སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སློབ་གསོ་པུས་སློབ་ཆེན་རྩེ་གྲ་དག་གིས་ཞིང་སྡེའི་སློབ་མ་བསྡུ་བར་ཆ་རྐྱེན་ནན་མོ་བཏོན་ཡོད།
སྤེལ་དུས། 2015-04-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  ཚེ་རིང་རྣམ་རྒྱལ།

ཀྲུང་གོ་གསར་འགྱུར་དྲ་བའི་ཟླ ༤ པའི་ཚེས ༣ གྱི་གློག་འཕྲིན། སློབ་གསོ་པུའི་དྲ་ཚིགས་ཀྱི་གསར་ལམ་དུ། ཉེ་ལམ་སློབ་གསོ་པུའུ་ཡིས༢༠༡༥ ལོར་སློབ་ཆེན་རྩེ་གྲ་དག་གིས་ཞིང་སྡེའི་སློབ་མ་བསྡུ་བའི་བྱ་བ་གྲ་སྒྲིག་ལེགས་པོ་བྱ་དགོས་པའི་བརྡ་ཁྱབམར་བསྒྲགས་པ་བཀོད། བརྡ་ཁྱབ་ཏུ་ཞུ་རྒྱུགས་འབུལ་བར་ཆ་རྐྱེན་ནན་མོ་དགོས་པའི་བླང་བྱ་བཏོན་ཡོད་དེ། རྒྱུགས་འབུལ་བར་ཞིང་ཆེནཁུལ་དང་གྲོང་ཁྱེརདེ་གའི་ལག་བསྟར་ས་ཁོངས་ནས་སྟུད་མར་ལོ་གསུམ་ཡན་བསྡད་པའི་ཁྱིམ་ཐོ་དང་དེ་གའི་མཐོ་འབྲིང་དུ་སྟུད་མར་ལོ་གསུམ་དངོས་ཞུགས་བྱས་པའི་སློབ་ཚགས། ལོ་གང་དེའི་གཅིག་གྱུར་མཐོ་རྒྱུགས་སུ་ཞུགས་པར་ཆ་རྐྱེན་ཚང་བ། ཕ་མའམ་ཁྲིམས་བཀོད་ལྟ་སྐུལ་བར་གནས་དེ་གའི་ཁྱིམ་ཐོ་ཡོད་པ་དག་གིས། ད་གཟོད་ཞིང་ཆེནཁུལ་དང་གྲོང་ཁྱེརདེའི་རྒྱལ་ཁབ་ཀྱི་ཆེད་སྤྱོད་འཆར་གཞི་ལག་བསྟར་ས་ཁོངས་ནས་ཐོ་འགོད་བྱ་ཆོག

བརྡ་ཁྱབཀྱི་དངོས་གཞིའི་ནང་དོན་གཤམ་བཀོད་ལྟར།

ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་སོ་སོའི་སློབ་ཆེན་སློབ་བསྡུ་ཨུ་ཡོན་ཁང་། སློབ་གསོ་ཐིངསློབ་ཨུ ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་སློབ་གསོ་ཅུས། དེ་མིན་འབྲེལ་ཡོད་སྡེ་ཁགལས་ཁུངསགི་སློབ་གསོ་སིཅུས པུའུ་གཏོགས་མཐོ་རིམ་སློབ་ཆེནཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་གྲོགས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་བརྒྱུད།ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྒྱུར་བཅོས་གསར་གཏོད་བྱེད་ཚད་ལ་ཤུགས་སྣོན་གྱིས་ཞིང་ལས་དེང་རབས་ཅན་འཛུགས་པའི་འབྲེལ་ཡོད་བསམ་འཆར་ཁ་ཤས》(ཀྲུང་སྤེལ༢༠༡༥༡ པདངརྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུགས་འབུལ་སློབ་བསྡུ་ལམ་ལུགས་བསྒྱུར་བཅོས་བྱས་པ་ལག་བསྟར་དོན་འཁྱོལ་ཡོང་བའི་བསམ་འཆར་སྐོར(རྒྱལ་སྤེལ༢༠༡༤༣༥ པ)དེ་མིན ༢༠༡༥ ལོའིསྲིད་གཞུང་གི་བྱ་བ་སྙན་ཞུདོན་འཁྱོལ་དང་། ཞིང་སྡེ་དང་དབུལ་ཕོངས་ས་ཁུལ་གྱི་སློབ་མར་ཕྱོགས་བཞི་མཚམས་བརྒྱད་དུ་འགྲོ་ལམ་ཕྱེ་ཕྱིར། དེ་རིང ༢༠༡༥ ལོར་སློབ་ཆེན་རྩེ་གྲ་དག་གིས་ཞིང་སྡེའི་སློབ་མ་བསྡུ་བར་བཏོན་པའི་བླང་བྱ་གཤམ་གསལ།

