སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དཔེ་ཀློག་བྱེད་རྒྱུ་ནི་སློབ་ཆེན་པའི་བྱ་བཞག་གལ་ཆེན་ཞིག་ཡིན།
སྤེལ་དུས། 2014-10-10   ཡོང་ཁུངས། ཀྲུང་གོའི་ན་གཞོན་ཚགས་པར།   རྩོམ་པ་པོ།  ཤ་བོ།

ཚོང་ལས་གསར་གཏོད་ཀྱི་རླབས་རྒྱུན་དྲག་པོའི་ཁྲོད། ཤར་ཕྱོགས་གསར་བ་མཉམ་འབྲེལ་གྱི་ལས་འཛིན་པ་གཙོ་བོ་ཡུས་མེན་ཧོང་གིས་པེ་ཅིང་སློབ་ཆེན་གྱི་སློབ་མ་རྣམས་ཀྱི་ལུས་སྟེང་དུ་ཆུ་འཁྱག་འཁྲུས་གཞོང་གང་བྱོ་བ་རེད།དེའི་བསྟན་དོན་ནིལས་རིགས་གསར་གཏོད་ནི་ལས་སླ་བོ་ཞིག་མིན་པ་དང༌།ང་ཚོ་ཚོང་ལས་གསར་གཏོད་ཀྱི་ཆ་ནས་གྲུབ་འབྲས་མངོན་གསལ་དུ་བླངས་འོང་བ་རྣམས་ཀྱིས་ཀྱང༌། སྤྱིར་བཏང་དུ་ཚང་མས་ལས་རིགས་གསར་གཏོད་ཀྱི་ལེགས་འགྲུབ་ཀྱི་བཟང་ཆ་དང་མཚར་སྡུག་གླེང་བརྗོད་བྱེད་པ་རེད། དགའ་རོགས་འཚོལ་ནས་རྒྱལ་ཁ་བླངས་འོང་བའི་མི་ཞིག་གིས་ཁྱོད་ལ་བརྗོད་པ་ནང་བཞིན། དགའ་རོགས་འཚོལ་བ་ནི་དཀའ་ཚེགས་ཆེ་བ་ཞིག་མིན། མཇུག་འབྲས་ནི་ཁྱོད་ཀྱིས་དངོས་སུ་ཚོད་ལྟ་བྱས་ན། བུ་མོ་རེ་རེས་ཁྱོད་ལ་འགྲམ་ལྕག་ཚ་དྲག་ཆོད་པ་ཞིག་སྟེར་ཡང་སྲིད།ལེགས་འགྲུབ་བྱུང་མཁན་དག་གིས་རང་ཉིད་ཀྱི་རྒྱལ་ཁ་བླངས་པའི་གཏམ་རྒྱུད་བརྗོད་པ་རེད། དེར་བརྟེན་ངས་ཚོང་ལས་གསར་གཏོད་བྱ་བར་འདོད་མཁན་དག་གི་ལུས་སྟེང་དུ་ཆུ་འཁྱག་འཁྲུས་གཞོང་གང་གཏོར་བ་ཡིན། ཚོང་ལས་གསར་གཏོད་ལ་ལེགས་འགྲུབ་འབྱུང་དགོས་ན། ཐོག་མར་རྨང་གཞི་ལེགས་པོ་ཞིག་དགོས་པ་རེདཅེས་འགྲེལ་བརྗོད་བྱས། ཉེ་ཆར་བསྡུས་པའི་༢༠༡༤ལོའིཀྲུང་གོའི་ལས་རིགས་གསར་གཏོད་པའི་གྲོས་ཚོགསསྟེང་ཁོས་དེ་ལྟར་བརྗོད།

སློབ་མ་མི་ཉུང་བ་ཞིག་གིས་ང་ལ་འདྲི་དོན།ཚོང་ལས་གསར་གཏོད་ཇི་ལྟར་ལེགས་འགྲུབ་བྱུང་བ་ཡིན། ཁྲོམ་ར་འཕེལ་རྒྱས་ཇི་ལྟར་མགྱོགས་མྱུར་ངང་འཕེལ་བ་ཡིན། སློབ་མ་ཉུང་ཤས་ཤིག་གིས་འདྲི་དོན། ཁྱོད་ཀྱིས་པེ་ཅིང་སློབ་ཆེན་དུ་ཡོད་དུས་སློབ་སྦྱོང་ཇི་ལྟར་བྱས་པ་ཡིན། སློབ་མའི་བྱ་འགུལ་ལ་ཇི་ལྟར་ཞུགས་པ་ཡིན། འདིས་སློབ་མ་རྣམས་ཀྱིས་གདེང་འཇོག་བྱ་ཡུལ་སློབ་སྦྱོང་མིན་པ་གསལ་བར་རྟོགས་ཐུབ ཡུས་མེན་ཧོང་གིས་བལྟས་ཚེ། མ་འོངས་པའི་ཚོང་ལས་གསར་གཏོད་ནི་སློབ་མའི་དུས་རབས་ནས་གསར་གཏོད་བྱ་ཐུབ་པ་ཞིག་ཡིནཔའི་ངེས་པ་གཏན་ནས་མེད། དཔེ་ཀློག་དང་གྲོགས་སྒྲིག་ནི་ད་གཟོད་སློབ་ཆེན་གྱི་བྱ་བཞག་གལ་ཆེན་ཞིག་ཡིན། དཔེ་ཀློག་གི་ཚོང་ལས་གསར་གཏོད་ཀྱི་རྨང་གཞི་བསྐྲུན་ཐུབ། གྲོགས་སྒྲིག་གིས་མི་དང་མི་བར་དུ་འབྲེལ་འདྲིས་བྱས་པ་བརྒྱུད་དེ་བཟོད་སྒོམ་དང་དོན་ཆེན། རོ་མྱོང་སོགས་སློབ་ཐུབ་པ་རེད།

