སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སི་ཁྲོན་བོད་ཁུལ་གྱིས་ལོ་བཅོ་ལྔར་སློབ་ཡོན་སྤྲོད་མི་དགོས་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས།
སྤེལ་དུས། 2015-03-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  སྒྲོལ་མ།

སི་ཁྲོན་གྱིས ༢༠༡༣ ལོ་ནས་བཟུང་བོད་ཁུལ་དུ་དམངས་འཚོའི་ལས་གཞི་དྲུག་ལག་བསྟར་བྱས་ཤིང་།  ད་ལྟའི་བར་དུ་བུ་བཅོལ་ཁང་ནས་མཐོ་འབྲིང་གྱི་བར་བསྡོམས་པས་ལོ་བཅོ་ལྔར་སློབ་ཡོན་སྤྲོད་མི་དགོས་པའི་སྲིད་ཇུས་དེ་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ལ།    དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་ཕྲུག་མང་པོའི་སློབ་གྲྭར་འགྲིམ་པའི་གནད་དོན་དེ་ཐག་གཅོད་གང་ལེགས་བྱས། ད་ཐེངས་ཀྱི་ཟླ ༣ པར་སློབ་སྐབས་གསར་བའི་སློབ་མགོ་བརྩམས་རྗེས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་རྩེ་མདོ་སློབ་འབྲིང་གི་མཐོ་འབྲིང་གཉིས་པའི་སློབ་མ་རྣམས་ཀྱིས་དངུལ་སྒོར ༡༠༠༠ ལྷག་གི་སློབ་རིན་དང་དཔེ་དེབ་ཀྱི་རིན་སྤྲོད་མི་དགོས་པ་བྱས།  སློབ་ཡོན་སྤྲོད་མི་དགོས་པའི་སྲིད་ཇུས་དེས་ཁྱིམ་བདག་གང་མང་གི་འགན་འཁུར་ཇེ་ཡང་དུ་བཏང་བས། སློབ་མ་དང་བཅས་པ་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད། 

ད་ཐེངས་ཀྱི་སློབ་སྐབས་ནས་བཟུང་།  དཀར་མཛེས་ཁུལ་གྱིས་མ་དངུལ་ཁྲི་ཚོ ༢༢༠༠ ལྷག་བཏང་སྟེ།  ཁུལ་ཐོག་ཏུ་སློབ་གྲྭ་འགྲིམ་བཞིན་པའི་མཐོ་འབྲིང་སློབ་མ་ཁྲི་ཚོ ༡༡༠༠༠ ལྷག་གིས་སློབ་རིན་སྟེར་མི་དགོས་པ་བྱས།  གཞན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱིས ༢༠༡༣ ལོར་ལོ་བཅོ་ལྔར་སློབ་ཡོན་སྟེར་མི་དགོས་པའི་སྲིད་ཇུས་གཏན་དུ་ཕབ་ཅིང་།    དེ་ལག་བསྟར་བྱས་ནས་ལོ་ངོ་གཉིས་འགོར་བའི་རིང་ཁྱིམ་ཚང་དཀའ་ཁག་ཅན་གྱི་སློབ་མ་མང་པོར་རོགས་རམ་ཚད་མེད་ཐོབ།   

རྔ་བ་ཁུལ་འབར་ཁམས་སློབ་འབྲིང་གི་མཐོ་འབྲིང་གསུམ་པའི་སློབ་མ་ཀར་ཝང་ཁྲོའུ་ཡིས་ཟླ་དྲུག་པའི་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་།  དེ་སྔོན ༢༠༡༣  ལོར་མོས་སློབ་ཡོན་སྤྲོད་མ་ཐུབ་པས་སློབ་གྲྭ་མི་འགྲིམས་པར་བྱེད་བསམ།   འོན་ཀྱང་ལོ་བཅོ་ལྔར་སློབ་ཡོན་སྤྲོད་མི་དགོས་པའི་སྲིད་ཇུས་དེས་མོའི་དཀའ་ངལ་ཡོངས་སུ་སེལ་སོང་།   མོས་ཕུགས་འདུན་ནི་མ་འོངས་བར་གནས་གང་ལེགས་གང་མང་འགྲིམས་ནས་མུ་མཐུད་དུ་སློབ་གཉེར་བྱེད་པ་དང་།    ད་ལྟ་དེ་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད་ཅེས་བཤད། 