དང་པོ། ཞིང་སྡེ་དབུལ་ཕོངས་ས་ཁུལ་ནས་དམིགས་འཛུགས་ཀྱི་སློབ་མ་བསྡུ་པའི་ཆེད་སྤྱོད་འཆར་གཞི་མུར་སྐྱོང་བྱ་དགོས།

གཅིག སློབ་བསྡུའི་འཆར་གཞི་བཀོད་སྒྲིག་ལུགས་མཐུན། ཞིང་སྡེ་དབུལ་ཕོངས་ས་ཁུལ་ལ་དམིགས་འཛུགས་ཀྱི་སློབ་མ་བསྡུ་བའི་ཆེད་སྤྱོད་འཆར་གཞིགཤམ་ནས་རྒྱལ་ཁབ་ཀྱི་ཆེད་སྤྱོད་འཆར་གཞི་ཞེས་འབོད་རྒྱུནི། ཀྲུང་དབྱང་སྡེ་ཁག་གི་མཐོ་རིམ་སློབ་ཆེན་དང་ས་གནས"ལས་གཞི ༢༡༡"སློབ་ཆེན་གཙོས་པའི་སློབ་རབས་རིམ་པ་དང་པོ་བསྡུ་བའི་སློབ་གྲྭས་འགན་འཁུར་ཡོད། ཁྱོན་སློབ་མ་ཁྲི་ལྔ་བསྡུ་རྒྱུ་ཡིན། འབྲེལ་ཡོད་སྡེ་ཁག་དང་ལྷག་པར་ཀྲུང་དབྱང་སྡེ་ཁག་གི་མཐོ་རིམ་སློབ་ཆེན་གྱིས་གཅིག་གྱུར་དུ་སློབ་མ་བསྡུ་བའི་འཆར་གཞི་ཁ་སྣོན་དང་ཉར་གྲངས་སྒྲིག་བསྒྱུར་འཆར་འགོད་ལེགས་པོ་བྱ་དགོས་ལ། འབྲེལ་ཡོད་ཞིང་ཆེནཁུལ་དང་གྲོང་ཁྱེརགྱི་དབུལ་ཕོངས་ཡུལ་ནས་བྱུང་བའི་སློབ་མའི་བསྡུར་ཚད་སོགས་ཕྱོགས་ཚང་མར་བལྟས་ཏེ། ཞིང་ཆེན་སོ་སོར་འཆར་འགོད་ལུགས་མཐུན་དང་། ཞིང་སྡེའི་སློབ་མའི་ཁ་གྲངས་མང་ལ་སློབ་འཕར་གནོན་ཤུགས་ལྕི་བའི་ཞིང་ཆེན་ལ་གཡོ་ཙམ་བྱ་དགོས།

གཉིས། ཞུ་རྒྱུགས་འབུལ་བའི་ཆ་རྐྱེན་ནན་མོ། རྒྱལ་ཁབ་ཀྱི་ཆེད་སྤྱོད་འཆར་གཞི་ལག་བསྟར་བྱེད་པའི་ས་ཁོངས་ལ་དབུལ་ཕོངས་རྫོང ༨༣༢ འདིར་དམིགས་བསལ་དཀའ་ཁག་ཆེ་བའི་རྫོང་གཅིག་འདུས་ཁུལ་དང་རྒྱལ་ཁབ་རིམ་པའི་དབུལ་སྐྱོར་གཙོར་འཛིན་པའི་རྫོང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཤིན་ཅང་ཅང་ལྷའི་སན་ཏིས་ཁུལ་གྱི་ཐོན་ཁྲང ༢༢ སོགས་འདུས་ཡོདདང་། སློབ་ཆེན་རྩེ་གྲས་བསྡུ་ལེན་བསྡུར་ཚད་ལྟོས་བཅོས་ཀྱིས་ཅུང་དམའ་བའི་ཧོ་པེ་དང་ཧྲན་ཞི། ཨན་ཧུའེ། ཧུ་ནན། ཀོང་ཏུང་། ཀོང་ཞི། སི་ཁྲོན། ཀུའེ་ཀྲོའུ། ཡོན་ནན། ཀན་སུའུ་སོགས་ཡོད། རྒྱུགས་འབུལ་པར་ཞིང་ཆེནཁུལ་དང་གྲོང་ཁྱེརདེ་གའི་ལག་བསྟར་ས་ཁོངས་ནས་ལོ་གསུམ་ཡན་བསྡད་པའི་ཁྱིམ་ཐོ་དང་དེ་གའི་མཐོ་འབྲིང་དུ་སྟུད་མར་ལོ་གསུམ་དངོས་ཞུགས་བྱས་པའི་སློབ་ཚགས། ལོ་གང་དེའི་གཅིག་གྱུར་མཐོ་རྒྱུགས་སུ་ཞུགས་པར་ཆ་རྐྱེན་ཚང་བ། ཕ་མའམ་ཁྲིམས་བཀོད་ལྟ་སྐུལ་བར་གནས་དེ་གའི་ཁྱིམ་ཐོ་ཡོད་པ་དག་གིས།ཞིང་ཆེནཁུལ་དང་གྲོང་ཁྱེརདེའི་རྒྱལ་ཁབ་ཆེད་སྤྱོད་འཆར་གཞི་ལག་བསྟར་ས་ཁོངས་སུ་ཐོ་འགོད་བྱ་ཆོག འབྲེལ་ཡོད་ཞིང་ཆེནཁུལ་དང་གྲོང་ཁྱེརགྱིས་དོན་དངོས་ལ་གཞིགས་ཏེ་ཐོ་འགོད་ཆ་རྐྱེན་ཞིབ་ཚགས་དང་ལག་བསྟར་བྱ་ཐབས་སོགས་གཏན་ཁེལ་བྱ་ཆོག

