སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཀན་སུའུ་ཡིས་ད་ལོ་ནས་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་ཚང་མ་རྩ་ཆག་གཏོང་རྒྱུ་རེད།
སྤེལ་དུས། 2015-03-30   ཡོང་ཁུངས། མི་དམངས་ཉིན་ཚཌ།   རྩོམ་པ་པོ།  རྟ་མགྲིན།
   འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀན་སུའུ་ཞིང་ཆེན་གྱི་ལས་རིགས་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་གཏོང་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོ་ནས་བཟུང་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་ཚང་མ་རྩ་ཆག་གཏོང་རྒྱུ་ཡིན་པ་རེད། གཞན་ཡང་ཀན་སུའུ་ཞིང་ཆེན་གྱིས་ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་འབྲིང་རིམ་ལས་རིགས་དང་། མཐོ་རིམ་ལས་རིགས། དངོས་གཞིའི་ཚན་ཁག་བཅས་ནས་ཞིབ་འཇུག་སློབ་མའི་སློབ་གསོ་བར་གྱི་རིམ་སྤོར་ཐབས་ལམ་རིམ་བཞིན་གཏོད་རྒྱུ་རེད།
   ཤེས་རྟོགས་བྱུར་བར་གཞིགས་ན། 2015ལོ་ནས་བཟུང་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་ཚང་མ་རྩ་ཆག་གཏོང་རྒྱུ་མ་ཟད། ད་དུང་ཀན་སུའུ་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དུ“9+3”གྱི་སློབ་ཡོན་རྩ་ཆག་གི་འབྲིང་རིམ་ལས་རིགས་སློབ་གསོ་ལག་ལེན་བསྟར་རྒྱུ་སྟེ། ལོ་དགུའི་འོས་འགན་སློབ་གསོའི་རྨང་གཞིའི་ཐོག་བོད་རིགས་ས་ཁུལ་གྱི་སློབ་དུས་འདི་ག་དང་སློབ་དུས་གོང་མའི་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མར་ལོ་གསུམ་རིང་སློབ་ཡོན་དང་། སློབ་དེབ། ཉལ་ཁང་བཅས་ཀྱི་གྲོན་དངུལ་རྩ་ཆག་གཏོང་རྒྱུ་དང་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་སོགས་འབྲིང་རིམ་ལས་རིགས་སློབ་གསོ་ལག་བསྟར་བྱ་རྒྱུ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070