སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཟླ་རྗེས་མར་ལས་བྱེད་པའི་གླ་ཕོགས་ལ་སྙོམས་སྒྲིག་བྱ་དུས་བོད་ལྗོངས་ཀྱི་གླ་ཕོགས་ཇེ་མཐོར་འགྲོ་ངམ།
སྤེལ་དུས། 2015-04-20   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་རྒྱལ།

ཀྲུང་གོའི་བོད་ལྗོངས་དྲ་བ་ནས།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ ༥ བའི་ཚེས ༡༢ ཉིན"ད་ལོའི་ཟླ ༦ པའི་ཟླ་མཇུག་གི་སྔོན་ལ་ས་གནས་ཁག་གི་གླ་ཕོགས་ལེགས་སྒྲིག་བྱེད་དོན་ངེས་པར་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས"ཞེས་གསུངས།   འདིའི་ཐོག་ནས་འདི་ལོའི་ཟླ ༦ པའི་ཟླ་མཇུག་གི་སྔོན་དུ་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་སྒྲུབ་མི་སྣ་བྱེ་བ ༤ ལ་ཉེ་བ་རྣམས་ཀྱི་གླ་ཕོགས་ལེགས་སྒྲིག་བྱེད་རྒྱུ་ཡིན་པ་མཚོན་ཡོད།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་དེའི་སྔོན་དུ་ཕྱིར་བསྒྲགས་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་གཞིགས་ནས་རྩིས་བརྒྱབ་ན།  ཟླ་རེར་མི་རེར་ཆ་སྙོམས་སུ་གླ་ཕོགས་སྒོར ༣༠༠ ཡས་མས་རེ་འཕར་རྒྱུ་རེད།  འདིའི་སྔོན་བོད་ལྗོངས་ཀྱི་གླ་ཕོགས་ཀྱི་ཆུ་ཚད་ནི་རྒྱལ་ཡོངས་ཀྱི་ཨང་གཉིས་པའི་གྲས་ཡིན་པ་དང་།  ཐེངས་འདིའི་གླ་ཕོགས་ལེགས་སྒྲིག་གི་སྲིད་ཇུས་གཞི་རིམ་དུ་གཞོགས་ཚུལ་ལ་བལྟས་ན་བོད་ལྗོངས་དུ་གླ་ཕོགས་འཕར་མིན་ནི་རེ་ལྟོས་བྱེད་དགོས་པ་ཞིག་རེད།

ས་གནས ༡༡ གི ༢༠༡༥ ལོའི་ཆེས་དམའ་བའི་གླ་ཕོགས།

ད་ལོའི་ལོ་མགོར་རྒྱབ་སྲིད་སྤྱི་ཁྱབ་ཁང་གིསལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་སྒྲུབ་མི་སྣའི་རྒན་གསོའི་ཉེན་སྲུང་ལམ་ལུགས་བཅོས་སྒྱུར་སྐོར་གྱི་གཏན་ཁེལཞེས་པ་སྤེལ་ནས།  གཞུང་ཞབས་པ་དང་བྱ་ལས་སྡེ་ཚན་གྱི་མི་སྣས་རྒན་གསོའི་ཉེན་སྲུང་གི་དངུལ་སྤྲོད་དགོས་པ་ཐག་བཅད་ལ།  དུས་མཚུངས་སུ་ཐེངས་འདིའི་རྒན་གསོ་ཉེན་སྲུང་ལམ་ལུགས་བཅོས་སྒྱུར་དང་བསྟུན་ནས།  ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་མི་སྣའི་གླ་ཕོགས་ཀྱང་དུས་གཅིག་ཏུ་ལེགས་སྒྲིག་བྱ་རྒྱུ་ཡིན་པའི་ཐག་བཅད་འདུག