གསུམ། སློབ་བསྡུ་ཐབས་ལམ་འཐུས་ཚང་གཏང་རྒྱུ། རྒྱལ་ཁབ་ཀྱི་ཆེད་སྤྱོད་འཆར་གཞིའི་སློབ་བསྡུ་ཐབས་ལམ་དང་བྱ་བའི་འགྲོ་ལུགས་ཚང་མ། སློབ་གསོ་པུའུ་སོགས་སྡེ་ཁག་གིས་བཀྲམས་པའིདབུལ་ཕོངས་ས་ཁུལ་ནས་དམིགས་འཛུགས་སློབ་མ་བསྡུ་བའི་ཆེད་སྤྱོད་འཆར་གཞིའི་སྐོར་གྱི་བརྡ་ཁྱབ(སློབ༢༠༡༢༢ པ)ཀྱི་བླང་བྱ་ལྟར་སྒྲུབས། སྲིད་བཤེར་དང་ཁ་རྒྱུགས། ལུས་བཤེར་སོགས་དམིགས་བསལ་ཀྱི་བླང་བྱ་ཡོད་པའི་སློབ་ཆེན་གྱིས་སྔོན་དུ་བཀོད་སྒྲིག་གིས་བསྡུ་ལེན་བྱ་ཆོག འབྲེལ་ཡོད་ཞིང་ཆེནཁུལ་དང་གྲོང་ཁྱེརགྱིས་བྱ་བའི་འགྲོ་ལུགས་གོམ་གང་མདུན་སྤོས་ཀྱིས་ལེགས་བསྒྱུར་དང་། ཡིག་ཚགས་སྤྲོད་པ། སློབ་བསྡུའི་ཐབས་ལམ་འཐུས་ཚང་འོང་ཅི་ཐུབ་ཀྱིས་རྒྱུགས་འབུལ་བའི་བདམ་གསེས་གོ་སྐབས་མང་དུ་གཏོང་གང་ཐུབ་གྱིས། རྩ་དོན་ལྟར་ན་བསྡུ་སྐར་རབས་དེའི་ཚན་ཁག་གི་བསྡུ་སྐར་ཚད་ཐིག་ལས་དམའ་བར་མི་བྱ། སློབ་མས་གྲངས་མ་ལོན་ན། འཆར་གཞི་དུ་མ་བུད་པའི་ཁག་ཐུན་མོང་སློབ་བསྡུ་འཆར་གཞིའི་ཁྲོད་དུ་བཞག་སྟེ་བསྡུ་ལེན་བྱ་མི་ཆོགཔར། ཡང་དང་ཡང་དུ་འདོད་མོས་སྐོང་བསྡུ་ཕྱི་རུ་བསྒྲགས་ནས་བསྡུ་ལེན་བྱ་དགོས། འདོད་མོས་སྐོང་བསྡུས་ཀྱིས་སྔར་བཞིན་འཆར་གཞི་ལྟར་མ་ཡོང་ན། སྐར་གྲངས་འོས་འཚམ་གྱིས་མར་ཕབ་ནས་བསྡུ་ལེན་གྱི་དམིགས་ཡུལ་འགྲུབ་པ་བྱ་དགོས།