༢༠༡༤ ལོའི་ལོ་མཇུག་བར་དུ།  རྔ་བ་ཁུལ་གྱིས་མ་དངུལ་དུར་ཕྱུར ༨ ལྷག་བཏང་ནས་བུ་བཅོལ་ཁང་གི་བྱིས་པ ༢༦༠༠༠ ལྷག་ལ་བདག་གཉེར་དང་སློབ་གསོའི་རིམ་པ་མེད་པར་བཟོས་པ་དང་།  ཉིན་གུང་གི་ཟས་རིན་ཁ་སྣོན་བྱས་ཤིང་།  ལོ་དགུའི་འགན་བབ་སློབ་གསོ་མྱོང་བཞིན་པའི་སློབ་མ་ཁྲི་ཚོ ༩༤༠༠༠ ལྷག་གིས་སློབ་རིན་དང་།  དཔེ་རིན།  འབྲི་དེབ་ཀྱི་རིན་སྟེར་མི་དགོས་པ། བཅའ་སྡོད་སློབ་གྲྭའི་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་

སློབ་མར་རོགས་སྐྱོར་བྱེད་པ།  མཐོ་འབྲིང་གི་སློབ་མ་ཁྲི་ཚོ ༡༥༠༠༠ ལྷག་གིས་སློབ་རིན་དང་དཔེ་རིན་སྟེར་མི་དགོས་པ།  ཆེད་སྦྱོང་སློབ་མ་ཁྲི་ཚོ ༢༩༠༠ ལྷག་གིས་སློབ་རིན་སྟེར་མི་དགོས་པ་བཅས་བྱས།  རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཐན་ཁེ་ཡིས།   ལོ་བཅོ་ལྔར་སློབ་ཡོན་སྤྲོད་མི་དགོས་པའི་སྲིད་ཇུས་ཀྱིས་མི་རིགས་ཀྱི་སློབ་གསོ་ལས་དོན་དེ་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་བཏང་ལ།    ལྷག་པར་དུ་སློབ་སྔོན་སློབ་གསོ་མྱོང་མཁན་ལྡབ་འགྱུར་གྱིས་འཕར་བར་བྱས་པ་དང་།         ལོ་དགུའི་འགན་བབ་སློབ་གསོའི་ལས་དོན་སྲ་བརྟན་དུ་བཏང་།  མཐོ་འབྲིང་རིམ་པའི་སློབ་གསོའི་སྤུས་ཚད་ཀྱང་ཇེ་ལེགས་དུ་གྱུར་ཞེས་བཤད།  སི་ཁྲོན་གྱི་དམངས་འཚོའི་ལས་གཞི་དྲུག་གི་ཁྲོད། སློབ་ཡོན་སྤྲོད་མི་དགོས་པའི་སྲིད་ཇུས་དེ་མ་གཏོགས།    ད་དུང་རོང་འབྲོག་ཁུལ་གྱི་ཁང་བ་གསར་བསྐྲུན་དང་།  སྨན་བཅོས་དང་འཕྲོད་བསྟེན།  སྤྱི་ཚོགས་འགན་སྲུང་།  རིག་གནས་དར་སྤེལ།  མུག་སྐྱོབ་ཀྱི་ལས་རིགས་བཅས་ཡོད། 

ད་ལོར།  སི་ཁྲོན་གྱིས་མ་དངུལ་དུང་ཕྱུར ༥༣ བཏང་ནས་བོད་ཁུལ་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་རེད།

ཁ་བྱང་ཕྱི་མོ། སི་ཁྲོན་བོད་ཁུལ་གྱིས་ལོ་བཅོ་ལྔར་སློབ་ཡོན་སྤྲོད་མི་དགོས་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070