རྒྱལ་ཁབ་ཀྱི་སློབ་བསྡུའི་འཆར་གཞི་སྒྲིག་ཞུགས་ཀྱི་ཆ་རྐྱེན་འཐུས་ཚང་དང་མཐོ་སློབ་ཁག་གིས་སློབ་བསྡུའི་འཆར་གཞི་ལག་བསྟར་ནན་མོ་བྱ་རུ་འཇུག་ཆེད།  དབུས་ནུབ་ཁུལ་གྱི་སློབ་བསྡུ་རོགས་སྐྱོར་འཆར་གཞི་མུ་མཐུད་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་།  ཤར་ཁུལ་གྱི་མཐོ་སློབ་ཁག་ཏུ་རྐང་བཙུགས་ནས་ནུབ་ཁུལ་གྱི་སློབ་མ་བསྡུ་ཚད་ཇེ་མཐོར་གཏང་རྒྱུ།

༤།  སློབ་མས་ཞིང་ཆེན་ནང་ཁུལ་དུ་རྒྱུགས་སྤྲོད་པའི་བསྡུར་ཚད་ཇེ་དམའ་དང་ཞིང་ཆེན་ཕྱིར་འགྲོ་ཚད་ཇེ་མཐོར་གཏང་རྒྱུ།

རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བསྒྱུར་བཅོས་ལག་བསྟར་བསམ་འཆརདུ།  ཐད་གཏོགས་མཐོ་སློབ་ཀྱིས་སློབ་མ་བསྡུ་ཚད་དང་བྱེད་ཐབས་ཡོངས་བསྒྲགས་བྱེད་དགོས་ཤིང་།  སློབ་བསྡུའི་འཆར་གཞི་འོས་འཚམས་ཡིན་དགོས་ལ། རང་ཕྱོགས་ཀྱི་སློབ་མ་བསྡུ་ཚད་ཚོད་འཛིན་ནན་མོ་བྱ་དགོས།

༥།  ཞིང་གྲོང་གི་སློབ་མ་གཙོ་གནད་མཐོ་སློབ་ཏུ་ཞུགས་ཚད་ཇེ་མཐོར་གཏང་རྒྱུ།

 རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བསྒྱུར་བཅོས་ལག་བསྟར་བསམ་འཆརདུ། ཞིང་གྲོང་གི་སློབ་མ་མཐོ་སློབ་ཏུ་འགྲོ་བའི་མི་གྲངས་ཇེ་མང་དུ་གཏང་དགོས།  རྒྱལ་ཁབ་ཀྱིས་ཞིང་སྡེའི་དབུལ་ཕོངས་ས་ཆར་ཕྱོགས་གཏན་སློབ་བསྡུའི་འཆར་གཞི་མུ་མཐུད་ནས་ལག་བསྟར་བྱས་ཏེ་གཙོ་གནད་མཐོ་སློབ་ཀྱིས་དབུལ་ཕོངས་ས་ཆ་ནས་དམིགས་བཙུགས་སློབ་བསྡུ་བྱ་རྒྱུ།  ཐད་གཏོགས་མཐོ་སློབ་དང་ཞིང་ཆེན་དུ་གཏོགས་པའི་གཙོ་གནད་མཐོ་སློབ་དག་གིས་ས་མཐའ་དང་དབུལ་པོ། མི་རིགས་ས་ཁུལ་གྱི་ཞིང་སྡེ་སློབ་མ་ཕུལ་བྱུང་ཅན་བསྡུར་ཚད་ངེས་ཅན་ཞིག་བཀོད་སྒྲིག་གིས་བསྡུ་དགོས། ༢༠༡༧ལོར་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་སློབ་མ་གཙོ་གནད་མཐོ་སློབ་ཏུ་ཞུགས་པའི་མི་གྲངས་མངོན་གསལ་གྱིས་ཇེ་མང་དུ་བཏང་སྟེ་ཞིང་སྡེ་སློབ་མ་གཙོ་གནད་མཐོ་སློབ་ཏུ་ཞུགས་པའི་སྒྲིག་ལུགས་འགྲུབ་པར་ཁག་ཐེག་བྱ་དགོས།  སློབ་གསོ་པུའུ་ཡི་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མཱ་ཐའོ་ཡིས་སྟོབས་ལྡན་རྒྱལ་ཁབ་གླེང་སྟེགས་ཀྱི་བཅར་འདྲི་དང་དུ་ལེན་དུས་ན་རེ། ཞིང་སྡེའི་སློབ་མ་གཙོ་གནད་མཐོ་སློབ་ཏུ་ཞུགས་གྲངས་ཇེ་མང་དུ་གཏོང་རྒྱུ་འདི་གཙོ་བོ་རྒྱལ་ཁབ་ཀྱི་དབུལ་ཕོངས་རྫོང་གི་ཞིང་སྡེའི་སློབ་མར་དམིགས་པ་ཡིན།  ཁོ་ཚོ་མ་གཞི་ནས་ཉམས་ཆུང་ཆུང་རེད།  སྦྱང་ཚན་ཆུ་ཚད་ཀྱང་ཞན་པོ་རེད། སྲིད་ཇུས་འདི་བརྒྱུད་ནས་ཁོ་ཚོར་ཁ་གསབ་གང་འཚམས་ཤིག་སྟེར་དགོས་པ་ཡིན་ཟེར།