གཉིས་པ། ཞིང་སྡེའི་སློབ་མ་ཟུར་བསྡུ་མུར་སྐྱོང་བྱ་དགོས།

གཅིག བསྡུ་ལེན་འཆར་གཞི་འོས་འཚམ་གྱིས་འཕར་བ། ཞིང་སྡེའི་སློབ་མ་ཟུར་བསྡུའོག་ཏུ་སློབ་ཆེན་གྱི་ཆེད་སྤྱོད་འཆར་གཞི་ཞེས་འབོདནི་སློབ་གསོ་པུའི་ཐད་གཏོགས་སློབ་ཆེན་དང་རང་ཚུགས་ཀྱིས་སློབ་མ་བསྡུ་བའི་ཚོད་ལྟའི་སློབ་ཆེན་ནས་འགན་འཁུར་ཡོད། སློབ་བསྡུའི་འཆར་གཞི་སློབ་གྲྭའི་དངོས་གཞི་སློབ་མ་བསྡུ་བའི་ཁྱོན་ཀྱི་བརྒྱ་ཆའི་གཉིས་ལས་ཉུང་མི་རིགས། ངེད་པུའུ་ཡི་སློབ་བསྡུ་འཆར་གཞིའི་ཡིག་ཆའི་ཁྲོད་དུ་ཞིབ་ཚགས་ཀྱི་གྲངས་གསལ་བོ་འགོད་རྒྱུ། འབྲེལ་ཡོད་སློབ་ཆེན་དང་དམིགས་སུ་ཞིང་སྡེའི་སློབ་མའི་བསྡུར་ཚད་ཅུང་དམའ་བའི་སློབ་ཆེན་གྱིས་བྱ་བ་འདིའི་ཕྱོགས་ལ་མུ་མཐུད་འབད་འབུངས་དང་སློབ་བསྡུའི་ཁ་གྲངས་ཇེ་མང་གིས་སློབ་གྲྭའི་ཞིང་སྡེའི་སློབ་མའི་བསྡུར་ཚད་མཐོར་འདེགས་ཡོང་བར་འབུངས་ཤིག ཀྲུང་དབྱང་སྡེ་ཁག་གི་སློབ་ཆེན་གྱིས་ཉུང་འཕྲི་བྱ་དགོས་པའི་དམིགས་བསལ་གྱི་བསྡུ་གྲངས་ཆེས་ཐོག་མར་སློབ་ཆེན་གྱི་ཆེད་སྤྱོད་འཆར་གཞིའི་ཁྲོད་འཇོག་པར་བསམ་བློ་ཐོངས།

གཉིས། ལག་བསྟར་བྱེད་ཁུལ་དང་རྒྱུགས་འབུལ་བར་ཞུ་རྒྱུགས་ཆ་རྐྱེན་གཞན་གང་མཁོ་གསལ་དགོས། སློབ་ཆེན་གྱི་ཆེད་སྤྱོད་འཆར་གཞི་རུ་གཙོ་བོ་བས་མཐའི་ཁུལ་དང་དབུལ་ཕོངས། མི་རིགས་ས་ཁུལ་སོགས་ཀྱི་རྫོངརྫོང་རིམ་པའི་གྲོང་ཁྱེར་འདུསའོག་གི་མཐོ་འབྲིང་དུ་སློབ་ལ་བརྩོན་ཞིང་། རྒྱུགས་འབྲས་ལེགས་འབྲིང་གི་ཞིང་སྡེའི་སློབ་མ་བསྡུ་དགོས། འབྲེལ་ཡོད་ཞིང་ཆེནཁུལ་དང་གྲོང་ཁྱེརགྱིས་གོང་གི་རེ་འདུན་ལྟར་ལག་བསྟར་ས་ཁོངས་ཐག་གཅོད། རེ་ཞུ་སློབ་མ་དང་དེའི་ཕ་མའམ་ཁྲིམས་བཀོད་ལྟ་སྐུལ་བའི་ཁྱིམ་ཐོ་ཞིང་ཆེན་ཁུལ་དང་གྲོང་ཁྱེརདེའི་ལག་སྟར་བྱེད་ཡུལ་གྱི་གྲོང་ཚོའི་ཡིན་དགོས་པར་མ་ཟད། སློབ་མ་རང་ཉིད་གནས་དེ་གའི་ལོ་གསུམ་ཡན་གྱི་ཁྱིམ་ཐོ་དང་དེ་གའི་མཐོ་འབྲིང་དུ་ལོ་གསུམ་སྟུད་མར་དངོས་ཞུགས་བྱས་པ། ལོ་དེའི་གཅིག་གྱུར་མཐོ་རྒྱུགས་སུ་ཞུགས་པའི་ཆ་རྐྱེན་དང་མཐུན་དགོས། ཞུ་རྒྱུགས་པའི་ཁྱིམ་ཐོ་དང་སློབ་ཚགས་སོགས་ལ་ཞིབ་བཤེར་བྱ་ཐབས་འབྲེལ་ཡོད་ཞིང་ཆེནཁུལ་དང་གྲོང་ཁྱེརགྱིས་ཞིབ་འཇུག་གིས་ཐག་གཅོད་བྱོས། ཁྱིམ་ཐོའི་ལམ་ལུགས་བསྒྱུར་བཅོས་བྱས་དང་བྱེད་བཞིན་པའི་ས་ཁུལ་གྱིསརྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྡོམས་རྩིས་ཐོག་ཞིང་གྲོང་འབྱེད་པའི་གཏན་ཁེལ་སྐོར་གྱི་ཞུས་ལན》(རྒྱལ་འཕྲིན༢༠༠༨༦༠ པདུ་བརྗོད་པའི་རེ་འདུན་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཆེས་གསར་དུ་བསྒྲགས་པའིབསྡོམས་རྩིས་སུ་བཀོལ་བའི་དབྱེ་འབྱེད་ཚབ་རྟགསདངབསྡོམས་རྩིས་སུ་བཀོལ་བའི་ཞིང་གྲོང་དབྱེ་འབྱེད་ཚབ་རྟགསསྤྱད་དེ། རྒྱུགས་མཁན་གྱི་ཁྱིམ་ཐོའི་ས་ཁོངས་ཐག་གཅོད།

