སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མི་ལི་རྫོང་གི་བོད་ཀྱི་དགེ་རྒན་ཝང་ཕེན་ཁྲུའུ་ལ“ཀྲུང་གོའི་ན་གཞོན་པའི་ལྔ་བཞིའི་བྱ་དགའ”ཐོབ་ཡོད།
སྤེལ་དུས། 2015-05-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དཔལ་མགོན་སྐྱབས།
  ལྔ་བཞིའི་ན་གཞོན་དུས་སྟོན་སླེབས་ལ་ཉེ་བའི་སྐབས་སུ། སྐབས་བཅོ་བརྒྱད་པའི་“སི་ཁྲོན་གྱི་ན་གཞོན་པའི་ལྔ་བཞིའི་བྱ་དགའ”དཔྱད་འདེམས་ལས་དོན་མཇུག་རྫོགས། གུང་གཞོན་ཚོགས་པའི་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་། སི་ཁྲོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ཚོགས་པ་གཉིས་ཀྱིས། ལེའུ་ཏུང་ཧྥུང་དང་བཅས་བློ་མཐུན་དགུ་ལ“སི་ཁྲོན་གྱི་ན་གཞོན་པའི་ལྔ་བཞིའི་བྱ་དགའ”གནང་རྒྱུ་དང་། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་མྱུར་བརྟག་ཁང་སོགས་ན་གཞོན་ཚོགས་པ་གཉིས་ལ“སི་ཁྲོན་གྱི་ན་གཞོན་ཚོགས་པའི་ལྔ་བཞིའི་བྱ་དགའ”གནང་རྒྱུ་བཅས་གཏན་ཁེལ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོས་དཔེ་བཟང་མི་སྣ་དེ་དག་ལ་སློབ་སྦྱོང་བྱེད་དགོས་པར་སྐུལ་མ་བྱས་ཡོད།
   “སི་ཁྲོན་གྱི་ན་གཞོན་པའི་ལྔ་བཞིའི་བྱ་དགའ”ནི་སི་ཁྲོན་གྱི་ན་གཞོན་ཚོགས་པའི་གཟེངས་རྟགས་ཆེས་ཚད་རིམ་མཐོན་པོ་དེ་ཡིན། ད་ལོའི་ཟླ་གསུམ་པར། གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་ན་གཞོན་མཉམ་འབྲེལ་ཚོགས་པས“བརྩོན་པ་ཅན་གྱི་ན་གཞོན་ཆེས་མིག་ཏུ་མཛེས”ཞེས་པ་བརྗོད་བྱ་གཙོ་བོ་བྱས་ཏེ། ཞིང་ཆེན་ཡོངས་ནས་སྐབས་བཅོ་བརྒྱད་པའི“སི་ཁྲོན་གྱི་ན་གཞོན་པའི་ལྔ་བཞིའི་བྱ་དགའ”ཡི་དཔྱད་འདེམས་བྱ་འགུལ་སྤེལ། དཔྱད་འདེམས་ཆ་རྐྱེན་དང་བསྟུན་ནས། ས་གནས་སོ་སོའི་ལས་ཁུངས་མི་འདྲ་བ་དང་མི་སྒེར་གྱིས་འོས་སྦྱོར་བྱས་པའི་ཕུལ་བྱུང་ན་གཞོན་བསྡོམས་པས་མི ༡༡༢ དཔྱད་འདེམས་སུ་ཞུགས་ཡོད། བྱ་དགའ་ཐོབ་མཁན་གྱི་མི་སྒེར་དང་ལས་ཁུངས་ཚང་མ་ནི། མཛད་རྗེས་འགྲེམ་སྟོན་དང་མང་ཚོགས་ཀྱིས་དཔྱད་འདེམས་བྱེད་པ། ཆེད་མཁས་པས་དཔྱད་འདེམས་བྱེད་པ་སོགས་རིམ་པ་མིང་པོ་བརྒྱུད་ནས་འདེམས་ཐོན་བྱུང་བ་རེད། སྐབས་སྔོན་མ་དང་བསྡུར་ན། ད་ལོ་ནི་ཐོག་དང་པོར་མང་ཚོགས་ཀྱིས་དཔྱད་འདེམས་བྱེད་པའི་རིམ་པ་འདི་ཁ་སྣོན་བྱས་ཡོད་པ་རེད།