༦། ལུས་རྩལ་དང་སྒྱུ་རྩལ་སོགས་ཀྱི་དམིགས་བསལ་སྐར་མ་མེད་པར་བཟོ་རྒྱུ།

རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བསྒྱུར་བཅོས་ལག་བསྟར་བསམ་འཆརདུ།  ཡིག་ཚད་དུ་སྐར་མ་སྣོན་རྒྱུ་ཇེ་ཉུང་དང་ཚད་ལྡན་དུ་གཏང་རྒྱུ།  ཡིད་ཚད་དུ་སྐར་མ་སྣོན་རྒྱུའི་རྣམ་གྲངས་ཇེ་ཉུང་དང་ཚོད་འཛིན་ནན་མོ་བྱ་རྒྱུ་སྟེ།  ༢༠༡༥ལོ་ནས་བཟུང་ལུས་རྩལ་དང་སྒྱུ་རྩལ་སོགས་དམིགས་བསལ་སྐར་མ་སྣོན་རྒྱུ་མེད་པར་གཏོང་རྒྱུ་རེད།  སྐར་མ་སྣོན་དགོས་གལ་ཆེ་བའི་རྣམ་གྲངས་སྐོར་ལ་བཀོད་སྒྲིག་འོས་འཚམས་བྱ་རྒྱུ།  མཐའ་མཚམས་མི་རིགས་ཤིན་ཏུ་དབུལ་སའི་སྐར་སྣོན་སྲིད་ཇུས་འཐུས་ཇེ་ཚང་དུ་གཏོང་བར་འབད་རྒྱུ།  ས་གནས་རང་བཞིན་གྱི་མཐོ་རྒྱུགས་སྐར་མ་སྣོན་རྒྱུའི་རྣམ་གྲངས་ཁག་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ཐག་བཅད་དེ་སློབ་གསོ་པུའུ་ལ་སྙན་སེང་ཞུ་དགོས། རྩ་བའི་སྟེང་ནས་རང་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)དུ་གཏོགས་པའི་མཐོ་སློབ་ཀྱིས་རང་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)གྱི་སློབ་མ་བསྡུ་དུས་མ་གཏོགས་སྤྱོད་མི་ཐུབ། སློབ་མར་སྐར་སྣོན་གྱི་ཐོབ་ཐང་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ་སྟེ།  ར་སྤྲོད་བརྒྱུད་རིམ་ཇེ་དམ་དང་སྤྱི་ལ་ཁྱབ་བསྒྲགས། ལྟ་རྟོག་དོ་དམ་ཇེ་དྲག་ཏུ་གཏོང་རྒྱུ།

 ༧།  རིམ་གྱིས་མཐོ་སློབ་ཀྱི་སློབ་བསྡུའི་སྐོར་ཐེངས་མེད་པར་གཏང་རྒྱུ།

རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བསྒྱུར་བཅོས་ལག་བསྟར་བསམ་འཆརདུ།   མཐོ་རྒྱུགས་སྐར་གྲངས་བསྒྲགས་རྗེས་རེ་འདུན་རེའུ་མིག་སྐོང་རྒྱུ་སྤེལ་དགོས།  རིམ་བཞིན་མཐོ་སློབ་ཀྱིས་སློབ་བསྡུའི་སྐོར་ཐེངས་མེད་པར་བཏང་སྟེ་ཡིག་ཚགས་བསྐུར་ནས་སློབ་བསྡུ་བྱེད་པར་རྣམ་པར་བསྒྱུར་རྒྱུ་ཡིན་ལ།  དེས་མཐོ་སློབ་དང་སློབ་མ་གཉིས་ཀྱིས་གདམ་རེས་གོ་སྐབས་མང་དུ་གཏང་ཐུབ། ༢༠༡༥ལོ་ནས་བཟུང་ཆ་རྐྱེན་ལོངས་པའི་ཞིང་ཆེན་གྱིས་སྐོར་ཐེངས་སློབ་བསྡུའི་བཅོས་བསྒྱུར་བྱེད་དགོས།  ཧྲང་ཧའེ་ཉིག་ཡོག་སློབ་ཆེན་སློབ་བསྡུ་ཁང་གི་འགན་ཁུར་པ་ཀྲོའུ་ཧོང་གིས།  སྐོར་ཐེངས་སློབ་བསྡུ་བྱེད་པ་དེ་མཐོ་སློབགྲལ་རིམ་ཅནདུ་བཏང་བ་དང་གཅིག་པ་རེད། ཁྱད་ཆོས་ལྡན་པའི་མཐོ་སློབ་འཛུགས་པར་མི་ཕན། ཁྱད་ཆོས་ཡོད་པའི་ཆེད་ལས་འཛུགས་པར་མི་ཕན།  ད་རེས་སྐོར་ཐེངས་མེད་པར་བཏང་པ་ཡིན་ན། མཐོ་སློབ་བར་ལ་སློབ་སྒྲུབ་འགྲན་བསྡུར་གསར་པ་ཞིག་ངང་གིས་ཆགས་ཀྱི་རེད།  སློབ་མས་ཀྱང་རང་ཉིད་དགའ་མོས་ཆེ་བའི་ཆེད་ལས་རྙེད་ཐུབ་ཀྱི་རེད་ཟེར།

ཁ་བྱང་ཕྱི་མོ།  མཐོ་རྒྱུགས་བཅོས་བསྒྱུར་བྱས་རྗེས་རྒྱུགས་སྤྲོད་པས་ཡིན་གཅིག་ཤེས་དགོས་པའི་དོན་བྱ༧

(རྩོམ་འགན་པ། རྟ་མགྲིན)

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070