གསུམ། དཔྱད་ཞིབ་དང་བསྡུ་ལེན་བྱེད་ཐབས་ཚན་རིག་གིས་ཕོབས། འབྲེལ་ཡོད་སློབ་ཆེན་གྱིས་ཞིང་སྡེའི་སློབ་མའི་ཁྱད་ཆོས་དང་འབྲེལ་བ་ཡོད་པའི་སློབ་འབྲིང་གི་དོན་དངོས་ལ་གཞིགས་ཏེ། རྒྱུགས་འབུལ་ཚང་དགོས་པའི་རེ་ཞུའི་བླང་བྱ་དང་དཔྱད་ཞིབ། བསྡུ་ལེན་བྱེད་ཐབས་སྔར་བས་འཐུས་ཚང་གཏང་དགོས། ཚན་རིག་ཆེད་མཁས་པས་བྱེད་ནུས་ཆེན་པོས་རྒྱུགས་འབུལ་བའི་རེ་ཞུའི་ཡིག་ཆར་ཞིབ་བཤེར་ནན་ཏན་དང་སློབ་གྲྭ་དེའི་དཔྱད་ཞིབ་ཏུ་ཞུགས་ཆོག་པའི་རྒྱུགས་འབུལ་བའི་མིང་ཐོ་ལུགས་མཐུན་གྱིས་གཏན་ཁེལ་བྱ་དགོས། འབྲེལ་ཡོད་སློབ་ཆེན་དང་སློབ་འབྲིང་གིས་ཁྱིམ་ཚང་འཚོ་བར་དཀའ་ངལ་ཆེ་བའི་རྒྱུགས་འབུལ་བར་དཔལ་འབྱོར་ཁ་གསབ་དང་། ཆེད་མཁས་པ་ཡུལ་དངོས་སུ་ཕྱིན་ཏེ་དཔྱད་ཞིབ་བམ་དྲ་རྒྱའི་བརྙན་ལམ་ནས་ཁ་རྒྱུགས་ལེན་ཐབས་སོགས་འཚོལ་སྙེག་གི་ལམ་ནས་ཞབས་ཞུ་རྣམ་པ་གསར་བ་ཕྱེ་སྟེ། རྒྱུགས་འབུལ་བས་ཐོ་འགོད་སླ་མོ་དང་དཔྱད་ཞིབ་སྟབས་བདེ། རོགས་རམ་ཡོང་བ་བྱ་དགོས། རང་ཚུགས་སློབ་བསྡུའི་ཁྲིམས་ལྟར་དཔྱད་ཞིབ་བསྡུ་ལེན་གྱི་བྱ་བར་དོ་དམ་བྱོས། སློབ་བསྡུ་བགྱི་བར་ཟུར་དུ་མོས་འདུན་སྐོང་བ་དང་ཡིག་ཚགས་སྤྲོད་དགོས། རྩ་དོན་ལྟར་ན་རང་ཚུགས་ཀྱི་སློབ་བསྡུ་དང་མཉམ་དུ་བསྡུ་ལེན་བྱ་དགོས་ལ། བདམས་ཐོན་བྱུང་བའི་རྒྱུགས་ཕུལ་སློབ་མའི་མཐོ་རྒྱུགས་སྤྱི་སྐར་སློབ་གྲྭ་དེའི་རབས་དེའི་ཚན་ཁག་སློབ་མ་བསྡུ་བའི་ཚོད་འཛིན་སྐར་ཐིག་ལས་དམའ་མི་རུང་།