ལི་ཁེ་ཆང་གིས་ཟླ ༥ པའི་ཚེས ༡༢ ཉིན་འཚོགས་པའི་རྒྱལ་ཡོངས་སུ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། དོ་དམ་ལྷོད་གཏོང་བྱེད་རྒྱུ་དང་འགན་ནུས་ལེགས་འགྱུར་བྱེད་རྒྱུ་ཟུང་འབྲེལ་བྱེད་པར་སྐུལ་སྤེལ་གཏོང་བའི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་བསྟན་དོན།  ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་གླ་ཕོགས་དང་རྒན་གསོའི་ཉེན་སྲུང་ལམ་ལུགས་འཐུས་ཚང་གཏོང་བའི་ཐད་ལ་སྲིད་ཇུས་བཏོན་གནང་བ་རེད།  ད་ལོའི་ཟླ ༦ པའི་ཟླ་མཇུག་གི་སྔོན་དུ་ས་གནས་ཁག་གི་གླ་ཕོགས་ལེགས་སྒྲིག་ངེས་པར་དུ་དོན་འཁྱོལ་བྱ་དགོས་ཞེས་བརྗོད་བྱུང་།

རྒྱུས་ལོན་བྱས་པ་ལྟར་ན།  རང་རྒྱལ་གྱིས ༢༠༠༦ ལོར་གླ་ཕོགས་ལམ་ལུགས་བཅོས་སྒྱུར་བྱས་ཚུན་དུ་ད་བར་དུ་ད་ལྟའི་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་གླ་ཕོགས་ལམ་ལུགས་འདི་ལག་བསྟར་བྱེད་བཞིན་པ་རེད།  ཐེངས་འདིའི་ལེགས་སྒྲིག་གི་སྔོན་དུ་གཞུང་ཞབས་པའི་གླ་ཕོགས་ལོ ༩ ལ་འཕར་མེད།   ཐེངས་འདིའིལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་གླ་ཕོགས་ལེགས་སྒྲིག་བྱེད་ཐབསཀྱིས་བསྟན་དོན། གཞུང་ཞབས་པའི་གཞི་རྩའི་གླ་ཕོགས་ཀྱི་ཚད་གཞི་རྒྱུན་ལྡན་ངང་ལེགས་སྒྲིག་བྱེད་པའི་མ་ལག་བཙུགས་ནས།  གཞི་རྩའི་ཐོག་མ་འོངས་པར་གཞུང་ཞབས་པའི་གཞི་རྩའི་གླ་ཕོགས་ལོ་གཅིག་དང་ལོ་གཉིས་རེ་ནས་ཐེངས་རེར་ལེགས་སྒྲིག་བྱ་རྒྱུ་དང་།  གཞི་འཛིན་ས་གཙོ་བོ་ནི་གཞུང་ཞབས་པ་དང་ཁེ་ལས་མི་སྣའི་གླ་ཕོགས་ལ་བརྟག་དཔྱད་དཔྱད་བསྡུར་བྱས་པའི་འབྲས་བུ་དང་ད་དུང་རྒྱལ་དམངས་དཔལ་འབྱོར་གྱི་འཕེལ་རྒྱས་དང་ནོར་སྲིད་ཀྱི་གནས་ཚུལ།  དངོས་ཟོག་གི་རིན་གོང་གི་འགྱུར་བ་སོགས་ལ་ཕྱོགས་བསྡུས་ཀྱི་བསམ་བློ་བཏང་ནས་གླ་ཕོགས་ལེགས་སྒྲིག་གི་ཚད་གཏན་ཁེལ་བྱེད་དགོས།