   ད་ལོར་མུ་མཐུད་དུ་དཔྱད་འདེམས་བྱ་ཡུལ་གཙོ་བོ་གཞི་རིམ་ལ་ཕྱོགས་ཡོད། བྱ་དགའ་ཐོབ་མཁན་གྱི་ནང་དུ། གཞི་རིམ་གྱི་བཟོ་བ་དང་ལུས་རྩལ་པ། དང་བླངས་པ་བཅས་ཡོད་པ་མ་ཟད། ད་དུང་དཀའ་སྤྱད་སྡུག་རུས་ཐུབ་པའི་ལས་རིགས་གསར་གཏོད་མཁན་གྱི་གདུང་ལེན་པ་བཅས་སོགས་ཡོད།
   ཟླ ༥ ཚེས ༣ ཉིན། སྐབས་བཅུ་དགུ་བའི“སི་ཁྲོན་གྱི་ན་གཞོན་པའི་ལྔ་བཞིའི་བྱ་དགའི”་དཔྱད་འདེམས་མཇུག་འབྲས་སྤྱི་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ཀྱི་མི ༢༥ ལ “ཀྲུང་གོའི་ན་གཞོན་པའི་ལྔ་བཞིའི་བྱ་དགའ”གནང་། དེ་དག་ཁྲོད་དུ་སི་ཁྲོན་ཞིང་ཆེན་མི་ལི་བོད་རིགས་རང་སྐྱོང་རྫོང་ཨུ་ཡྭ་ན་ཞི་ཡུལ་ཚོའི་ལོ་དགུའི་འགན་བབ་སློབ་གྲྭའི་སློབ་གཙོ། སློབ་འབྲིང་གི་མཐོ་རིམ་དགེ་རྒན་ཝང་ཕེན་ཁྲུའུ་ཡོད་པ་རེད།
   ༢༠༡༢ ལོའི་ཡར་སྔོན་དུ། ཝང་ཕེན་ཁྲུའུ་ཡི་ལས་ཀ་སྒྲུབ་སའི་ས་གནས་སུ་གཞུང་ལམ་ཤར་གཏོང་བྱུང་མེད་པས། ཡུལ་ཚོ་ནས་རྫོང་མཁར་དུ་འགྲོ་སྐབས་རྟ་ཞོན་ནས་འགྲོ་དགོས་པ་དང་། ཕར་འགྲོ་ཚུར་འོང་གི་ལམ་བར་ནས་ཉིན ༡༠ ལྷག་འགོར། སྐབས་དེར་ཡུལ་ཚོ་དེའི་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་མཁན་གྱི་སློབ་མ་དང་པོ་ཡིན་པས་ཆ་ནས། ཝང་ཕེན་ཁྲུའུ་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས། ལོ་བཅུ་དགུའི་རིང་དུ་སློབ་གསོའི་བྱ་བ་གཉེར་བ་རེད། ཁོ་རང་ཁྱིམ་ཚང་རེ་རེ་བཞིན་སོང་ནས་བུ་ཕྲུག་སློབ་གྲྭར་སྐྱེལ་དགོས་པ་སྐུལ་མ་བྱས་ཤིང་། སློབ་མ་དཀའ་ངལ་ཅན་ལ་སློབ་ཡོན་རོགས་སྐྱོར་བྱས། མ་དངུལ་བཙལ་ནས་སློབ་སྒྲུབ་སྒྲིག་ཆས་དང་དགེ་སློབ་ཀྱི་འཚོ་བ་ཇེ་ལེགས་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས། སློབ་གྲྭ་དེའི་སློབ་མའི་གྲངས་ཀ་ལྡབ་ཁ་ཤས་ཇེ་མང་བཏང་ཡོད། ཁོང་གི་ཤུགས་རྐྱེན་འོག་ཏུ། སློབ་གྲྭ་དེའི་སློབ་མ་མང་པོ་ཞིག་སློབ་ཆེན་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་སློབ་གསོའི་བྱ་བ་གཉེར་བཞིན་ཡོད་པ་རེད།
   ཁ་བྱང་ཕྱི་མོ། མི་ལི་རྫོང་གི་བོད་ཀྱི་དགེ་རྒན་ཝང་ཕེན་ཁྲུའུ་ལ“ཀྲུང་གོའི་ན་གཞོན་པའི་ལྔ་བཞིའི་བྱ་དགའ”ཐོབ་ཡོད།
(རྩོམ་འགན་པ། ལྷ་དབང)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070