བཞི། དུས་ཚོད་ལུགས་མཐུན་གྱིས་བཀོད་སྒྲིག་བྱ་དགོས། ཟླ ༤ པའི་ཚེས ༡༥ ལྔའི་སྔོན་དུ། འབྲེལ་ཡོད་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་རང་ཞིངཁུལ་དང་གྲོང་ཁྱེརགི་ལག་བསྟར་བྱེད་པའི་ས་ཁོངས་དང་། འབྲེལ་ཡོད་སློབ་ཆེན་གྱིས་སློབ་བསྡུའི་སྒྲིག་ཡིག་མདོར་བསྡུས་ཁྱབ་བསྒྲགས་བྱ་དགོས། ཟླ ༤ པའི་ཚེས ༡༥ ནས་ཟླ ༥ པའི་ཚེས ༥ ཉིན་གྱི་བར་དུ། རྒྱུགས་འབུལ་བ་དག་གིས་འོད་སྤྲས་མཐོ་རྒྱུགས་སྟེགས་བུ(http://gaokao.chsi.com.cn/gxzxbm)ནས་རེ་ཞུའི་ཐོ་འགོད་བྱ་ཆོག ཟླ ༥ པའི་ཚེས ༣༠ སྔོན་དུ། འབྲེལ་ཡོད་ཞིང་ཆེནཁུལ་དང་གྲོང་ཁྱེརགྱིས་རྒྱུགས་འབུལ་པའི་ཁྱིམ་ཐོ་དང་སློབ་ཚགས་ཐོབ་ཐང་ལ་ཞིབ་བཤེར་བྱས་ཏེ་སྤྱི་བསྒྲགས་བྱ་དགོས། འབྲེལ་ཡོད་སློབ་ཆེན་གྱིས་ཞུ་རྒྱུགས་པའི་ཡིག་ཆར་བསྐྱར་ཞིབ་བྱས་ཚར་དགོས། ཟླ ༦ པའི་ཚེས ༣ སྔོན་དུ་འབྲེལ་ཡོད་སློབ་ཆེན་གྱིས་ཞིབ་དཔྱད་བྱེད་པར་ཞུགས་ཆོག་པའི་མིང་ཐོ་སྤྱི་བསྒྲགས་བྱོས། སློབ་ཆེན་གྱི་དཔྱད་ཞིབ་བྱས་ཀྱིས་བདམས་ཐོན་བྱུང་བའི་མིང་ཐོ་སོགས་མཐོ་རྒྱུགས་རྫོགས་པ་དང་རྒྱུགས་འབྲས་མ་ཐོན་པའི་བར་དུ་སྒྲོགས།

གསུམ་པ། ས་གནས་སློབ་ཆེན་རྩེ་གྲས་ཞིང་སྡེའི་སློབ་མ་བསྡུ་བའི་ཆེད་སྤྱོད་འཆར་གཞི་མུར་སྐྱོང་། ས་གནས་ཀྱི་སློབ་ཆེན་རྩེ་གྲས་ཞིང་སྡེའི་སློབ་མ་བསྡུ་བའི་ཆེད་སྤྱོད་འཆར་གཞིའོག་ཏུ་ས་གནས་ཀྱི་ཆེད་སྤྱོད་འཆར་གཞི་རུ་བསྡུས་ཡོདནི་ཞིང་ཆེནཁུལ་དང་གྲོང་ཁྱེརསོ་སོར་གཏོགས་པའི་སློབ་ཆེན་རྩེ་གྲས་འགན་འཁུར་དགོས། སློབ་བསྡུའི་འཆར་གཞི་ཞིང་ཆེནཁུལ་དང་གྲོང་ཁྱེརསོ་སོས་རང་ས་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ་གཏན་ཁེལ་བྱོས། རྩ་དོན་ལྟར་ན་འབྲེལ་ཡོད་སློབ་ཆེན་གྱིས་སློབ་རམས་རིམ་པ་དང་པོ་བསྡུ་བའི་གྲངས་ཀྱི་བརྒྱ་ཆའི་གསུམ་ལས་དམའ་མི་རུང་།ཞིང་ཆེན་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཆེད་སྤྱོད་འཆར་གཞི་ཡི་རྨང་གཞིའི་ཐོག ས་གནས་ཀྱི་སྤུས་ལེགས་མཐོ་རིམ་སློབ་གསོའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་འཐུས་ཚང་ཡོང་བར་ཁག་ཐེག་དང་། འབྲེལ་ཡོད་སློབ་ཆེན་གྱིས་སློབ་བསྡུ་འཆར་གཞིའི་མི་གྲངས་ལྡང་བར་སྣེ་སྟོན་བྱ་དགོས། ས་གནས་ཀྱི་ཆེད་སྤྱོད་འཆར་གཞི་ལག་སྟར་ས་ཁོངས་དང་ཞུ་རྒྱུགས་འབུལ་པའི་ཆ་རྐྱེན། བསྡུ་ལེན་བྱ་ཐབས་སོགས་ཞིང་ཆེནཁུལ་དང་གྲོང་ཁྱེརསོ་སོས་ས་ཆུ་དང་མཐུན་པར་བྱོས། ཞིང་ཆེན་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཟླ ༤ པའི་ཚེས ༣༠ སྔུན་དུ། རང་ཞིང་ཆེནཁུལ་དང་གྲོང་ཁྱེརགྱི་ས་གནས་ཀྱི་ཆེད་སྤྱོད་འཆར་གཞི་ལག་བསྟར་བྱ་ཐབས་ངེད་པུའུ་རུ་འདི་བྱས་སྙན་ཞུ་འཁོད།