དེ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གསར་འགྱུར་གཏམ་བཤད་མཁན་ལི་ཀྲུང་གིས་བཤད་པ་ལྟར་ན།  ཐེངས་འདིའི་ཁ་སྣོན་བྱས་པའི་གཞི་རྩའི་གླ་ཕོགས་མང་ཆེ་ཤོས་ནི་རྒན་གསོའི་ཉེན་སྲུང་ལམ་ལུགས་བཅོས་སྒྱུར་གྱི་མི་སྒེར་གྱི་སྤྲོད་དངུལ་གྱི་བཅོས་སྒྱུར་གྱི་མ་རྩ་ཡིན།  དོན་དངོས་ཀྱི་འཕར་ཚད་ནི་དེ་འདྲའི་མཐོ་རྒྱུ་མེད།  རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་ལ་གཞིགས་ནས་རྩིས་བརྒྱབ་ན་ཟླ་རེར་མི་རེར་སྒོར ༣༠༠ རེ་འཕར་ངེས་རེད།  དེ་མ་ཟད།  གཞི་རྩའི་གླ་ཕོགས་ནི་རྒྱལ་ཡོངས་གཅིག་གྱུར་ཡིན་ལ་འོན་ཀྱང་རྒན་གསོའི་ཉེན་སྲུང་གི་མི་སྒེར་གྱི་སྤྲོད་དངུལ་ནི་ས་གནས་སོ་སོའི་གླ་ཕོགས་ཀྱི་མཐོ་དམར་གཞིགས་ནས་མི་འདྲ་བ་ཡིན།  གླ་ཕོགས་ཀྱི་ཆུ་ཚད་ཅུང་མཐོ་བའི་ས་ཁུལ་ཁག་གི་མི་སྣ་འགའ་ཤས་ལ་མཚོན་ན་ཐེངས་འདིར་འཕར་བའི་གླ་ཕོགས་ཀྱིས་མི་སྒར་གྱི་སྤྲོད་དངུལ་བསལ་ཐུབ་ཀྱིན་མེད་པ་མ་ཟད་ཡོང་སྒོ་མར་བཅག་ཡོང་བའང་བྱུང་སྲིད།

ཀྲུང་གོའི་མི་དམངས་སློབ་ཆེན་གྱི་སྤྱི་པའི་དོ་དམ་སློབ་གླིང་གི་སྒྲིག་འཛུགས་དང་མི་ཤུགས་ཐོན་ཁུངས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ལི་ཞིས་བསྟན་དོན།  གཞུང་ཞབས་པའི་གཞི་རྩའི་གླ་ཕོགས་ནི་གླ་ཕོགས་ཀྱི་ཆ་ཤས་གཅིག་ཡིན།  དོན་དངོས་ཐོག་ད་རུང་ས་གནས་ནོར་སྲིད་ཡོང་སྒོས་སྤྲོད་བཞིན་པའི་ས་གནས་རང་བཞིན་གྱི་ཁ་སྣོན་ཡང་ཡོད།   གླ་ཕོགས་ཀྱི་ཆ་ཤས་འདི་ནི་རྒྱལ་ཡོངས་ཀྱི་ས་གནས་ཁག་བར་ཁྱད་པར་ཆེན་པོ་ཡོད་སྲིད།  ཐེངས་འདིའི་བཅོས་སྒྱུར་ཁྲོད་དུ་ཀྲུང་དབྱང་ལ་བསམ་བློ་གཏོང་ཕྱོགས་ཅིག་ཡོད་པ་ནི་ས་གནས་རང་བཞིན་གྱི་ཁ་སྣོན་གྱི་སྤྲོད་དངུལ་ལ་ལེགས་བཅོས་བྱས་ནས་མ་འོང་པར་ཚོད་འཛིན་དང་མཐའ་ན་ས་གནས་རང་བཞིན་གྱི་ཁ་སྣོན་ཇེ་ཉུང་དུ་བཏང་ནས་སྔོན་ཆད་ས་གནས་རང་བཞིན་གྱི་མིང་ཐོག་ནས་སྤྲོད་པའི་ཁ་སྣོན་དེ་རིམ་གྱིས་གླ་ཕོགས་ནང་དུ་འཇུག་རྒྱུ་དེ་རེད།

ད་ལོའི་ལོ་མགོར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ངལ་རྩོལ་གླ་ཕོགས་ཁང་གིས་སྤེལ་བའིགླ་ཕོགས་འཕེལ་རྒྱས་སྙན་ཞུ༢༠༡༣-༢༠༡༤ )》 ཞེས་པའི་ནང་གསལ་དོན།  རྒྱལ་ཡོངས་ཀྱི་ས་གནས་ཁག་རིམ་གྲས་བཞི་རུ་བགོས་ཆོག་སྟེ།   གླ་ཕོགས་ཀྱི་ཆུ་ཚད་ཆེས་མཐོ་ཤོས་ཀྱི་རིམ་གྲས་དང་པོ་ནི་པེ་ཅིན་དང་ཧྲང་ཧེ་ཡིན་ལ།  བོད་ལྗོངས་ཀྱི་གླ་ཕོགས་རིམ་གྲས་གཉིས་པར་གཏོགས།  ཉེ་བའི་ལོ་འགའི་རིང་གླ་ཕོགས་ཀྱི་འཕར་ཚད་དལ་བའི་ཞིང་ཆེན་ཁྲོད་དུའང་བོད་ལྗོངས་ཚུད་ཡོད། 

