སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སློབ་གསོ་པུས་ལོ་ཧྲིལ་བོའི་ནང་མཐོ་རིམ་སློབ་གྲྭ་སོགས་སུ་སྐོར་ཞིབ་ཚན་ཆུང ༢༠ ལྷག་མངགས་གཏོང་བྱ་རྩིས་འདུག
སྤེལ་དུས། 2015-04-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་ཤིས་མཚོ།
  ཟླ ༤ བའི་ཚེས་ ༢༨ ཉིན། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ ༢༠༡༥ ལོའི་སློབ་གསོ་པུའུ་ཏང་ཁག་རྩ་འཛུགས་ཏང་སྲོལསྲིད་དོན་གཙང་སྐྱོང་འཛུགས་སྐྲུན་གྱི་བྱ་བའི་ནང་དོན་གཙོ་བོ་ཁྱབ་བསྒྲགས་བྱས། སློབ་གསོ་པུའུ་ཡིས་སྐོར་ཞིབ་ཀྱི་ཐེངས་གྲངས་མང་དུ་གཏོང་བ་དང་། སྐོར་ཞིབ་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་མཐོ་རིམ་སློབ་གྲྭ་སོགས་སུ་སྐོར་ཞིབ་ཚན་ཆུང ༢༠ ལྷག་མངགས་གཏོང་བྱ་རྩིས་ཡོད་པ་རེད།
  གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། སློབ་གསོ་པུའུ་ཡིས་ལས་བྱེད་པར་ལྟ་སྐུལ་བྱེད་པའི་ཐད་དུ། མཐོ་རིམ་སློབ་གྲྭའི་མགོ་ཁྲིད་མི་སྣར་གནས་སྐབས་སུ་ལག་ཏུ་བསྟར་བའི་དོ་དམ་ལམ་ལུགས་ཤིག་གཏན་འབེབ་བྱ་རྩིས་ཡོད་པ་དང་། ལས་བྱེད་མགོ་ཁྲིད་པར་དྲན་སྐུལ་བ་དང་སྐད་ཆ་འདྲི་བ། ཁ་ཏ་སློབ་གསོ་བྱེད་པ་བཅས་ཀྱི་ཐབས་ལམ་སྣ་ཚོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས། དགོས་མཁོ་ལྟར་ལས་བྱེད་མགོ་ཁྲིད་མི་སྒེར་གྱི་དོན་ཚན་ཡར་ཞུའི་གནས་ཚུལ་ལ་ཟུར་བཤེར་དང་ཞིབ་བསྡུར་བྱེད་དགོས་པ་དང་། ཁྱད་པར་དུ་ལས་བྱེད་མགོ་ཁྲིད་གནས་སྤར་རྩིས་ཅན་དང་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་པ། མིག་སྔར་གྱི་ལས་གནས་གལ་ཆེན་དག་ལ་ལས་བྱེད་མི་སྣ་བསྐོ་བཞག་བྱ་དགོས་པའི་ལས་བྱེད་མགོ་ཁྲིད་མི་སྣའི་སྒེར་གྱི་དོན་ཚན་ཡར་ཞུའི་གནས་ཚུལ་ལ་ཞིབ་བཤེར་ནན་གྱིས་བྱ་དགོས། དུས་མཚུངས་སུ། ཕྱོགས་ཡོངས་ནས་ལས་བྱེད་མགོ་ཁྲིད་པས་ཞོར་དུ་གཉེར་བཞིན་པའི་ལས་གནས་ཏེ་ཡིག་རིས་དང་སྒྱུ་རྩལ་སོགས་མཐུན་ཚོགས་ཀྱི་ལས་གནས་སོགས་གཙང་སེལ་བྱ་དགོས།
   དེ་ལས་གཞན། སློབ་གསོ་པུའུ་ཡིས་སྐོར་ཞིབ་ཀྱི་ཐེངས་གྲངས་མང་དུ་གཏོང་བ་དང་། སྐོར་ཞིབ་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་མཐོ་རིམ་སློབ་གྲྭ་སོགས་སུ་སྐོར་ཞིབ་ཚན་ཆུང་༢༠ ལྷག་མངགས་གཏོང་བྱ་རྩིས་འདུག་པ་དང་། རྒྱུན་སྲོལ་སྐོར་ཞིབ་དང་ཆེད་དམིགས་སྐོར་ཞིབ་གཉིས་ཀྱི་ཐབས་ལམ་ཟུང་འབྲེལ་བྱས་ནས་ཐད་གཏོགས་མཐོ་རིམ་སློབ་གྲྭ་དང་། ཐད་གཏོགས་ལས་ཁུངས་དང་ཕྱི་སྡོད་སློབ་གསོ་སྒྲིག་གཞི་སོགས་ཡོངས་སུ་ཁེབས་པར་བརྩོན་ལེན་་བྱ་དགོས།
   གཞན་ཡང་བྱ་བའི་ནང་དོན་གཙོ་བོར་བསྟན་དོན། ཕྱོགས་ཡོངས་ནས་དོན་གྲོས་སྙོམས་སྒྲིག་སྡེ་ཁག་མེད་པར་གཏོང་བ་དང་། རྩ་དོན་གྱི་སྟེང་ནས་སྒྲིག་ཨུ་ཧྲུའུ་ཅིས་དོ་དམ་ལྟ་སྐུལ་གྱི་བྱ་བ་ལས་གཞན་པའི་འགན་འཁུར་མི་ཆོག་པ་རེད། དེ་ལས་གཞན་ད་དུང་ཐད་གཏོགས་མཐོ་རིམ་སློབ་གྲྭ་དང་། ཐད་གཏོགས་ལས་ཁུངས་བཅས་ནས་སྒྲིག་ཨུ་ཧྲུའུ་ཅི་དང་སྒྲིག་ཨུ་ཧྲུའུ་ཅི་གཞོན་པར་མིང་ཐོ་བཏོན་ནས་ཞིབ་བཤེར་བྱེད་པའི་ཐབས་ལམ་ཡང་ཞིབ་འཇུག་གཏན་འབེབ་བྱ་རྩིས་འདུག དེ་ལས་སྒྲིག་ཨུ་ཧྲུའུ་ཅིའི་ལས་གནས་བརྗེ་རེས་ལམ་ལུགས་སྐུལ་འདེད་བྱས་ནས། ས་གནས་གཅིག་པའི་སློབ་གྲྭའི་བར་གྱི་ལས་གནས་བརྗེ་རེས་ཐད་ལ་ཤུགས་སྣོན་རྒྱག་དགོས་སོ།།
    ཁ་བྱང་ཕྱི་མོ། སློབ་གསོ་པུས་ལོ་ཧྲིལ་བོའི་ནང་མཐོ་རིམ་སློབ་གྲྭ་སོགས་སུ་སྐོར་ཞིབ་ཚན་ཆུང ༢༠ ལྷག་མངགས་གཏོང་བྱ་རྩིས་འདུག
(རྩོམ་འགན་པ། ལྷ་དབང)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070