ཀྲུང་གོའི་ཁུང་ཙི་ཞིབ་འཇུག་གླིང་གི་གླིང་གཙོ་ཡང་གྲའོ་མིང་ནས་དགོད་འཚེར་འཚེར་དུ " སྲོལ་རྒྱུན་རིག་གནས་ཀྱི་དཔྱིད་དཔལ་ཤར་ལ་ཉེ " ཞེས་བཤད།
རུའུ་ལུགས་སླར་ཡང་མང་ཚོགས་ཀྱི་མིག་ལམ་དུ་ཐོན།
༩པའི་ཚེས༢༤ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཁུང་ཙི་འཁྲུངས་ནས་ལོ་འཁོར ༢༥༦༥ འཁོར་བར་རྗེས་དྲན་ཞུ་བའི་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།
ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་ལོ་རྒྱུས་ནང་། ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་གོ་ཐོབ་ཅན་ཞིག་གིས་ཁུང་ཙིར་རྗེས་དྲན་ཞུ་བའི་རིག་གཞུང་ཚོགས་ཆེན་ལ་ཞུགས་པ་ཐོག་མ་དེ་ཡིན་པ་རེད།
༢༠༡༣ ལོའི་ཟླ ༡༡ ཚེས ༢༦ ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོའི་ཁུང་ཙི་ཞིབ་འཇུག་གླིང་དུ་གཟིགས་སྐོར་གནང་བ་དང་། དགའ་སྣང་ངང ༼ཁུང་ཙིའི་གསུང་སྒྲོས་ཀྱི་འགྲེལ་ཆེན ༽དང་༼ལུན་ཡུའི་འགྲེལ་ཆེན ༽ གཉིས་ལ་གཟིགས་བཞིན་དུ་ " དཔེ་ཆ་འདི་གཉིས་ཁྱིམ་དུ་ནན་ཏན་ངང་ལྟ་རྒྱུ་ཡིན " ཞེས་གསུངས་མྱོང་། དཔེ་ཆ་དེ་གཉིས་ཀྱི་རྩོམ་པ་པོ་ནི་ཡང་གྲའོ་མིང་ཡིན་པ་རེད།
སྐབས་དེའི་མྱོང་ཚོར་གླེང་བ་དང་། ཡང་གྲའོ་མིང་ནས་དགོད་འཚེར་འཚེར་ངང " སྲོལ་རྒྱུན་རིག་གནས་ཀྱི་དཔྱིད་དཔལ་ཤར་ལ་ཉེ " ཞེས་བཤད།
ཁ་བྱང་ཕྱི་མོ། ཁུང་ཙི་ཞིབ་འཇུག་གླིང་གི་གླིང་གཙོ་ཡང་གྲའོ་མིང་ནས།ཞིས་ཅིན་ཕིང་གིས་སྲོལ་རྒྱུན་རིག་གནས་ཀྱི་དེང་རབས་བསྒྱུར་བཅོས་ལ་དགའ་ཞེན་ཆེན་པོ་ཡོད།
(རྩོམ་འགན་པ། ལྷ་དབང)