བཞི་བ། རྒྱུགས་ལེན་སློབ་བསྡུའི་བྱ་བ་དྲང་མོ་དྲང་བཞག་ཡོང་པར་འགན་འཁུར།

གཅིག ཐོབ་ཐང་ཞིབ་བཤེར་དང་དོ་དམ་ཚད་ལྡན་ལ་ཤུགས་སྣོན། ཞིང་ཆེནཁུལ་དང་གྲོང་ཁྱེརསོ་སོས་རང་སའི་ཁྱིམ་ཐོ་ལམ་ལུགས་བསྒྱུར་བཅོས་བྱས་པའི་དོན་དངོས་ལ་གཞིགས་ཏེ། རྒྱལ་ཁབ་ཀྱི་ཆེད་སྤྱོད་འཆར་གཞི་དང་སློབ་ཆེན་གྱི་ཆེད་སྤྱོད་འཆར་གཞི།ས་གནས་ཀྱི་ཆེད་སྤྱོད་འཆར་གཞིའི་རྒྱུགས་འབུལ་བའི་ཁྱིམ་ཐོ་དང་སློབ་ཚགས་ཐོབ་ཐང་སོགས་ཞིབ་བཤེར་བྱེད་ཐབས་ནན་ཏན་གྱི་ཞིབ་འཇུག་བྱས་ནས། སློབ་གསོ་དང་སྤྱི་བདེ་ལས་ཁུངས་མཉམ་འབྲེལ་གྱིས་ཞིབ་བཤེར་བྱེད་པའི་ནང་རྐྱེན་བཙུགས་ཏེ། རྒྱུགས་འབུལ་སློབ་མའི་ཁྱིམ་ཐོ་དང་སློབ་ཚགས་དོན་དངོས་འཆུག་མེད་ཡོང་དགོས། ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་བསྡུ་རྒྱུགས་ལེན་ལས་ཁུངས།འབྲེལ་ཡོད་སློབ་ཆེན་སོགས་ཀྱིས་འབྲེལ་ཡོད་སློབ་བསྡུའི་སྲིད་ཇུས་ཀྱི་གཏན་ཁེལ་དང་སློབ་བསྡུའི་འཆར་གཞི་ལྟར་ལག་སྟར་ཐབས་སྟོན། བྱ་བའི་མགོ་རྔ་དང་བརྒྱུད་རིམ་ཚད་ལྡན། རྒྱུགས་འབུལ་པའི་ཡིག་ཚགས་དང་སློབ་བསྡུའི་ཐོབ་ཐང་ལ་རྟོག་ཞིབ་ནན་མོས། ཐོབ་ཐང་རྫུན་བཟོ་དང་སྲོལ་འགལ་བསྡུ་ལེན་གཏན་འགོག་བྱོས། འབྲེལ་ཡོད་སློབ་ཆེན་གྱིས་ས་ཁོངས་དང་ཡིག་ཚགས།ཁྱིམ་ཐོ་སོགས་ཆ་རྐྱེན་དང་མི་མཐུན་པ་བསྡུ་མི་ཆོག 

གཉིས། གནས་ཚུལ་ཕྱིར་བསྒྲགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ཡོང་བར་འབངས། དུས་ལྟར་སློབ་བསྡུའི་སྲིད་ཇུས་དང་སློབ་བསྡུར་ཞུགས་མིའི་པའི་ཐོབ་ཐང་། སློབ་བསྡུའི་གནས་ཚུལ་རགས་བཀོད། སློབ་བསྡུ་འཆར་གཞི། རྒྱུགས་འབུལ་པའི་ཐོབ་ཐང་། བསྡུ་ལེན་གྱི་བརྒྱུད་རིམ། བསྡུས་པའི་མཇུག་འབྲས། འདྲི་རྟོག་དང་ཐེར་འདོན་ཡར་ཞུ། དོན་རྐྱེན་གལ་ཆེན་ཁྲིམས་འགལ་བྱས་པར་ཐག་བཅད་པའི་མཇུག་འབྲས། གསར་བསྡུས་སློབ་མའི་བསྐྱར་ཞིབ་མཇུག་འབྲས་སོགས་སློབ་བསྡུའི་གནས་ཚུལ"བཅུ་བསྒྲགས"ལག་ལེན་འཁྱོལ་བར་བྱོས། འབྲེལ་ཡོད་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་དང་སློབ་འབྲིང་གིས་དུས་ལྟར་ཆེད་སྤྱོད་འཆར་གཞི་ལག་བསྟར་བྱེད་པའི་ས་ཁུལ་དང་ཁྱིམ་ཐོ། སློབ་ཚགས། ཐོབ་ཐང་། དཔྱད་ཞིབ་ལས་འཕྲོད་པའི་སློབ་མའི་མིང་ཐོདེར་སློབ་མའི་རུས་མིང་དང་སློབ་ཚགས་གནས་ཡུལ་སློབ་གྲྭ། མི་སྒེར་དང་ཕ་མའམ་ཁྲིམས་བཀོད་ལྟ་སྐུལ་བའི་ཁྱིམ་ཐོ་གནས་ཡུལ་སོགས་ཀྱི་ཆ་འཕྲིན་འདུསབསྒྲགས་དགོས། འབྲེལ་ཡོད་སློབ་ཆེན་གྱིས་དུས་ལྟར་སློབ་ཆེན་གྱི་ཆེད་སྤྱོད་འཆར་གཞི་ཡི་དཔྱད་ཞིབ་ཁྲོད་ཞུགས་ཆོག་པའི་སློབ་མའི་མིང་དང་དཔྱད་ཞིབ་རྒྱུགས་འབྲས། ཚད་ལོན་གྱི་ཚད་གཞི། བདམས་ཐོན་བྱུང་བའི་རྒྱུགས་འབུལ་པའི་མིང་ཐོ། བསྡུ་ལེན་བྱས་པའི་མཇུག་འབྲས་སོགས་བཀོད་དེ། སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་པར་དང་ལེན་བྱ་དགོས།