སློབ་ཆེན་དུ་སློབ་མས་ངེས་པར་དུ་དཔེ་ཆ༥ནས༡༠ཡང་ནས་བསྐྱར་དུ་ཀློག་དགོས། དེ་ནི་ཁྱོད་ཀྱི་ཆེད་གཉེར་གྱི་དཔེ་ཆ་མིན་པར་བསམ་བློ་རང་བཞིན་གྱི་དཔེ་ཆ་ཡིན་ཀྱང་རུང༌། བཀླགས་ཟིན་པའི་མཐའ་མཇུག ཁྱོད་ལ་ཐོབ་པ་ནི་དཔེ་ཆའི་ཁྲོད་ཀྱི་བསམ་བློ་ཡིན། ད་རུང་ཁྱོད་ཀྱིས་དེ་ཉིད་རང་ཉིད་ཀྱིས་སྐད་ཆར་བརྟེན་ནས་བརྗོད་ཀྱང་ཆོག འདི་ལྟར་དཔེ་ཀློག་བྱས་ན། ད་གཟོད་འཚོ་བ་ལ་བྲོ་བ་ལྡན་ངེས ཡུས་ཧོང་མེན་གྱིས་བརྗོད་དོན། ཁོས་པེ་ཅིང་སློབ་ཆེན་དུ་སློབ་སྦྱོང་བྱེད་སྐབས། གློ་བའི་གཅོང་ནད་བྱུང་སྟེ་སྨན་ཁང་ནས་ཡུན་རིང་དུ་འདུག་དགོས་བྱུང༌།ལོ་གཅིག་གི་རིང་དུ་ཁོས་དཔེ་ཆ༢༠༠ལྷག་བཀླགས་པ་རེད། སྙན་ངག༢༠༠ལྷག་བྲིས་ཡོད་པ་རེད། དབྱིན་ཡིག་གི་མིང་ཚིག་ཁྲི་ལྷག་བློར་བཟུང༌། འདིས་ཁོ་རང་ཀྲུང་གོའི་དབྱིན་ཡིག་གི་མིང་ཚིག་བློར་འཛིན་བྱས་པ་ཆེས་མང་བའི་དགེ་རྒན་གྱི་རྨང་གཞིའང་བསྐྲུན་པ་རེད

ཁོས་བལྟས་ན།སློབ་ཆེན་འགྲིམས་པའི་བྱ་བཞག་གལ་ཆེན་གཞན་ཞིག་ཡོད་པ་ནི་གྲོགས་སྒྲིག་པ་དེ་ཡིན། སློབ་ཆེན་དུ་གྲོགས་སྒྲིག་པའི་རྩ་དོན་ནི་མི་གཞན་དང་འབྲེལ་འདྲིས་བྱེད་རྒྱུ་དེ་སློབ་ཆེད་ཡིན། ཀྲུང་གོའི་སློབ་ཆེན་གྱི་མལ་ཁང་དུ་མི༦ནས་༨བསྡད་ཡོད། འདི་ལ་བྱེད་ནུས་ཆེན་པོ་ཞི ག་ཡོད་པ་རེད། གལ་ཏེ་མི་གཅིག་གིས་སློབ་ཆེན་གྱི་ལོ་ངོ་བཞིའི་ཁྲོད་མལ་ཁང་ནང་གི་སློབ་གྲོགས་རྣམས་དང་འབྲེལ་འདྲིས་བྱས་པ་བཟང་ན་ནི། མི་ཚེ་གཅིག་ལ་མི་གཞན་ལ་འབྲེལ་འདྲིས་བྱེད་པའི་འཇོན་ཐང་ཡང་བསླབ་ཡོད་པ་རེད། ཚོང་ལས་གཉེར་རྒྱུ་ནི་མི་དང་འབྲེལ་འདྲིས་བྱེད་རྒྱུ་དེ་ཡིན

ཡུས་ཧོང་མེན་གྱི་ལས་རིགས་གསར་གཏོད་འགྲུབ་རྒྱུ་རྐྱེན་བཞི་རུ་བསྡུས་ཆོག  གཅིག་ནི་ཚོང་ལས་ཀྱི་མཛའ་བརྩེ་ཡིན། གཉིས་ནི་ཐོད་བརྒལ་གྱི་བསམ་བློ་ཡིན། གསུམ་ནི་ཚོང་ལས་ལ་བརྡར་ཤ་གཅོད་པའི་ནུས་པ་ཡིན། བཞི་ནི་བྱ་བ་ཡུན་རིང་དུ་སྒྲུབ་པའི་ནུས་པ་ཡིན།

དང་བོ་ཚོང་ལས་ཀྱི་མཛའ་བརྩེ་ཕྱོགས་གསུམ་དུ་འདུ་སྟེ། ༡ མི་གཞན་ལ་ཡིད་ཆེས་ཀྱིབསམ་བློ་བསྐྲུན་རྒྱུ་དེ་ཡིན། ༢ མི་གཞན་གྱི་མྱོང་ཚོར་ལ་གདེང་འཇོག་བྱ་རྒྱུ་དེ་ཡིན། ༣ ཁེ་ཕན་ཐུན་མོང་གིས་སྤྱད་དེ། ཕྱོགས་གསུམ་པོ་མཉམ་འབྲེལ་བྱས་ན་ཐུན་མོང་གི་སྟོབས་ཤུགས་ཆགས་ཐུབ་པ་ཡིན། ནུས་པ་གསུམ་ལ་བརྟེན་ནས་ཐུན་མོང་གི་མ་ལག་ཡུན་རིང་དུ་ཆིག་སྒྲིལ་བྱ་གཏུབས་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070