སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སློབ་གསོ་པུས། མཐོ་རྒྱུགས་ཀྱི་རྒྱུགས་འབྲས་དང་དཔྱད་བསྡུར་གནས་ཚུལ་ལོ་གསུམ་རིང་ཉར་རྒྱུ་ཡིན་ཞེས་བསྒྲགས།
སྤེལ་དུས། 2015-03-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རིན་ཆེན་སྒྲོལ་མ།
  སློབ་གསོ་པུའུ་ཡིས《2015ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་སྤྲོད་བྱ་བའི་ཆོད་དོན》དཔར་འགྲེམ་བྱས་ལ། སློབ་མའི་རྒྱུགས་འབྲས་དང་དཔྱད་བསྡུར་བཅས་གྱི་འབྲེལ་ཡོད་གནས་ཚུལ་ལོ ༣ རིང་ཉར་ཚགས་བྱེད་པའི་ལུགས་གཏན་དུ་ཕབ། གཞན་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་སྐྱེལ་བྱེད་ཀྱི་རླངས་འཁོར་དུ་གཟུགས་ལམ་བརྒྱུད་ལྟ་རྟོགས་བྱེད་པའི་སྒྲིག་ཆས་ཀྱི་རིགས་སྤྱོད་པ་དང་ཡང་ན GPS、GPRS、RFID བཅས་ཀྱི་ལག་རྩལ་བཀོལ་ནས། སློབ་གསོ་དང་རྒྱུགས་སྤྲོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྟ་རྟོགས་གང་ལེགས་བྱེད་རྒྱུ་དང་། རྒྱུགས་ཤོག་བདག་གཉེར་དང་། གཞན་ལ་སྤྲོད་པའི་གནས་སུ་བརྙན་མིག ༢ ཡན་བཀོལ་ཏེ། ཕྱོགས་ཡོངས་ནས་ལྟ་རྟོགས་ནན་མོ་བྱེད་རྒྱུ། ཡང་རྒྱུགས་ཤོག་ལེགས་སྒྲིག་བྱེད་མཁན་ནི་ངེས་པར་དུ་སློབ་གསོ་དང་རྒྱུགས་སྤྲོད་ལས་ཁུངས་ཀྱི་སྒྲིག་ཁོངས་སུ་གཏོགས་པའི་ལས་བྱེད་མི་སྣ་ཡིན་དགོས་པ། ལས་བསྒྲུབ་བྱེད་གནས་ཐོ་འགོད་བྱེད་པ་དང་དེ་གའི་བདེ་འཇགས་ཐད་དོ་སྣང་ཆེན་པོ་བྱེད་པ། གཏན་འགོག་བྱས་ཡོད་པ་དང་འབྲེལ་མེད་ཀྱི་དངོས་རྫས་ལས་གནས་སུ་ཁྱེར་མི་ཆོག་ཅིང་། དེའི་སྐོར་ལ་ཞིབ་བཤེར་ནན་མོ་བྱེད་ངེས་ཡིན་པ། ལས་བྱེད་མཁན་དག་ལས་བསྒྲུབ་ཀྱི་གོ་རིམ་ཁྲོད་རང་འགར་ལས་གནས་དང་ཁ་བྲལ་མི་ཆོག་པ་བཅས་ཀྱི་ནང་དོན་གཏན་ཕབ་བྱས་ཡོད།
  རྒྱུགས་ཤོག་སྐྱེལ་བ་དང་། བདག་གཉེར། གཞན་ལ་སྤྲོད་པའི་བརྒྱུད་རིམ་རེ་རེ་གཟུགས་ལམ་བརྒྱུད་བརྙན་དུ་ཕབ་ཡོད་པར་ཡང་བསྐྱར་ཞིབ་བཤེར་དང་སྙན་ཞུ་ཡང་བྱེད་དགོས། རྒྱུགས་ཤོག་ནི་གཅིག་གྱུར་གྱིས་བཤེར་འབེབས་དང་དཔྱད་བསྡུར་བྱེད་པ་ཡིན་ལ། དེ་མ་གཏོགས་མི་སྒེར་དང་ལས་ཁུངས་གང་དང་གང་ཡིན་རུང་། རྐྱེན་གང་རུང་ལ་བརྟེན་ནས་རང་སྒེར་གྱིས་ཁ་གཅོད་ནན་མོ་བྱས་ཡོད་པ་དེའི་ཁ་ཕྱེ་མི་ཆོག རྒྱུགས་ཤོག་དཔྱད་བསྡུར་གྱི་གནས་སུ་གྲུ་གཅིག་ཀྱང་མ་ལུས་པར་བརྙན་མིག་ལས་ལྟ་རྟོགས་ནན་མོ་བྱེད་པ་དང་། ལས་གནས་གཙོ་བོ་དག་ཏུ་བརྙན་མིག་མང་དུ་བཀོལ་དགོས། བཤེར་འབེབས་བྱས་རྗེས་ཀྱི་རྒྱུགས་ཤོག་གི་ཉར་ཚགས་བྱེད་ཡུན་ནི་རྒྱུགས་འབྲས་ཁྱབ་བསྒྲགས་པ་ནས་བརྩིས་པའི་ཟླ་དྲུག་གི་རིང་ཡིན། བཤེར་འབེབས་དང་། དཔྱད་བསྡུར། གཞན་འབྲེལ་ཡོད་ཀྱི་རྒྱུ་ཆ། རྒྱུགས་སྤྲོད་མཁན་གྱི་རྒྱུགས་འབྲས་བཅས་ཀྱི་གནས་ཚུལ་ཉར་ཚགས་བྱེད་ཡུན་ནི་རྒྱུགས་འབྲས་ཁྱབ་བསྒྲགས་པ་ནས་བརྩིས་པའི་ལོ་གསུམ་རིང་ཡིན། རྒྱུགས་ཤོག་དཔྱད་བསྡུར་བརྒྱུད་རིམ་ཁྲོད་ཀྱི་རྒྱུགས་སྤྲོད་མཁན་གྱི་རྒྱུགས་ཤོག་དང་། སྐར་གྲངས་བཅས་ཀྱི་གནས་ཚུལ་ནི་ཞིང་ཆེན་རིམ་པའི་སློབ་གསོ་དང་རྒྱུགས་སྤྲོད་ལས་ཁུངས་ཀྱིས་ཉར་ཚགས་དང་། གལ་ཏེ་རྒྱུགས་སྤྲོད་མཁན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་མི་ཆོག་པ་ཡོད་ཚེ། རྒྱལ་ཁབ་ཀྱིས་དེའི་ཐད་ཀྱི་གསང་བའི་བྱ་བ་གང་ལེགས་བསྒྲུབ་དགོས།

    ཁ་བྱང་ཕྱི་མོ། སློབ་གསོ་པུས། མཐོ་རྒྱུགས་ཀྱི་རྒྱུགས་འབྲས་དང་དཔྱད་བསྡུར་གནས་ཚུལ་ལོ་གསུམ་རིང་ཉར་རྒྱུ་ཡིན་ཞེས་བསྒྲགས།

(རྩོམ་འགན་པ། ལྷ་དབང)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070