སྡོམ་རྩིས་བྱས་པ་ལྟར་ན།  ༢༠༡༣ ལོར་བོད་ལྗོངས་ཀྱི་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་བྱེད་མི་སྣའི་ཆ་སྙོམས་ཀྱི་གླ་ཕོགས་ནི་སྒོར ༥༦༤༣ ཡིན་ལ།   ན་ནིང་གི་ལོ་མཇུག་ལ་བོད་ལྗོངས་ཀྱི་ད་ལྟར་ལག་བསྟར་བྱེད་བཞིན་པའི་ཆེས་དམའ་བའི་གླ་ཕོགས་ཀྱི་ཆུ་ཚད་སྒོར ༡༢༠༠ དང ༡༡༥༠ ནས་ཟླ་རེར་སྒོར ༡༤༠༠ སྤར།  དུས་ཚོད་རེའི་ཆེས་དམའ་བའི་གླ་ཕོགས་ད་ལྟར་ལག་བསྟར་བྱེད་བཞིན་པའི་སྒོར ༡༡ དང ༡༠༥ ནས ༡༣ དུ་སྤར།  ༢༠༠༤ ལོར་ཆེས་དམའ་བའི་གླ་ཕོགས་ལམ་ལུགས་བཙུགས་པ་ནས་བཟུང་བོད་ལྗོངས་ཀྱིས་ཐེངས་བཞི་ལ་ཆེས་དམའ་བའི་གླ་ཕོགས་ལ་སྙོམས་སྒྲིག་བྱས། 

ལི་ཀྲུང་གིས་ངོ་སྤྲོད་གནང་དོན།  ཀྲུང་གོའི་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་བྱེ་བ ༤ ལ་ཉེ་བའི་ལས་སྒྲུབ་མི་སྣའི་ཁྲོད་དུ་ས་ཡ ༨ ལ་ཉེ་བ་ཞིག་གིས་ཤང་དང་གྲོང་རྡལ་དུ་བྱ་བ་སྒྲུབ་བཞིན་ཡོད།  ཁོ་ཚོས་དུས་ཡུན་རིང་བོའི་ནང་གཞི་རིམ་དུ་ཆ་རྐྱེན་ཞན་ལ་གླ་ཕོགས་དམའ་བའི་ངང་བྱ་བ་སྒྲུབ་བཞིན་ཡོད།  ཀྲུང་དབྱང་གི་གཞི་རིམ་གྱི་ལས་བྱེད་པའི་རུ་ཁག་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས་པའི་རེ་འདུན་དོན་འཁྱོལ་དང་།  གཞི་རིམ་གྱི་ལས་བྱེད་པའི་རུ་ཁག་གཏན་འཇགས་དང་གཞི་རིམ་དུ་བྱ་བ་སྒྲུབ་པར་འགྲོ་བར་སྐུལ་བ་བཅས་ཀྱི་ཆེད་དུ་མ་འོངས་པར་ཤང་དང་གྲོང་རྡལ་གྱི་བྱ་བར་གླ་ཕོགས་ཁ་སྣོན་གྱི་ལམ་ལུགས་བཙུགས་ནས། ཤང་དང་གྲོང་རྡལ་གྱི་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་སྒྲུབ་མི་སྣའི་གླ་ཕོགས་འོས་འཚམ་ངང་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བརྗོད་བྱུང་། 

ཁ་བྱང་ཕྱི་མོ། ཟླ་རྗེས་མར་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་གླ་ཕོགས་སྤར་ན་བོད་ལྗོངས་ཀྱི་གླ་ཕོགས་འཕར་རམ།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070