གསུམ། ཁྲིམས་འགལ་ལུགས་འགལ་སྣ་ཚོགས་ནན་ཏུར། ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་བསྡུ་རྒྱུགས་ལེན་ལས་ཁུངས། སློབ་ཆེན་བཅས་ཀྱིས་བྱ་བའི་སྒྲིག་ལམ་བཙན་པོ་དང་ལྟ་སྐུལ་རྟོག་ཞིབ་ཤུགས་སྣོན། ཐེར་འདོན་གོང་ཞུའི་ནང་རྐྱེན་བཙུགས་ཏེ། གནད་དོན་སྣ་མང་ཐག་གཅོད་བྱས་ཚུལ་དུས་ལྟར་ཨ་ལན་ཡོང་དགོས། ཁྲིམས་འགལ་ལུགས་འགལ་སྡེ་ཁག་དང་ལས་ཁུངས། སློབ་གྲྭ། རྒྱུགས་འབུལ་བ། བྱ་བ་བྱེད་མཁན་གང་ཡིན་རུང་།རྒྱལ་ཁབ་སློབ་གསོའི་རྒྱུགས་འབུལ་ལུགས་འགལ་ལ་ཐག་གཅོད་བྱེད་ཐབས》(སློབ་གསོ་པུའུ་བཀའ ༣༣ པདངམཐོ་རིམ་སློབ་གྲྭ་དཀྱུས་མས་སློབ་བསྡུ་ལུགས་འགལ་བྱ་བར་ཐག་གཅོད་བྱེད་ཐབས་གནས་སྐབས་མ》(སློབ་གསོ་པུའུ་བཀའ ༣༦ པལྟར་ནན་ཏུར་བྱ་དགོས། ཁྲིམས་འགལ་ཉེས་པ་ལྡན་ན། ཁྲིམས་དཔྱོད་ཁང་དུ་བསྐྱལ་ཏེ་ཐག་གཅོད་རྒྱུ།

བཞི། སྲིད་ཇུས་དྲིལ་སྒྲོག་དང་གསལ་བཤད་བྱ་བར་ཤུགས་སྣོན། རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་བསྡུ་རྒྱུགས་ལེན་ལས་ཁུངས། འབྲེལ་ཡོད་སློབ་ཆེན་གྱིས་ཞིང་སྡེའི་ས་ཁུལ་དང་སློབ་འབྲིང་དུ་རང་འགུལ་གྱིས་བསྐྱོད་དེ། རྣམ་པ་འདྲ་མིན་གྱིས་དྲིལ་སྒྲོག་དང་གསལ་བཤད་ཀྱིས་དོགས་གཞི་སེལ་ནས། རྒྱ་ཆེ་བའི་རྒྱུགས་འབུལ་སློབ་མས་སྲིད་ཇུས་རྟོགས་པ་དང་ཕུལ་བྱུང་སློབ་མས་ཐོ་འགོད་བྱེད་པར་སྐུལ།

ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་བརྡ་ཁྱབ་འདི་མྱུར་གྱིས་རང་ཞིང་ཆེནཁུལ་དང་གྲོང་ཁྱེརགྱི་རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་བསྡུ་རྒྱུགས་ལེན་ལས་ཁུངས། འབྲེལ་ཡོད་སློབ་ཆེན། མཐོ་འབྲིང་རིམ་པའི་སློབ་གྲྭར་བརྒྱུད་སྐུར་བྱོས།

སློབ་གསོ་པུའུ།

༡༠༡༥ ལོའི་ཟླ ༤ པའི་ཚེས ༡ ཉིན།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070